གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
༄༅།། བོད་ འཕེལ་ རྒྱས་ འགྲོ་ ལམ་ གྱི་ ལོ་ རྒྱུས་ གདམ་ ཞེས་ པའི་ རྒྱབ་ ཤ་ དཀར་ པོའི་ དེབ་ ཀྱི་ གནད་ བསྡུས།
2015-04-17     གསར་འགྱུར་འབྱུང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།       འགན་འཁུར་རྩོམ་སྒྲིག་པ། བསྟན་ཉི།

    བོད་འདི་ཉིད་གནའ་སྔ་མོ་ནས་ཀྲུང་གོའི་ཆ་ཤས་ཤིག་ཡིན་པ།

    རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་ཚེས་15ཉིན་བཏོན་པའིབོད་འཕེལ་རྒྱས་འགྲོ་ལམ་གྱི་ལོ་རྒྱུས་གདམ་གཞེས་པའི་རྒྱབ་ཤ་དཀར་པོའི་དེབ་ནང་བོད་འདི་ཉིད་གནའ་སྔ་མོ་ནས་ཀྲུང་གོའི་ཆ་ཤས་ཤིག་ཡིན་པ་ལས་རང་བཙན་རྒྱལ་ཁབ་ཅིག་གཏན་ནས་མ་རེད་ཅེས་འཁོད་ཡོད་པ་རེད།

     རྒྱབ་ཤ་དཀར་པོའི་དེབ་ནང་བོད་འདི་ཉིད་གནའ་སྔ་མོ་ནས་ཀྲུང་གོའི་ཆ་ཤས་ཤིག་ཡིན་པ་དང་། བོད་རིགས་ནི་ཀྲུང་གོའི་མངའ་ཁོངས་ནང་ལོ་རྒྱུས་ཡུན་རིང་ལྡན་པའི་མི་རིགས་ཀྱི་གྲས་ཤིག་ཡིན་ཞིང་། ཀྲུང་ཧྭ་མི་རིགས་ཀྱི་ལས་དབང་གཅིག་གྱུར་འདུས་གྲུབ་ཆགས་པ་དང་འཕེལ་རྒྱས་གཏོང་བར་ལེགས་སྐྱེས་ཕུལ་ཡོད། གནའ་རྫས་རྟོག་ཞིབ་དང་ལོ་རྒྱུས་ལ་ཞིབ་འཇུག་འབོར་ཆེན་བྱས་པ་ལས་ཀྲུང་གོའི་མངའ་ཁོངས་ནང་བོད་རིགས་དང་རྒྱ་རིགས་དང་མི་རིགས་གཞན་དག་དབར་གནའ་སྔ་མོ་ནས་ཁྲག་རྒྱུད་དང་། སྐད། རིག་གནས་སོགས་ཐད་འབྲེལ་བ་དམ་ཟབ་ཡོད་པ་དང་། བོད་ས་གནས་དང་ཀྲུང་གོའི་ནང་སའི་དབར་ཡུན་རིང་གི་ལོ་རྒྱུས་འཕེལ་རྒྱས་ཁྲོད་དཔལ་འབྱོར་དང་། ཆབ་སྲིད། རིག་གནས་བཅས་ཀྱི་འགྲོ་འོང་གཏན་ནས་ཆད་མྱོང་མེད་ཅེས་བསྟན་པ་རེད།

     རྒྱབ་ཤ་དཀར་པོའི་དེབ་ནང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་རྗེས་རྒྱལ་ཡོངས་བཅད་བཟུང་གི་རྣམ་པ་མཇུག་འགྲིལ་ནས་ལོ་རྒྱུས་ཀྱི་ཆ་རྐྱེན་གསར་པའི་འོག་རྒྱལ་ཁབ་གཅིག་གྱུར་མངོན་འགྱུར་བྱ་རྒྱུ་དེ་ལོ་རྒྱུས་འཕེལ་རྒྱས་ཀྱི་ལྡོག་མེད་ཅིག་ཏུ་གྱུར་ཡོད། ཀྲུང་དབྱང་སྲིད་གཞུང་དང་དེ་སྔའི་བོད་ས་གནས་སྲིད་གཞུང་དབར་བཞག་པའིགྲོས་མཐུན་དོན་ཚན་བཅུ་བདུནདེ་ནི་བོད་འདི་ཉིད་ཀྲུང་གོའི་ཆ་ཤས་ཤིག་ཡིན་པའི་ལོ་རྒྱུས་ཀྱི་དོན་དངོས་ལ་བརྩི་འཇོག་དང་ཁས་ལེན་བྱས་པའི་རྨང་གཞིའི་ཐོག་ཐོན་པའི་རྒྱལ་ནང་གི་སྡོམ་ཁྲིམས་ཤིག་རེད། ཞི་བས་བཅིངས་འགྲོལ་བཏང་རྗེས་བོད་འདི་ཉིད་རིམ་བཞིན་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་བསྐྱོད་དེ་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་མཉམ་དུ་རྒྱལ་ཁབ་འཕེལ་རྒྱས་དང་ཡར་ཐོན་ལ་ཐུན་མོང་ཐོག་སྐུལ་འདེད་བཏང་ཡོད་ཅེས་བཤད་པ་རེད།

     རྒྱབ་ཤ་དཀར་པོའི་དེབ་ནང་དེང་དུས་འཛམ་གླིང་དུ་རྒྱལ་ཁབ་ཁག་གིས་བོད་འདི་ཉིད་ཀྲུང་གོའི་ཆ་ཤས་ཡིན་པ་ཡོངས་ཁྱབ་ངང་ཁས་ལེན་བྱེད་པ་དང“བོད་རང་བཙན”ཁས་ལེན་བྱེད་མཁན་རྒྱལ་ཁབ་གཅིག་ཀྱང་མེད་ལ་བོད་ཀྱི“ཆབ་སྲིད་གནས་བབ”ཀྱི་གནད་དོན་རྩ་བ་ནས་མེད། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་1959ལོར་ཞིང་བྲན་ལམ་ལུགས་རྩ་མེད་གཏོང་བའི་སྒྱུར་བཅོས་བཀག་འགོག་བྱས་པའི་རྐྱེན་གྱིས་ཕྱི་རྒྱལ་དུ་ངོ་ལོག་བྲོས་བྱོལ་བྱས་ཤིང་། བོད་ཀྱི་མི་དམངས་ཀྱི་ཚབ་བྱེད་དབང་གཏན་ནས་མེད་པ་དང་། བོད་ཀྱི་མདུན་ལམ་དང་ལས་དབང་གཏན་འཁེལ་བྱེད་དབང་དེ་བས་མེད། “ཡུལ་གྱར་སྲིད་གཞུང”ཟེར་བ་ནི་ཀྲུང་གོ་ཁ་ཕྲལ་གཏོང་བའི་བྱ་སྤྱོད་སྤེལ་མཁན་གྱི་ཁྲིམས་འགལ་ཆབ་སྲིད་སྒྲིག་འཛུགས་དེ་བས་ཀྱང་ཡིན་པས་ཁྲིམས་མཐུན་རང་བཞིན་སྤུ་ཙམ་ཡང་མེད་ལ་རྒྱལ་སྤྱིའི་ཐོག་རྒྱལ་ཁབ་གང་རུང་ཞིག་གིས་ཀྱང་ཁས་ལེན་བྱེད་མཁན་མེད་ཅེས་འཁོད་ཡོད་པ་རེད།  

མཛའ་འབྲེལ་དྲ་བ།
010020070840000000000000011100001341593291