གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
༄༅།། རིགས་ གཅིག་ མཁས་ ཅན་ གྱིས་ བོད་ ཀྱི་ རྒྱབ་ ཤ་ དཀར་ པོའི་ དེབ་ ལ་ འགྲེལ་ བཤད་ བརྒྱབ་ པ།
2015-04-17     གསར་འགྱུར་འབྱུང་ཁུངས། མི་དམངས་ཉིན་རེའི་ཚགས་པར།       འགན་འཁུར་རྩོམ་སྒྲིག་པ། བསྟན་ཉི།

    བོད་འཕེལ་རྒྱས་ཀྱི་འགྲོ་ལམ་ནི་ལོ་རྒྱུས་ཀྱི་ལྡོག་མེད་གདམ་ག་ཡིན་པ།

    རྩོམ་པ་པོ། གསར་འགོད་པ། སུན་ཐེ་ཞང་དང་། ཀྲང་ཞའོ་སུང་། ཧྭ་ཁྲུན་ཡུས།

    རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་ཚེས་15ཉིནབོད་འཕེལ་རྒྱས་འགྲོ་ལམ་གྱི་ལོ་རྒྱུས་གདམ་གཞེས་པའི་རྒྱབ་ཤ་དཀར་པོའི་དེབ་འདོན་སྤེལ་བྱས་ཤིང་། རྩོམ་ཡིག་ཆ་ཚང་ལ་ཡིག་འབྲུ་ཁྲི་2.7ཙམ་ཡོད་པའི་ནང་ལམ་ལུགས་རྙིང་པ་བོད་ཀྱི་ལོ་རྒྱུས་ཀྱི་གར་སྟེགས་ནས་ཕྱིར་འཐེན་བྱས་པ་དེ་ལྡོག་ཏུ་མེད་པ་དང་། བོད་གསར་པས་འཕེལ་རྒྱས་ཀྱི་འགྲོ་ལམ་ཡང་དག་ཐོག་བསྐྱོད་པ། “དབུ་མའི་ལམ”གྱི་དོན་དམ་ནི་ཀྲུང་གོ་ཁ་ཕྲལ་གཏོང་རྒྱུ་དེ་ཡིན་པ་སོགས་ཕྱོགས་ལྔའི་ཐད་ནས་གྲངས་གཞི་དང་དོན་དངོས་འབོར་ཆེན་གྱི་ཐོག་ནས་བོད་ཀྱི་འཕེལ་རྒྱས་འགྲོ་ལམ་ནི་ལོ་རྒྱུས་ཀྱི་ལྡོག་མེད་གདམ་ག་ཡིན་པའི་ཆོད་གཏམ་གལ་ཆེན་ཁྱོན་ཡོངས་ནས་རྒྱས་བཤད་བྱས་ཡོད།

    བོད་འདི་ཉིད་ནི་གནའ་སྔ་མོ་ནས་ཀྲུང་གོའི་ཆ་ཤས་ཤིག་ཡིན་པ་དང་བོད་རིགས་ནི་ཀྲུང་ཧྭ་མི་རིགས་ཀྱི་ལས་དབང་ཐུན་མོང་འདུས་གྲུབ་ཀྱི་ཁོངས་མི་ཞིག་རེད། བོད་ཀྱི་ལས་དབང་དེ་ཐོག་མཐའ་བར་གསུམ་དུ་མེས་རྒྱལ་དང་ཀྲུང་ཧྭ་མི་རིགས་ཀྱི་ལས་དབང་དང་དམ་པོར་སྦྲེལ་ཡོད། བོད་འདི་ཉིད་ད་ཆའི་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་བསྐྱོད་པ་དེ་ནི་དེང་རབས་ཤེས་དཔལ་འཕེལ་རྒྱས་ཀྱི་ཕྱི་རོལ་ཡུལ་དང་མཐུན་པའི་བླང་བྱ་ཡིན་པས་མིའི་རིགས་ཀྱི་སྤྱི་ཚོགས་ཡར་ཐོན་གྱི་རླབས་རྒྱུན་དང་མཐུན་པ་དང་། ཀྲུང་གོའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཕེལ་རྒྱས་ཀྱི་དོན་དངོས་དང་མཐུན་པ། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་པ་བཅས་རེད།

