གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
  • ༄༅།། རྒྱལ་ སྲིད་ སྤྱི་ ཁྱབ་ ཁང་ གསར་ འགྱུར་ གཞུང་ དོན་ ཁང་ གིས་ བོད་ འཕེལ་ རྒྱས་ འགྲོ་ ལམ་ གྱི་ ལོ་ རྒྱུས་ གདམ་ ཞེས་ པའི་ རྒྱབ་ ཤ་ དཀར་ པོའི་ དེབ་ བཏོན་ པ།

 
2015-04-17        གསར་འགྱུར་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།        འགན་འཁུར་རྩོམ་སྒྲིག་པ། བསྟན་ཉི།

    ཚེས་15ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིསབོད་འཕེལ་རྒྱས་འགྲོ་ལམ་གྱི་ལོ་རྒྱུས་གདམ་གཞེས་པའི་རྒྱབ་ཤ་དཀར་པོའི་དེབ་བཏོན་ནས་བོད་འཕེལ་རྒྱས་ཀྱི་ལོ་རྒྱུས་གྲུབ་འབྲས་ངོ་སྤྲོད་བྱས་པ་དང་བོད་འཕེལ་རྒྱས་ཀྱི་འགྲོ་ལམ་ནི་ལོ་རྒྱུས་ཀྱི་ལྡོག་མེད་གདམ་ག་ཡིན་པའི་ཆོད་གཏམ་གལ་ཆེན་ལ་ཁྱོན་ཡོངས་ནས་རྒྱས་བཤད་བྱས་པ་རེད།

    རྒྱབ་ཤ་དཀར་པོའི་དེབ་ལ་ཁྱོན་བསྡོམས་ཡིག་འབྲུ་ཁྲི་2.7ཙམ་ཡོད་པའི་ནང་གྲངས་གཞི་དང་དོན་དངོས་འབོར་ཆེན་དྲངས་ཏེ་ཕྱོགས་ལྔའི་ཐད་ནས་བོད་འཕེལ་རྒྱས་འགྲོ་ལམ་གྱི་ལོ་རྒྱུས་གདམ་ག་ངོ་སྤྲོད་བྱས་པའི་ནང་ལམ་ལུགས་རྙིང་པ་བོད་ཀྱི་ལོ་རྒྱུས་ཀྱི་གར་སྟེགས་ནས་ཕྱིར་འཐེན་བྱས་པ་དེ་ལྡོག་ཏུ་མེད་པ་དང་། བོད་གསར་པས་འཕེལ་རྒྱས་ཀྱི་འགྲོ་ལམ་ཡང་དག་ཐོག་བསྐྱོད་པ།“དབུ་མའི་ལམ”གྱི་དོན་དམ་ནི་ཀྲུང་གོ་ཁ་ཕྲལ་གཏོང་རྒྱུ་དེ་ཡིན་པ།“ཞི་བ”དང“འཚེ་མེད”ཀྱི་སྣང་ཚུལ་ལྟར་སྣང་། ཀྲུང་དབྱང་སྲིད་གཞུང་གིས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པར་འཛིན་པའི་སྲིད་ཇུས་བཅས་ཚུད་ཡོད།

    རྒྱབ་ཤ་དཀར་པོའི་དེབ་ནང་བོད་ནི་གནའ་སྔ་མོ་ནས་བཟུང་ཀྲུང་གོའི་ཆ་ཤས་ཤིག་ཡིན་པ་དང་བོད་རིགས་ནི་ཀྲུང་ཧྭ་མི་རིགས་ཀྱི་ལས་དབང་ཐུན་མོང་འདུས་གྲུབ་ཀྱི་ཁོངས་མི་ཞིག་རེད། བོད་ཀྱི་ལས་དབང་དེ་སྔ་ཕྱི་བར་གསུམ་དུ་རླབས་ཆེན་མེས་རྒྱལ་དང་ཀྲུང་ཧྭ་མི་རིགས་ཀྱི་ལས་དབང་དང་དམ་པོར་སྦྲེལ་ཡོད། བོད་འདི་ཉིད་དེང་རབས་ཤེས་དཔལ་ཕྱོགས་སུ་དངོས་འབྲེལ་སྐྱོད་པ་དེ་ནི་1949ལོར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པའི་རྗེས་ནས་འགོ་ཚུགས་པ་ཞིག་རེད། ཞི་བས་བཅིངས་འགྲོལ་དང་། དམངས་གཙོའི་བཅོས་སྒྱུར། རང་སྐྱོང་ལྗོངས་དབུ་བརྙེས་པ། སྒྱུར་བཅོས་སྒོ་དབྱེ་སོགས་འཕེལ་རྒྱས་ཀྱི་དུས་མཚམས་གལ་ཆེན་བརྒྱུད་སྟབས་བོད་དུ་སྤྱི་ཚོགས་ཀྱི་ལམ་ལུགས་གསར་རྐྱང་བཙུགས་པ་མ་ཟད་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་བསྐྱོད་ཡོད།  བོད་འདི་ཉིད་ད་ཆའི་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་སྐྱོད་པ་དེ་ནི་དེང་རབས་ཤེས་དཔལ་དང་འཕེལ་རྒྱས་ཀྱི་དངོས་ཡོད་ཀྱི་རེ་བ་ཞིག་ཡིན་པ་དེ་མིའི་རིགས་ཀྱི་སྤྱི་ཚོགས་ཡར་ཐོན་གྱི་རླབས་རྒྱུན་དང་མཐུན་པ་དང་། ཀྲུང་གོའི་གནས་ཚུལ་དང་འཕེལ་རྒྱས་ཀྱི་དོན་དངོས་དང་མཐུན་པ། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་པ་བཅས་རེད་ཅེས་འཁོད་ཡོད།

