གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
༄༅།། བོད་ ལྗོངས་ འདི་ ཉིད་ སྔར་ བཞིན་ འཛམ་ གླིང་ ཐོག་ ཁོར་ ཡུག་ སྤུས་ ཚད་ ཡག་ ཤོས་ ཀྱི་ ས་ ཁུལ་ གྱི་ གྲས་ ཤིག་ ཡིན་ པ།
2015-04-17     གསར་འགྱུར་འབྱུང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།       འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

    རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་སྤྱི་ཚེས་15ཉིན་འདོན་སྤེལ་བྱས་པའི་བོད་ལྗོངས་འཕེལ་རྒྱས་འགྲོ་ལམ་གྱི་ལོ་རྒྱུས་གདམ་གཞེས་པའི་རྒྱབ་ཤ་དཀར་པོའི་དེབ་དེའི་ནང་། བོད་ལྗོངས་འདི་ཉིད་འཕེལ་རྒྱས་འགྲོ་བའི་བརྒྱུད་རིམ་ཁྲོད། སྔ་ཕྱི་བར་གསུམ་དུ་དཔལ་འབྱོར་ཆོས་ཉིད་དང་སྤྱི་ཚོགས་ཆོས་ཉིད། རང་བྱུང་ཆོས་ཉིད་བཅས་ལ་བརྩི་སྲུང་བྱས་ཏེ་རང་བྱུང་ཁོར་ཡུག་བློས་གཏོང་བྱ་རྒྱུས་རིན་དོད་དུ་མ་བྱས་པར་དཔལ་འབྱོར་དང་སྤྱི་ཚོགས། སྣོད་བཅུད་བཅས་ཞི་མཐུན་གཅིག་གྱུར་ཡོང་རྒྱུར་མཐོང་ཆེན་གྱིས་རྒྱུན་མཐུད་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་ཡོད། མིག་སྔར། བོད་ལྗོངས་འདི་ཉིད་སྔར་བཞིན་འཛམ་གླིང་ཐོག་ཁོར་ཡུག་སྤུས་ཚད་ཡག་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་ཡིན་པ་དང་ས་ཁོངས་མང་ཆེ་བ་གདོད་མའི་རྣམ་པར་གནས་ཡོད་ཅེས་འཁོད་ཡོད།

    རྒྱབ་ཤ་དཀར་པོའི་དེབ་དེའི་ནང་། བོད་ལྗོངས་ནི་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཡིན་པ་དང་། ཨེ་ཤི་ཡ་གླིང་དང་ཐ་ན་འཛམ་གླིང་གི་ངོས་ནས་བཤད་ན་གལ་འགངས་ཆེ་བའི་དོན་སྙིང་ལྡན་ཡོད། ཀྲུང་དབྱང་སྲིད་གཞུང་གིས་མི་གཙོ་བོར་འཛིན་པའི་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་མཐའ་འཁྱོངས་ཀྱིས་ཁོར་ཡུག་སྲུང་སྐྱོང་དེ་མངོན་གསལ་དོད་པའི་གནས་སུ་བཞག་པ་དང་འཕེལ་རྒྱས་ཀྱི་གདམ་ག་གལ་ཆེན་ཞིག་ཏུ་བརྩིས་ཡོད། བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་བོད་ལྗོངས་འདི་ཉིད་སྣོད་བཅུད་བདེ་འཇགས་སྲུང་ཡོལ་འཛུགས་སྐྱོང་དང་སྣོད་བཅུད་བཟང་བའི་བོད་ལྗོངས། མཛེས་སྡུག་ལྡན་པའི་བོད་ལྗོངས་བསྐྲུན་རྒྱུའི་འཐབ་ཇུས་དམིགས་ཚད་བཏོན་ནས་ས་མཐོའི་ཁོར་ཡུག་འོག་བོད་ལྗོངས་རྒྱུན་མཐུད་ངང་འཕེལ་རྒྱས་ཐུབ་པའི་ལམ་བུ་གསར་པ་ཞིག་འཚོལ་ཞིབ་ཧུར་ཐག་བྱེད་ཀྱི་ཡོད།

    མིག་སྔར། བོད་ལྗོངས་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་གྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི་41.37ཟིན་པ་དང་། རྒྱལ་ཡོངས་ཀྱི་རྒྱལ་ཁོངས་ས་ཆའི་རྒྱ་ཁྱོན་གྱི་བརྒྱ་ཆ་33.9ཟིན་ནས་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། ནགས་ཚལ་ཁྱབ་ཚད་བརྒྱ་ཆ་11.91ཟིན་པ་དང་། ཤིང་གསོན་གསོག་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། རིགས་ཁག་གི་འདམ་སའི་རྒྱ་ཁྱོན་སྤྱི་ཆིང་ཁྲི་600ལྷག་ཙམ་ཟིན་ནས་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། རྒྱལ་ཁབ་ཀྱི་བདག་ཏུ་མ་བཟུང་བའི་གཙོ་གནད་སྲོག་ཆགས་རིགས་ཁག་125དང་རྒྱལ་ཁབ་ཀྱི་བདག་ཏུ་མ་བཟུང་བའི་གཙོ་གནད་སྐྱེ་དངོས་རིགས་ཁག་39དེ་རང་བྱུང་སྲུང་སྐྱོང་ཁུལ་དུ་སྲུང་སྐྱོང་ཧ་ཅང་ཡག་པོ་ཐུབ་ཡོད།2012ལོའི་ལོ་མཇུག་བར། བོད་ལྗོངས་སུ་རང་བྱུང་རྩྭ་སའི་རྒྱ་ཁྱོན་སྤྱི་ཆིང་ཁྲི་8511ཟིན་པ་དང་དེའི་ནང་སྤྱོད་ཆོག་པའི་རང་བྱུང་རྩྭ་སའི་རྒྱ་ཁྱོན་སྤྱི་ཆིང་ཁྲི་6910ཟིན་ཡོད་ཅེས་འཁོད་ཡོད།

མཛའ་འབྲེལ་དྲ་བ།
010020070840000000000000011100001341595371