གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
  • ༄༅།། བོད་ ཀྱི་ སྲིད་ ཇུས་ རང་ བཞིན་ གྱི་ ཞིང་ ལས་ འགན་ བཅོལ་ གྱི་ ཚབ་ འཇལ་ དངུལ་ སྒོར་ དུང་ ཕྱུར་ 7ལྷག་ ཙམ་ སྤྲད་ པ།

 
2015-07-12        གསར་འགྱུར་འབྱུང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།        འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

    2007ལོར་བོད་ཀྱི་སྲིད་ཇུས་རང་བཞིན་གྱི་ཞིང་ལས་འགན་བཅོལ་ལག་ལེན་བསྟར་འགོ་ཚུགས་པ་དང་། དེའི་རིང་གཉེར་སྐྱོང་བྱེད་སྟངས་ལ་ལེགས་སྒྲིག་ཐེངས་མང་བྱས་ནས་འགན་བཅོལ་བྱེད་ཚད་རིམ་བཞིན་མང་དུ་བཏང་བ་དང་། མིག་སྔའི་བར་ཚབ་འཇལ་དངུལ་རིམ་རྩིས་བྱས་ན་སྒོར་དུང་ཕྱུར་7ལྷག་ཙམ་སྤྲད་པ་རེད། སྲིད་ཇུས་རང་བཞིན་གྱི་ཞིང་ལས་འགན་བཅོལ་གྱི་ཁྱབ་ཁོངས་དང་། ཚད་གཞི། སྣ་ཁ་བཅས་རིམ་བཞིན་འཐུས་ཚང་དུ་ཕྱིན་པས། བོད་རིགས་ས་ཁུལ་གྱི་ཞིང་འབྲོག་ལས་འཕེལ་རྒྱས་དང་ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་ངོ་བོའི་རང་བཞིན་གྱི་འགན་ལེན་བྱུང་ཡོད་པ་རེད།

    ད་ལོའི་ཟླ་བཞི་པར《རྒྱལ་སྲིད་སྤྱི་ཁྱབ་ཁང་གི〈དེང་རབས་འགན་བཅོལ་ཞབས་ཞུའི་ལས་རིགས་མགྱོགས་མྱུར་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་བསམ་འཆར་འགའ་ཞིག〉ལག་བསྟར་དོན་འཁྱོལ་བྱ་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ལག་བསྟར་བསམ་འཆར》བཏོན་ཞིང་། དེ་ནི་བོད་ཀྱི་འགན་བཅོལ་གྱི་ཆེད་དོན་སྲིད་ཇུས་ཐོག་མ་དེ་ཡིན་པ་རེད། སྲིད་ཇུས་དེའི་ནང“ཞིང་གསུམ”འགན་བཅོལ་གྱི་ཐོན་རྫས་ཕུན་སུམ་ཚོགས་སུ་གཏོང་བ་དང་། ཞིང་འབྲོག་ཁུལ་གྱི་འགན་བཅོལ་འགན་ལེན་བྱེད་ཚད་མཐོ་རུ་གཏོང་བ། ཞིང་ལས་འགན་བཅོལ་ཁྱབ་རྒྱ་རིམ་བཞིན་ཆེ་རུ་གཏོང་བ་བཅས་བྱས་ནས་ཞིང་འབྲོག་པའི་རྒན་གསོ་དང་སྨན་བཅོས་ཀྱི་གནད་དོན་ཐག་གཅོད་བྱེད་པ་དང་། དེ་བཞིན་ཞིང་ལས་ཐོན་སྐྱེད་དང་ཁྱད་ལྡན་ཞིང་ལས་དཔལ་འབྱོར་སོགས་འཕེལ་རྒྱས་གཏོང་བར་འགན་བཅོལ་གྱི་ཐོག་ནས་ཞབས་འདེགས་ཞུ་དགོས་ཞེས་བཏོན་ཡོད་པ་རེད།

    ལོ་མང་རིང་བོད་ཀྱི་ཞིང་ལས་འགན་བཅོལ“མཉམ་དུ་གཉེར་བ་དང་ཐུན་མོང་ཐོག་འགན་བཅོལ”གྱི་བྱེད་སྟངས་སྤྱད་བྱས་ནས་བོད་རང་སྐྱོང་ལྗོངས་ནོར་སྲིད་དང་འགན་བཅོལ་ཀུང་སིས་བསྡུར་ཚད་གཞིར་བཟུང་འགན་བཅོལ་གྱི་འགྲོ་གྲོན་ཚབ་འཇལ་བགོས་ནས་སྤྲོད་ཀྱི་ཡོད་པ་རེད། ད་ལོའི་བགོ་ཚད་དེ7:3ནས་6:4བར་ལེགས་སྒྲིག་བྱས་པ་དེ་ནི“མཉམ་དུ་གཉེར་བ་དང་ཐུན་མོང་ཐོག་འགན་བཅོལ”བྱེད་སྟངས་དེ“ཚོང་ལས་ཅན་གྱི་འཁོར་རྒྱུག”བྱེད་སྟངས་ཕྱོགས་སུ་འགྱུར་རྒྱུར་སྐུལ་འདེད་ནུས་ལྡན་བཏང་བ་ཞིག་རེད།

    གསར་འགོད་པར་ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོ་བོད་ཀྱི་ཞིང་ལས་འགན་བཅོལ་དངུལ་འབོར་མང་དུ་ཤུགས་ཆེན་བཏང་བ་དང་། འགན་བཅོལ་འགྲོ་གྲོན་མངོན་གསལ་དོད་པོས་ཉུང་དུ་བཏང་ཡོད་པ་རེད། འདེབས་འཛུགས་འགན་བཅོལ་བྱེད་ཚད་མུའུ་རེར་སྒོར་90ནས་སྒོར་140བར་མང་དུ་བཏང་བས་ཆ་སྙོམས་འཕར་ཚད་50%ལས་བརྒལ་བ་དང་། གསོ་སྤེལ་འགན་བཅོལ་འགྲོ་གྲོན་དེ་2.5%ནས་1.3%བར་བཅག་པ་དང་འདེབས་འཛུགས་འགན་བཅོལ་འགྲོ་གྲོན་5.4%ནས་2.0%བར་བཅག་ཡོད་པ་རེད། འགྲོ་གྲོན་ཆེས་ཉུང་དུ་བཏང་བ་དེ་ལས་ཞིང་འབྲོག་མང་ཚོགས་ཀྱི་འགན་བཅོལ་སྔར་བས་མང་དུ་ཕྱིན་པ་དང་དུས་མཚུངས། རིམ་ཁག་ནོར་སྲིད་ཀྱི་མ་དངུལ་ཐད་ཀྱི་གནོན་ཤུགས་ཀྱང་ཆུང་དུ་ཕྱིན་ཡོད་པ་རེད།

མཛའ་འབྲེལ་དྲ་བ།
010020070840000000000000011100001344051551