    རྒྱབ་ཤ་དཀར་པོའི་དེབ་ནང་བོད་ཀྱི་འཕེལ་རྒྱས་འགྲོ་ལམ་ནི་ལོ་རྒྱུས་ཀྱི་གདམ་ག་དང་མི་དམངས་ཀྱི་གདམ་ག་ཞིག་རེད། མཐུན་སྒྲིལ་མཐའ་འཁྱོངས་དང་ཁ་ཕྲལ་ལ་ངོ་རྒོལ་དང་། ཡར་ཐོན་མཐའ་འཁྱོངས་དང་ཕྱིར་བཤོལ་ལ་ངོ་རྒོལ། བརྟན་ལྷིང་མཐའ་འཁྱོངས་དང་ཟང་ཟིང་ལ་ངོ་རྒོལ་བཅས་བྱས་ཚེ་བོད་ལ་གཞི་ནས་འོད་སྟོང་འཕྲོ་བའི་མདུན་ལམ་ལྡན་ཐུབ། མི་སུ་ཞིག་དང་སྟོབས་ཤུགས་གང་ཞིག་གིས་ལོ་རྒྱུས་ཀྱི་རླབས་རྒྱུན་ལས་ལྡོག་སྟེ་བྱེད་སྤྱོད་སྤེལ་ཚེ་དེའི་མཇུག་འབྲས་ནི་ལོ་རྒྱུས་དང་མི་དམངས་ཀྱིས་འདོར་རྒྱུ་ལས་མ་འདས་པ་ལག་ལེན་ཐོག་ནས་ར་སྤྲོད་བྱུང་ཡོད་ཅེས་བསྟན་ཡོད།

    རྒྱབ་ཤ་དཀར་པོའི་དེབ་ནང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱིས་འུད་སྒྲོག་བྱེད་པའི“དབུ་མའི་ལམ”གྱིས“བོད་རང་བཙན”བྱ་རྒྱུ་དེ་ཆབ་སྲིད་ཀྱི་དམིགས་ཡུལ་ལ་བརྩི་བ་དང་ཀྲུང་གོའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་བོད་ཀྱི་དོན་དངོས་དང་རྒྱབ་འགལ་བྱས་པ་དང་ཀྲུང་གོའི་རྩ་ཁྲིམས་དང་ཀྲུང་གོའི་རྒྱལ་ཁབ་ཀྱི་ལམ་ལུགས་དང་རྒྱབ་འགལ་བྱས་ཡོད། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱིས་བོད་ནི་གནའ་སྔ་མོ་ནས་བཟུང་ཀྲུང་གོའི་ཆ་ཤས་ཤིག་ཡིན་པ་ཁས་ལེན་དང་།“བོད་རང་བཙན”གྱི་འདོད་ཚུལ་དོར་བ། ཀྲུང་གོ་ཁ་ཕྲལ་གཏོང་བའི་བྱེད་སྤྱོད་སྤེལ་མཚམས་འཇོག་པ། རྒྱལ་ཁབ་དང་བོད་ལ་ཕན་འདོགས་པའི་བྱ་བ་ཁག་གཅིག་སྒྲུབ་པ་བཅས་བྱས་ཚེ་གཞི་ནས་མདུན་ལམ་ལྡན་ཡོད་ཅེས་བསྟན་ཡོད།

    རྒྱབ་ཤ་དཀར་པོའི་དེབ་ནང་བོད་ཀྱི་འབྱུང་འགྱུར་བོད་མི་དམངས་ཡོངས་ལ་དབང་བ་དང་ཀྲུང་ཧྭ་མི་རིགས་ལ་དབང་ཞིང་བོད་ཀྱི་འབྱུང་འགྱུར་དེ་བས་མཛེས་སྡུག་ལྡན་པར་འགྱུར་རྒྱུ་རེད། འབྱུང་འགྱུར་གྱི་ལོ་ཟླའི་ནང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་མེས་རྒྱལ་ཁྱིམ་ཚང་ཆེ་མོའི་མི་རིགས་ཁག་གི་མི་དམངས་དང་མཉམ་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་བརྒྱུད་མུ་མཐུད་མདུན་སྐྱོད་བྱས་ནས་མཐུན་སྒྲིལ་དང་། དམངས་གཙོ། འབྱོར་ཕྱུག ཤེས་དཔལ། ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་འཛུགས་སྐྲུན་བྱ་ཆེད་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་འབད་འཐབ་ལྷོད་མེད་བྱ་རྒྱུ་རེད་ཅེས་བསྟན་ཡོད། 

མཛའ་འབྲེལ་དྲ་བ།
010020070840000000000000011100001341593151