གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
  • ༄༅།། བོད་ ཀྱི་ ས་ ཡོམ་ ཁྲོད་ གནོད་ འཚེ་ ཕོག་ པའི་ གྲྭ་ བཙུན་ 2566བཀོད་ སྒྲིག་ འོས་ འཚམ་ བྱས་ པ།

 
2015-05-14        གསར་འགྱུར་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།        འགན་འཁུར་རྩོམ་སྒྲིག་པ། བསྟན་ཉི།

    “ས་ཡོམ་བརྒྱབ་རྗེས་ཏང་དང་སྲིད་གཞུང་གིས་འཕྲལ་མ་ཉིད་དུ་མི་སྣ་མངགས་གཏོང་བྱས་ཏེ་ཉེན་སྐྱོབ་གེགས་སེལ་བྱས་པས་རང་ཉིད་ལ་རྒྱལ་ཁབ་སྟོབས་ཆེན་ཡིན་པའི་མྱོང་ཚོར་ཟབ་མོ་བྱུང་། རང་ཉིད་ནི་ཀྲུང་གོའི་སྤྱི་དམངས་ཤིག་ཡིན་པར་སྤོབས་སེམས་ཆེན་པོ་སྐྱེ་གི་འདུག་ལ་འབྱུང་འགྱུར་གྱི་འཚོ་བར་རེ་བ་དང་ཡིད་ཆེས་ཀྱིས་ཁེངས་ཡོད”ཅེས་བསམ་གྲུབ་རྩེ་ཆུས་ཀྱི་བཀོད་སྒྲིག་བྱ་ཡུལ་དུ་གཉའ་ལམ་རྫོང་འགྲམ་གྲོང་རྡལ་བཀྲ་ཤིས་མཐོང་གྲོལ་གླིང་དགོན་གྱི་བཙུན་མས་སེམས་འགུལ་ཚད་མེད་ཐེབས་བཞིན་དུ་བཤད།

    “4·25”ས་ཡོམ་བརྒྱབ་རྗེས་རང་ལྗོངས་ཀྱི་གཞིས་རྩེ་གྲོང་ཁྱེར་གཉའ་ལམ་དང་། སྐྱིད་གྲོང་། དིང་རི་སོགས་རྫོང་གི་དགོན་པ་242ལ་ཚད་གཞི་མི་འདྲ་བའི་སྐྱོན་ཕོག་པ་དང་གྲྭ་བཙུན་2566ལ་ས་ཡོམ་གྱི་གནོད་འཚེ་ཕོག་ཡོད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱམས་བརྩེའི་ཐུགས་ཁུར་དང་། ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚད་མཐོའི་མཐོང་ཆེན། རང་སྐྱོང་ལྗོངས་ཡོམ་འགོག་གེགས་སེལ་ལས་དོན་འགོ་ཁྲིད་ཚོགས་ཆུང་དང་བཀོད་འདོམས་པུའི་གཅིག་གྱུར་འགོ་ཁྲིད་བཅས་འོག་ས་ཡོམ་གྱི་གནོད་འཚེ་ཕོག་པའི་གྲྭ་བཙུན་ཁྲོད་ཏང་གི་ཆོས་ལུགས་སྲིད་ཇུས་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་ཐུབ་པ་དང་གནོད་འཚེ་ཕོག་པའི་གྲྭ་བཙུན་དང་མང་ཚོགས་ལ་མི་རིགས་ཁག་དང་ལས་རིགས་ཁག་གི་སེམས་ཁུར་དང་གཅེས་སྐྱོང་ཐོབ་ཡོད། རིམ་ཁག་ཏང་སྲིད་དམག་ཉེན་གྱིས་དགོན་སྡེ་དེ་གཞི་རིམ་རྩ་འཛུགས་དང་དགོན་སྡེའི་གྲྭ་བཙུན་རྣམས་སྤྱི་དམངས་ལ་བརྩིས་ནས་གྲྭ་བཙུན་གནས་སྤོ་བཀོད་སྒྲིག་དང་། དགོན་སྡེའི་རིག་དངོས་མྱུར་སྐྱོབ། གེགས་ཁུལ་གྱི་དགོན་སྡེ་དོ་དམ་སོགས་ཀྱི་ལས་དོན་ཁག་ཡོམ་འགོག་གེགས་སེལ་ལས་ཀའི་ཉིན་རེའི་གྲོས་རིམ་གལ་ཆེའི་ནང་བཅུག་པས་རྒྱ་ཆེའི་གྲྭ་བཙུན་ལ་ཏང་དང་སྲིད་གཞུང་གི་དྲོ་སྐྱིད་ཏན་ཏིག་ཚོར་ནས་ས་ཡོམ་གྱི་གནོད་འཚེ་ཕོག་པའི་གྲྭ་བཙུན་གྱི་སྙིང་དབུས་ནས་བརྩི་བཀུར་ཐོབ་པ་རེད།

