གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
  • ༄༅།། ལྷ་ སའི་ ཁོར་ ཡུག་ སྲུང་ སྐྱོང་ བཟོ་ པ་ ཁང་ གསར་ ནང་ སྤོ་ རྒྱུ་ ཡིན་ པ།

 
2015-05-16        གསར་འགྱུར་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།        འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།
    ཉེ་ཆར་གསར་འགོད་པར་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཁོར་ཡུག་སྲུང་སྐྱོང་ཅུས་ནས་ཤེས་རྟོགས་བྱུང་བར། ཁྲེང་ཀོན་ཆུས་ཀྱིས་བསྐྲུན་པའི་ཁང་གླ་ཁེ་བའི་སྡོད་ཁང་2000གི་རྣམ་གྲངས་ཁྲོད་ཁྲེང་ཀོན་ཆུས་ཁོར་ཡུག་སྲུང་སྐྱོང་ཅུས་སྒོ་རའི་ནང་གི་ཁང་གླ་ཁེ་བའི་སྡོད་ཁང་88དེ་དག་མིག་སྔར་བསྐྲུན་ཟིན་པ་དང་ཉང་བྲན་ཤང་དུ་བསྐྲུན་པའི་ཁང་གླ་ཁེ་བའི་སྡོད་ཁང་1000ལྷག་ཙམ་དེ་དག་གི་འཛུགས་སྐྲུན་གཙོ་གཟུགས་ལེགས་གྲུབ་ཟིན་ཡོད། མིག་སྔའི་བར་ཞོར་གཏོགས་སྒྲིག་བཀོད་བསྐྲུན་བཞིན་ཡོད་པ་རེད།

    མིག་སྔར་ལྷ་ས་གྲོང་ཁྱེར་གྱི་ཁོར་ཡུག་སྲུང་སྐྱོང་བཟོ་པ་ཕལ་ཆེ་བར་སྡོད་གནས་གཏན་འཁེལ་མེད་པ་དང་ཁོང་ཚོ་ལ་ལ་གྲོགས་པོ་དང་གཉེན་ཉེའི་ཁྱིམ་དུ་སྡོད་པའམ་ཡང་ན་ལས་གྲོགས་ཁ་ཤས་མཉམ་དུ་ཁང་པ་གཅིག་གཡར་ནས་སྡོད་ཀྱི་ཡོད། ཁོར་ཡུག་སྲུང་སྐྱོང་བཟོ་པའི་སྡོད་གནས་གནད་དོན་ཐག་གཅོད་བྱ་ཆེད་འདི་ལོ་ཁྲེང་ཀོན་ཆུས་ཀྱིས་ཁོར་ཡུག་སྲུང་སྐྱོང་བཟོ་པའི་སྡོད་ཁང་གནད་དོན་སྔོན་ལ་ཐག་གཅོད་བྱ་རྒྱུ་ཡིན་ཞིང་། ཁང་གླ་ཁེ་བའི་སྡོད་ཁང་2000ནང་ནས་ཁྲེང་ཀོན་ཆུས་ཁོར་ཡུག་སྲུང་སྐྱོང་ཅུས་ཀྱིས་ཁོར་ཡུག་སྲུང་སྐྱོང་བཟོ་པར་ཁང་པ་1200ལྷག་ཙམ་རེ་ཞུ་བྱས་པ་དང་དེར་སྡོད་པའི་ཁོར་ཡུག་སྲུང་སྐྱོང་བཟོ་པས་ཆུ་དང་། གློག དྲོད་རླངས། རླངས་འབར། སྡེ་ལས་སོགས་ཀྱི་འགྲོ་གྲོན་འཇལ་དགོས་པ་ཕུད་ཁང་གླ་དེ་ལྷ་ས་གྲོང་ཁྱེར་གྱི་ཁང་གླ་ཁེ་བའི་སྡོད་ཁང་གི་ཚད་གཞི་ལྟར་བསྡུ་རྒྱུ་རེད།

    ཁྲེང་ཀོན་ཆུས་ཁོར་ཡུག་སྲུང་སྐྱོང་ཅུས་ཀྱི་འགན་ཁུར་བ་རྡོ་རྗེས་གསར་འགོད་པར་ཁྲེང་ཀོན་ཆུས་ཀྱིས་བསྐྲུན་པའི་ཁང་གླ་ཁེ་བའི་སྡོད་ཁང་2000དེ་དག་འདི་ལོའི་ཟླ་5པ་ནས་བཟུང་བགོ་བཤའ་རྒྱག་རྒྱུ་ཡིན་པ་དང་ཁྲེང་ཀོན་ཆུས་ཁོར་ཡུག་སྲུང་སྐྱོང་ཅུས་ཀྱིས་ཅུས་དེའི་ལས་བཟོར་ཁང་པ་1200ལྷག་ཙམ་རེ་ཞུ་བྱས་པས་འདི་ལོའི་ནང་ཁོར་ཡུག་སྲུང་སྐྱོང་བཟོ་པ་ཁང་གསར་ནང་སྡོད་ཐུབ་རྒྱུ་རེད་ཅེས་བཤད་པ་རེད།

མཛའ་འབྲེལ་དྲ་བ།
010020070840000000000000011100001342442811