    “རྒྱབ་ཤ་དཀར་པོའི་དེབ་ནང་འཕེལ་རྒྱས་འགྲོ་ལམ་གྱི་ལྟ་ཕྱོགས་ནས་རང་རེའི་ཏང་དང་རྒྱལ་ཁབ་དང་བོད་ཀྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། སྤྱི་ཚོགས་སོགས་ཐད་རྒྱས་བཤད་བདེན་པ་བདེན་ཐུབ་བྱས་པ་དང་ལྷག་པར་དུ་བོད་འདི་ཉིད་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ནས་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཆ་རྐྱེན་འོག་གི་མི་རིགས་ས་ཁོངས་རང་སྐྱོང་གི་འགྲོ་ལམ་ཐོག་ཇི་ལྟར་བྱས་ཏེ་སྐྱོད་པའི་སྐོར་གྱི་རྒྱས་བཤད་དེའང་རྒྱབ་ཤ་དཀར་པོའི་དེབ་ཀྱི་བཀྲག་མདངས་འཚེར་ས་ཆེ་ཤོས་དེ་རེད”ཅེས་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གི་རིག་གནས་ཚན་ཁག་ཨུ་ཡོན་ལྷན་ཁང་གི་དྲུང་ཆེ་ཧའོ་ཧྲི་ཡོན་གྱིས་བཤད་པ་རེད།

    “བོད་འདི་ཉིད་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ནས་ཐར་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་གདམ་ག་བྱས་པ་དེ་ལྡོག་མེད་ལོ་རྒྱུས་ཤིག་རེད”ཅེས་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གི་ཉེ་རབས་ལོ་རྒྱུས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་བཀྲ་ནོར་གྱིས་བཤད། “1951ལོར་བོད་ཞི་བས་བཅིངས་འགྲོལ་བཏང་བ་དང་1959ལོར་བོད་དུ་དམངས་གཙོའི་བཅོས་སྒྱུར་བྱེད་འགོ་ཚུགས་ཡོད། བོད་ཀྱི་དམངས་གཙོའི་བཅོས་སྒྱུར་དང་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་སྐྱོད་པ་དེ་སྤྱི་ཚོགས་རིང་ལུགས་ཀྱི་འཕེལ་རྒྱས་ཁ་ཕྱོགས་དང་མཐུན་ལ་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཁེ་ཕན་དང་མཐུན་གྱི་ཡོད་པས་དམངས་ཚོགས་ཀྱི་བརྩི་བཀུར་ཆེས་རྒྱ་ཁྱབ་ཐོབ་པ་ལག་ལེན་ཁྲོད་ནས་ར་སྤྲོད་ཐུབ་ཡོད”

    བོད་ཀྱི་འཕེལ་རྒྱས་ཡར་ཐོན་ལ་ཐོབ་པའི་གྲུབ་འབྲས་འགངས་ཆེན་ལས་བོད་ཀྱིས་སྐྱོད་པའི་འཕེལ་རྒྱས་འགྲོ་ལམ་ནི་ཡང་དག་པ་ཞིག་ཡིན་པ་གསལ་བཤད་གང་ལེགས་ཐུབ་ཡོད། འོན་ཀྱང་ཡུན་རིང་ཕྱི་རྒྱལ་དུ་ཡུལ་གྱར་བ་དང་བཀས་བཀོད་རྒྱུད་འཛིན་ཞིང་བྲན་བདག་པོའི་གྲལ་རིམ་གྱི་ཕྱོགས་གཏོགས་ལྷག་རོའི་ཚབ་བྱེད་པའི་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱིས་ཡུན་རིང་ནང་གཏུམ་སྤྱོད་ཀྱི“བོད་རང་བཙན”ལམ་ཕྱོགས་སྤེལ་གདལ་བཏང་བར་ཕམ་ཉེས་བྱུང་རྗེས་ལོ་འདི་དག་ནང་སླར་ཡང“དབུ་མའི་ལམ”འཛེམ་བག་མེད་པར་འུད་སྒྲོག་བྱས་ཏེ་ཀྲུང་གོའི་མངའ་ཁོངས་སུ་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱིས་དབང་སྒྱུར་བྱེད་པའི“རྒྱལ་ཁབ་ནང་གི་རྒྱལ་ཁབ”འཛུགས་རྒྱུའི་རེ་ངན་བཅངས་ཏེ་རིམ་བཞིན“བོད་རང་བཙན”གྱི་དམིགས་ཡུལ་མངོན་འགྱུར་ཐུབ་པ་བྱེད་ཀྱི་ཡོད།

    “‘དབུ་མའི་ལམ’གྱི་འདོད་ཚུལ་དེར་མུན་འཐོམ་རང་བཞིན་ཆེན་པོ་ལྡན་ཡོད”ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ལོ་རྒྱུས་ཁང་གི་སུའོ་ཀྲང་ཀྲང་ཡུན་གྱིས“རྒྱབ་ཤ་དཀར་པོའི་ནང་དོན་དངོས་དང་ལོ་རྒྱུས་དཔྱད་གཞི་གཞི་འཛིན་སར་བྱས་ཏེ‘དབུ་མའི་ལམ’གྱི་མི་ལ་བཤད་མི་ཕོད་པའི་ལྐོག་གྱུར་དམིགས་ཡུལ་ནུས་ལྡན་ངང་ཐེར་འདོན་བྱས་པ་དང་དུས་མཚུངས་ཏཱ་ལའི་རུ་ཚོགས་ཀྱི་འདོད་ཚུལ་དང་ནུབ་ཕྱོགས་ཀྱི་མི་རེ་ཟུང་གི་ནོར་འཁྲུལ་ལྟ་བར་དམིགས་སའི་རང་བཞིན་ལྡན་པའི་ངང་ལན་བཏབ་ཡོད”ཅེས་བཤད།

