གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
  • ༄༅།། བོད་ ལྗོངས་ ཀྱི་ ཏེན་ ཚྭ་ ཁྱབ་ ཚད་ བརྒྱ་ ཆ་ 97ལས་ བརྒལ་ བ་ དང་ ཞིང་ འབྲོག་ ཁུལ་ གྱི་ ཤང་ དང་ གྲོང་ རྡལ་ དུ་ ཚྭ་ ལས་ བྲིན་ འཚོང་ ཁྱོན་ ཡོངས་ སུ་ ཁྱབ་ པ།

 
2015-05-16        གསར་འགྱུར་འབྱུང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།        འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།
    འཛམ་གླིང་ཐོག་གི་ཏེན་ཚྭ་ཚབས་ཆེན་མི་འདང་བའི་ས་ཁུལ་ཆེན་པོ་བཞིའི་གྲས་ཤིག་ཡིན་པའི་ཧེ་མ་ལ་ཡའི་རི་ཁུལ་གྱི་ཀྲུང་གོའི་བོད་ལྗོངས་སུ་ཏེན་ཚྭ་ཁྱབ་ཚད་དེ་1997ལོའི་བརྒྱ་ཆ་19ནས་ན་ནིང་ལོ་མཇུག་སྐབས་ཀྱི་བརྒྱ་ཆ་97.07བར་མཐོ་རུ་ཕྱིན་པ་དང་།  ཤང་དང་གྲོང་རྡལ་གྱི་ཚྭ་ལས་བགོས་སྐྱེལ་ཁྱོན་ཡོངས་སུ་ཁྱབ་པ།  བྱིས་པའི་ཏེན་རྒྱུའི་འཚོ་བཅུད་དེ་ཆུ་ཚད་དང་འཚམ་པ་བྱུང་ཡོད།
    སྤྱི་ཟླ་5ཚེས་15ཉིན་ནི་ཀྲུང་གོའི་“ཏེན་རྒྱུ་མི་འདང་བའི་ནད་རིགས་འགོག་བཅོས་བྱེད་པའི་ཉིན་མོ་”ཐེངས་22པ་དེ་ཡིན་པ་དང་འདི་ལོའི་དྲིལ་བསྒྲགས་ཀྱི་བརྗོད་དོན་གཙོ་བོ་ནི་“ཚན་རིག་དང་མཐུན་པའི་སྒོ་ནས་ཏེན་རྒྱུ་བཟའ་བ་དང་ཚེ་སྲོག་གི་དུས་ཐོག་མའི་ཉིན་1000ལ་མཐོང་ཆེན་བྱེད་དགོས”ཞེས་པ་དེ་ཡིན།  བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའི་ཨུ་ཡོན་ལྷན་ཁང་དང་།  ནད་རིགས་སྔོན་འགོག་དང་ཚོད་འཛིན་ལྟེ་གནས།  བོད་རང་སྐྱོང་ལྗོངས་ཚྭ་ལས་ཀུང་སི་སོགས་འབྲེལ་ཡོད་སྡེ་ཁག་10ཡིས་ཚེས་15ཉིན་ལྷ་སར་དྲིལ་བསྒྲགས་བྱེད་སྒོ་གཉེར་བ་དང་།  པར་རིས་འགྲེམ་སྟོན་དང་།  དྲིལ་བསྒྲགས་རི་མོ་དང་ཡིག་ཆས་བླུག་སྣོད།  ཚྭ་དམ་སོགས་སྤྲོད་པའི་སྣ་མང་བྱ་ཐབས་བརྒྱུད་གྲོང་མི་རྣམས་ལ་ཏེན་རྒྱུ་མི་འདང་བའི་ནད་རིགས་དང་ཚན་རིག་དང་མཐུན་པའི་སྒོ་ནས་ཏེན་རྒྱུ་ཟ་ཐབས་འགྲེལ་བརྗོད་བྱས་པ་དང་།  ཚོགས་ར་དངོས་སུ་གྲོང་མི་མང་པོ་ཞིག་གྲོས་འདྲི་བྱེད་པར་ཡིད་འགུག་བྱས་ཡོད། 
མཛའ་འབྲེལ་དྲ་བ།
010020070840000000000000011100001342442921