གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
༄༅།། བོད་ ལྗོངས་ ཀྱི་ རིམ་ པ་ བཞིའི་ མི་ དམངས་ འཐུས་ ཚོགས་ ཀྱི་ འཐུས་ མིའི་ ཁྲོད་ བོད་ རིགས་ དང་ གྲངས་ ཉུང་ མི་ རིགས་ གཞན་ པས་ བརྒྱ་ ཆ་ 93ཡན་ ཟིན་ པ།
2015-04-17     གསར་འགྱུར་འབྱུང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།       འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

    རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་སྤྱི་ཚེས་15ཉིན་སྤེལ་བའི་བོད་ལྗོངས་འཕེལ་རྒྱས་འགྲོ་ལམ་གྱི་ལོ་རྒྱུས་གདམ་གཞེས་པའི་རྒྱབ་ཤ་དཀར་པོའི་དེབ་དེའི་ནང་། བོད་རང་སྐྱོང་ལྗོངས་ཀྱི་རིམ་པ་བཞིའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་34244ཡི་ནང་བོད་རིགས་དང་གྲངས་ཉུང་མི་རིགས་གཞན་པའི་འཐུས་མི་31901ཟིན་ནས་བརྒྱ་ཆ་93ཡན་བཟུང་ཡོད། མོན་པ་རིགས་དང་ལྷོ་པ་རིགས། འཇང་རིགས། ཧུའེ་རིགས། ཀྲོང་རིགས་སོགས་ཚང་མར་རང་ཉིད་ཀྱི་འཐུས་མི་ཡོད་པ་རེད། སྐབས་བཅུ་པའི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་44ཡི་ནང་བོད་རིགས་དང་གྲངས་ཉུང་མི་རིགས་གཞན་གྱི་མི་25ཡོད་པ་དང་། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དང་ཀྲུའུ་རེན་གཞོན་པ་14ཡི་ནང་བོད་རིགས་དང་གྲངས་ཉུང་མི་རིགས་གཞན་གྱི་མི་8ཡོད་ཅེས་འཁོད་ཡོད།

    རྒྱབ་ཤ་དཀར་པོའི་དེབ་དེའི་ནང་། མིག་སྔར་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ནང་། བོད་རང་སྐྱོང་ལྗོངས་ཀྱི་འཐུས་མི་21ཡོད་པ་དང་། དེའི་ནང་བོད་རིགས་སྤྱི་འབངས་ 12ཡོད་པ། མ་གཞི་མོན་པ་རིགས་དང་ལྷོ་པ་རིགས་ཀྱི་མི་འབོར་ཆེས་ཉུང་རུང་ཁག་སོ་སོར་འཐུས་མི་རེ་ཡོད། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་གྲོས་ཚོགས་ནང་། བོད་རང་སྐྱོང་ལྗོངས་ཀྱི་ཨུ་ཡོན་29ཡོད་པ་དང་དེའི་ནང་བོད་རིགས་དང་གྲངས་ཉུང་མི་རིགས་གཞན་གྱི་ཨུ་ཡོན་26ཡོད།

    བོད་ལྗོངས་སུ་མིག་སྔར་བརྒྱ་ཆ་95ཡན་གྱི་གྲོང་ཚོས་གྲོང་མིའི་འཐུས་མིའི་གྲོས་ཚོགས་ལམ་ལུགས་བཙུགས་ཡོད་པ་དང་གྲོང་མིའི་རང་སྐྱོང་རྩ་འཛུགས་འདེམས་བསྐོ་བྱས་ནས་ཐོན་གྱི་ཡོད། གྲོང་དོན་ཡོངས་བསྒྲགས་དང་དམངས་གཙོ་དོ་དམ་ཁྱོན་ཡོངས་སུ་ཁྱབ་པ། བརྒྱ་ཆ་90ཡན་གྱི་གྲོང་ཚོས་སྤྱི་བསྒྲགས་སྒྲོམ་སྟེགས་བཙུགས་ནས་མང་ཚོགས་ཀྱི་གནས་ཚུལ་ཤེས་དབང་དང་ཐེ་ཞུགས་དབང་ཆ། ཐབས་ཇུས་དབང་ཆ། ལྟ་སྐུལ་དབང་ཆ་བཅས་འགན་ལེན་བྱས་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་སྡེ་ཁུལ་192ཚང་མས་སྡེ་ཁུལ་ཡུལ་མིའི་འཐུས་མི་ཚོགས་ཆེན་དང་སྡེ་ཁུལ་ཡུལ་མིའི་ཨུ་ཡོན་ལྷན་ཁང་སོགས་སྡེ་ཁུལ་རྩ་འཛུགས་བཙུགས་ནས་སྡེ་ཁུལ་ཡུལ་མིའི་རང་སྐྱོང་ལ་རྩ་འཛུགས་ཀྱི་འགན་ལེན་གང་ལེགས་བྱེད་ཀྱི་ཡོད།

    མིག་སྔར། བོད་རང་སྐྱོང་ལྗོངས་ཀྱི་ལས་བྱེད་དཔུང་ཁག་ཁྲོད། བོད་རིགས་དང་གྲངས་ཉུང་མི་རིགས་གཞན་པའི་ལས་བྱེད་པས་བརྒྱ་ཆ་70.95ཟིན་ཡོད། དེའི་ནང་རྫོང་དང་ཤང་རིམ་པ་གཉིས་ཀྱི་འགོ་ཁྲིད་ཚན་པའི་ནང་། བོད་རིགས་དང་གྲངས་ཉུང་མི་རིགས་གཞན་གྱི་འགོ་ཁྲིད་པས་བརྒྱ་ཆ་70.13ཟིན་ཡོད། བོད་རང་སྐྱོང་ལྗོངས་ཀྱི་སྐབས་རིམ་བྱུང་གི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དང་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་ནི་བོད་རིགས་སྤྱི་འབངས་ཀྱིས་འགན་འཁུར་གྱི་ཡོད། རྒྱལ་ཡོངས་ཀྱི་མཐོ་རྒྱུགས་སློབ་བསྡུ་དང་རྒྱལ་ཁབ་ཀྱི་སྤྱི་ཞབས་པའི་རྒྱུགས་ཚད་ཁྲོད་བོད་རིགས་སོགས་གྲངས་ཉུང་མི་རིགས་ཚང་མར་སྐར་མ་སྣོན་ཁ་རྒྱག་པའི་སྲིད་ཇུས་ལོངས་སྤྱོད་ཐུབ་ཀྱི་ཡོད་ཅེས་འཁོད་ཡོད།  

མཛའ་འབྲེལ་དྲ་བ།
010020070840000000000000011100001341595511