    ཧའོ་ཧྲི་ཡོན་གྱིས“དབུ་མའི་ལམ”ནི་རྣམ་པ་འགྱུར་བའི་སྒོ་ནས་རང་བཙན་ཕྱོགས་སུ་འགྲོ་བ་དང་མེས་རྒྱལ་ཁ་ཕྲལ་གཏོང་བའི་ཆབ་སྲིད་ཀྱི་དོང་རྙི་ཞིག་ཡིན་པས་མུན་འཐོམ་རང་བཞིན་ཆེན་པོ་ལྡན་ཡོད། ད་ཐེངས་རྒྱབ་ཤ་དཀར་པོའི་དེབ་ནང“དབུ་མའི་ལམ”དང་དེ་བཞིན་དེ་དང་འབྲེལ་བ་ཡོད་པའི“འཚེ་མེད”དང“བོད་ཆེན་པོ”ཟེར་བ་སོགས་ཀྱི་འདོད་ཚུལ་རབ་དང་རིམ་པར་དབྱེ་ཞིབ་ཧ་ཅང་གསལ་པོ་དང་སུན་འབྱིན་ནུས་ལྡན་བྱས་པ་དེ་ནི་རྒྱབ་ཤ་དཀར་པོའི་དེབ་ཀྱི་དོན་སྙིང་འགངས་ཆེན་ཐུག་ས་དེ་ཡིན་པའི་ངོས་འཛིན་བྱས་པ་རེད།

    བོད་ཀྱི་འཕེལ་རྒྱས་འགྲོ་ལམ་ནི་ལོ་རྒྱུས་ཀྱི་གདམ་ག་དང་མི་དམངས་ཀྱི་གདམ་ག་རེད། མཐུན་སྒྲིལ་མཐའ་འཁྱོངས་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པ་དང་། ཡར་ཐོན་མཐའ་འཁྱོངས་དང་ཕྱིར་བཤོལ་ལ་ངོ་རྒོལ་བྱེད་པ། བརྟན་ལྷིང་མཐའ་འཁྱོངས་དང་ཟང་ཟིང་ལ་ངོ་རྒོལ་བཅས་བྱས་ཚེ་གཞི་ནས་བོད་འདི་ཉིད་ལ་འོད་ཟེར་ལྡན་པའི་མདུན་ལམ་ཡོང་ཐུབ་པ་ལག་ལེན་ཁྲོད་ནས་ར་སྤྲོད་ཐུབ་ཡོད། མི་སུ་ཞིག་དང་སྟོབས་ཤུགས་གང་རུང་ཞིག་གིས་ལོ་རྒྱུས་ཀྱི་རླབས་རྒྱུན་ལས་ལྡོག་སྟེ་བྱ་སྤྱོད་སྤེལ་ཚེ་དེའི་མཇུག་འབྲས་ནི་ལོ་རྒྱུས་དང་མི་དམངས་ཀྱིས་འདོར་རྒྱུ་དེ་རེད།

    “མེས་རྒྱལ་ནི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཕུགས་འདུན་དོན་གཉེར་དང་། ཕུགས་འདུན་འཚོལ་བ། ཕུགས་འདུན་མངོན་འགྱུར་བཅས་བྱེད་པའི་སྲ་ཞིང་བརྟན་པའི་རྒྱབ་རྟེན་ཞིག་ཡིན་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ནི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཕུགས་འདུན་མངོན་འགྱུར་བྱེད་པའི་གཞི་རྩའི་འགན་ལེན་ཡིན་ཞིང་། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཏང་གི་འགོ་ཁྲིད་འོག་ཐུན་མོང་ཐོག་འབད་འཐབ་བྱས་ཏེ་ཕུགས་འདུན་མངོན་འགྱུར་བྱ་རྒྱུར་རྫོགས་མེད་ཀྱི་སྟོབས་ཤུགས་མཁོ་འདོན་བྱས་ཡོད། མི་རིགས་ཁག་གི་མི་དམངས་ཀྱིས་མཐུན་སྒྲིལ་དམ་ཟབ་དང་མི་ཁྲི་སེམས་གཅིག་བྱས་ཚེ་ཕུགས་འདུན་མངོན་འགྱུར་བྱེད་པའི་སྟོབས་ཤུགས་དཔག་མེད་ལྡན་སྲིད”ཅེས་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེ་མིང་ཧོའེ་ཡིས་བཤད་པ་རེད།

མཛའ་འབྲེལ་དྲ་བ།
010020070840000000000000011100001341593721