    མིག་སྔར་གཉའ་ལམ་དང་། སྐྱིད་གྲོང་། དིང་རི་བཅས་རྫོང་གསུམ་དང་གཞིས་རྩེ་གྲོང་ཁྱེར་ཡོངས་ཀྱི་གནོད་འཚེ་ཕོག་པའི་མང་ཚོགས་ཚང་མ་བཀོད་སྒྲིག་འོས་འཚམ་བྱས་པའི་ནང་གཉའ་ལམ་རྫོང་འགྲམ་གྲོང་རྡལ་གྱི་དགོན་སྡེ་3གྱི་གྲྭ་བཙུན་40བསམ་གྲུབ་རྩེ་ཆུས་ཀྱི་བཀོད་སྒྲིག་བྱ་ཡུལ་དང་ལྷ་རྩེ་རྫོང་གི་བཀོད་སྒྲིག་བྱ་ཡུལ་དུ་སྤོས་པ་དང་གནོད་འཚེ་ཕོག་པའི་གྲྭ་བཙུན་གཞན་དག་ཚང་མ་རང་སོ་སོའི་དགོན་པའི་མཐའ་འཁོར་གྱི་བདེ་འཇགས་ཁུལ་དུ་བཀོད་སྒྲིག་བྱས་ཐོག་ཟས་གོས་སྡོད་སོགས་ཚང་མ་འགན་ལེན་གང་ལེགས་བྱས་པ་རེད།

    གནོད་འཚེ་ཕོག་པའི་དགོན་སྡེའི་རིག་དངོས་སྲུང་སྐྱོབ་ནུས་ལྡན་བྱ་ཆེད་གཉའ་ལམ་དང་། སྐྱིད་གྲོང་། དིང་རི་སོགས་རྫོང་3གྱི་ཆོས་ལུགས་དང་འབྲེལ་བ་ཡོད་པའི་སྡེ་ཚན་དང་དགོན་སྡེའི་དོ་དམ་སྒྲིག་གཞིས་སྲིད་ཁྲིམས་དང་རིག་དངོས་སོགས་སྡེ་ཚན་དང་གཞོགས་འདེགས་ཧུར་ཐག་བྱས་ཏེ་གཏོར་སྐྱོན་ཕོག་པའི་དགོན་སྡེའི་རིག་དངོས་དུས་ཐོག་ཏུ་མྱུར་སྐྱོབ་བྱས་པ་དང་འབྲེལ་སྲུང་སྐྱོབ་བྱེད་ཐབས་ཀྱང་སྤྱད་པ་རེད། གཉའ་ལམ་རྫོང་བཀྲ་ཤིས་མཐོང་གྲོལ་གླིང་དགོན་གྱི་གཙོ་གནད་རིག་དངོས་ཁག་9ཞིག་རོའི་ཁྲོད་ནས་བཏོན་པ་དང་འབྲེལ་འཕགས་རྒྱལ་གླིང་དགོན་དུ་བཅོལ་བ་རེད། ས་འོག་ཏུ་ཚུད་པའམ་ཡང་ན་སྤོ་ཐབས་མེད་པའི་རིག་དངོས་གཞན་དག་ཚང་མ་བཀག་སྡོམ་ཉར་ཚགས་བྱས་ཏེ་གེགས་ཁུལ་གྱི་སྤྱི་བདེ་དང་དྲག་ཆས་ཉེན་རྟོག་དང་དེ་བཞིན་དཔུང་སྡེར་སྲུང་སྐྱོབ་བྱ་རྒྱུར་མངགས་བཅོལ་བྱས་པ་རེད།

    མིག་སྔར་གེགས་ཁུལ་གྱི་གྲྭ་བཙུན་ཚོས་ས་ཆ་དེ་གའི་ཏང་ཨུད་དང་སྲིད་གཞུང་དང་ཆོས་ལུགས་དང་འབྲེལ་ཡོད་སྡེ་ཚན་གྱི་གཅིག་གྱུར་བཀོད་སྒྲིག་འོག་རང་སོ་སོའི་བཀོད་སྒྲིག་བྱ་ཡུལ་དུ་གནས་སྐབས་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་བཙུགས་ནས་རྒྱུན་གཏན་གྱི་ཆོས་ལུགས་བྱེད་སྒོ་གོ་རིམ་ལྡན་པའི་ངང་སྤེལ་རྒྱུའི་འགན་ལེན་བྱས་པ་རེད།

མཛའ་འབྲེལ་དྲ་བ།
010020070840000000000000011100001342379321