གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
༄༅།། ཀྲུང་ དབྱང་ ནོར་ སྲིད་ ཀྱི་ ཁ་ གསབ་ རོགས་ དངུལ་ གྱིས་ བོད་ ས་ གནས་ ཀྱི་ སྤྱི་ པའི་ ནོར་ སྲིད་ གཏོང་ ཆའི་ 95%བཟུང་ བ།
2015-04-17     གསར་འགྱུར་འབྱུང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།       འགན་འཁུར་རྩོམ་སྒྲིག་པ། བསྟན་ཉི།

    ཚེས་15ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་བཏོན་པའིབོད་འཕེལ་རྒྱས་འགྲོ་ལམ་གྱི་ལོ་རྒྱུས་གདམ་གཞེས་པའི་རྒྱབ་ཤ་དཀར་པོའི་དེབ་ནང་ལོ་60ལྷག་ཙམ་རིང་ཀྲུང་དབྱང་ནོར་སྲིད་ཀྱིས་བོད་ཀྱི་ནོར་སྲིད་ལ་སྤོ་སྒྱུར་གཏོང་སྤྲོད་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་ཞིང་།1952ལོ་ནས་2013ལོ་བར་ཀྲུང་དབྱང་སྲིད་གཞུང་གིས་བོད་ལ་གནང་བའི་ནོར་སྲིད་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར་5446ཟིན་པ་དེས་བོད་ཀྱི་ས་གནས་སྤྱི་པའི་ནོར་སྲིད་གཏོང་ཆའི་95%བཟུང་ཡོད་ཅེས་འཁོད་ཡོད་པ་རེད། 

    རྒྱབ་ཤ་དཀར་པོའི་དེབ་ནང་1980ལོ་ཚུན་དུ་ཀྲུང་དབྱང་གིས་སྔ་རྗེས་སུ་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་འཚོགས་ནས་ཀྲུང་གོའི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་སྤྱི་ཡོངས་ནས་བལྟས་ཏེ་བོད་ཀྱི་འཕེལ་རྒྱས་དང་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་འཆར་འགོད་བྱས་ཡོད།1994ལོར་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་པ་འཚོགས་པ་ནས་འགོ་བཙུགས་ཏེ་ཀྲུང་དབྱང་གིས་བོད་ལ་ཁ་གཏད་རོགས་སྐྱོར་གྱི་སྲིད་ཇུས་ལག་བསྟར་བྱས་ནས་ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་60དང་། ཞིང་ཆེན་དང་གྲོང་ཁྱེར་18ཀྲུང་དབྱང་ཁེ་ལས་17བཅས་ཀྱིས་བོད་ལ་ཁ་གཏད་རོགས་སྐྱོར་བྱ་རྒྱུ་བཀོད་སྒྲིག་བྱས་ཡོད། ལོ་20ཡི་རིང་སྔ་རྗེས་སུ་ཕུལ་བྱུང་ལས་བྱེད་པ་5965ཁག་བདུན་ལ་བགོས་ནས་བོད་ལ་ལས་ཀ་བྱེད་པར་བཏང་བ་དང་བོད་སྐྱོར་རྣམ་གྲངས་7615ལག་བསྟར་དང་བོད་སྐྱོར་མ་དངུལ་སྒོར་དུང་ཕྱུར་260བཏང་བ་དེ་དག་དམངས་འཚོ་ལེགས་གཏོང་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་གཙོ་གནད་ཐོག་སྤྱད་དེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད།2010ལོར་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་འཚོགས་རྗེས་ཀྲུང་དབྱང་སྲིད་གཞུང་གིས་ཞིང་ཆེན་དང་གྲོང་ཁྱེར་གྱི་ནོར་སྲིད་ཡོང་འབབ་ཀྱི་སྟོང་ཆ་གཅིག་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་17གྱི་རོགས་སྐྱོར་མ་དངུལ་དུ་གཏན་འཁེལ་བྱས་པ་མ་ཟད། བརྟན་པོའི་ངང་སྤོར་བའི་ལམ་སྲོལ་བཙུགས་ཡོད་ཅེས་འཁོད་ཡོད་པ་རེད།

མཛའ་འབྲེལ་དྲ་བ།
010020070840000000000000011100001341593501