གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
  • ༄༅།། “4·25”ས་ ཡོམ་ འགན་ བཅོལ་ གྱི་ གུན་ གསབ་ སྤྲོད་ པའི་ མཛད་ སྒོ་ ལྷ་ སར་ སྤེལ་ བ།

 
2015-08-04        གསར་འགྱུར་འབྱུང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།        འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

    

    ཟླ་8ཚེས་2ཉིན་གྱི་ཕྱི་དྲོ“4·25”ས་ཡོམ་འགན་བཅོལ་གྱི་གུན་གསབ་སྤྲོད་པའི་མཛད་སྒོ་ལྷ་སར་སྤེལ་བ་རེད། ཀྲུང་གོ་འགན་བཅོལ་ལྟ་སྐུལ་དོ་དམ་ཨུ་ལྷན་གྱི་ཏང་ཨུད་ཀྱི་ཧྲུའུ་ཅི་ཀྲུའུ་ཞི་ཤང་ཅུན་པོ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོ རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་བཅས་ཡིན་པའི་ཏེང་ཞའོ་ཀང་སོགས་འགོ་ཁྲིད་ཀྱི་དཔང་པོའི་འོག་ཀྲུང་གོ་མི་དམངས་འགན་བཅོལ་ཚོགས་པའི་ཏང་ཨུད་ཀྱི་ཧྲུའུ་ཅི་ཏུང་ཧྲི་ཀྲང་ཝུའུ་ཡན་གྱིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཏིང་ཡེ་ཤན་ལ་གུན་གསབ་དངུལ་འཛིན་གནང་བ།

    ཟླ་8ཚེས་2ཉིན་གྱི་ཕྱི་དྲོ“4·25”ས་ཡོམ་འགན་བཅོལ་གྱི་གུན་གསབ་སྤྲོད་པའི་མཛད་སྒོ་ལྷ་སར་སྤེལ་བ་དང་ད་ཐེངས་གུན་གསབ་དངུལ་ཁྱོན་སྒོར་དུང་ཕྱུར་2.43སྤྲད་པ་རེད།

    ཀྲུང་གོ་འགན་བཅོལ་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཏང་ཨུད་ཀྱི་ཧྲུའུ་ཅི་ཀྲུའུ་ཞི་ཤང་ཅུན་པོ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོ་མཛད་སྒོར་ཞུགས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་གསུང་བཤད་གནང་བ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་བཅས་ཡིན་པའི་ཏེང་ཞའོ་ཀང་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཆེ་དགྲ་ལྷ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཏིང་ཡེ་ཤན་བཅས་མཛད་སྒོར་ཞུགས་པ་རེད། ཀྲུང་གོ་འགན་བཅོལ་ལྟ་སྐུལ་དོ་དམ་ཨུ་ལྷན་གྱི་ཏང་ཨུད་ཀྱི་ཨུ་ཡོན་ཀྲུའུ་ཞི་ལས་རོགས་ལེའང་ཐའོ་ཡིས་གུན་གསབ་མཛད་སྒོ་གཙོ་སྐྱོང་གནང་བ་དང་། ཀྲུང་གོ་མི་དམངས་འགན་བཅོལ་ཚོགས་པའི་ཏང་ཨུད་ཀྱི་ཧྲུའུ་ཅི་ཏུང་ཧྲི་ཀྲང་ཝུའུ་ཡན་གྱིས་བོད་ཀྱི“4·25”ས་ཡོམ་འགན་བཅོལ་གྱི་གུན་གསབ་ལས་དོན་སྤེལ་ཚུལ་ངོ་སྤྲོད་བྱས་པ་རེད།

    ཤང་ཅུན་པོ་དང་། ཁྲེན་ཆོན་གོ བློ་བཟང་རྒྱལ་མཚན། ཏེང་ཞའོ་ཀང་སོགས་འགོ་ཁྲིད་ཀྱི་དཔང་པོའི་འོག་ཝུའུ་ཡན་གྱིས་ཏིང་ཡེ་ཤན་ལ་གུན་གསབ་དངུལ་འཛིན་རྩིས་སྤྲད་པ་རེད།

    བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཁྲི་300ལྷག་ཙམ་གྱི་ཚབ་ཞུས་ནས། ཀྲུང་གོ་འགན་བཅོལ་ལྟ་སྐུལ་དོ་དམ་ཨུ་ལྷན་དང་འགན་བཅོལ་སྒྲིག་གཞི་ཁག་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་དམིཌ་བསལ་གྱི་དོ་ཁུར་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས“4·25”ས་ཡོམ་གྱི་གུན་གསབ་སྤྲད་པ་ནི་འགན་བཅོལ་ལས་རིགས་ཀྱིས་བོད་ཀྱི་འཛུགས་སྐྲུན་ལ་རྒྱབ་སྐྱོར་དང་བོད་མི་དམངས་ལ་ཞབས་འདེགས་ཞུ་བའི་མཚོན་ཚུལ་གལ་ཆེན་ཞིག་རེད། ད་ཐེངས་འགན་བཅོལ་གུན་གསབ་ཁྱོན་དངུལ་སྒོར་དུང་ཕྱུར་2.43སྤྲད་པ་དེས་ཚད་གཞི་ཆེ་ཤོས་ནས་གེགས་ཁུལ་གྱི་མི་རིགས་ཁག་གི་མང་ཚོགས་ཀྱི་གྱོང་གུན་ཉུང་དུ་བཏང་བ་མ་ཟད། གེགས་ཁུལ་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ་གང་མགྱོགས་ལེགས་སུ་གཏོང་བར་ཕན་པ་ཡོད་པ་དང་། རང་ལྗོངས་ཀྱི་ཡོམ་འགོག་གེགས་སེལ་ལས་དོན་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་པ་ཞིག་ཡིན་པས། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་བསྔགས་བརྗོད་དང་སྤྱི་ཚོགས་ལས་རིཌ་ཁག་གི་གདེང་འཇོག་བཟང་པོ་ཐོབ་པ་དང་། གེཌ་ཁུལ་མང་ཚོགས་ཀྱིས་ཁྱིམ་གཞིས་བསྐྱར་སྐྲུན་བྱེད་པའི་སེམས་ཤུགས་ཆེས་ཆེ་རུ་ཕྱིན་ཡོད་ཅེས་གསུངས་པ་རེད།

    བློ་བཟང་རྒྱལ་མཚན་གྱིས་ཉེ་བའི་ལོ་ཤས་རིང་ཀྲུང་གོ་འགན་བཅོལ་ལྟ་སྐུལ་དོ་དམ་ཨུ་ལྷན་གྱི་རྒྱབ་སྐྱོར་དང་མཛུབ་ཁྲིད་ཤུགས་ཆེན་འོག རང་ལྗོངས་ཀྱི་འགན་བཅོལ་ལས་རིགས་ཀྱིས་ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུས་ནས། འགན་བཅོལ་ཞབས་ཞུའི་ཁྱབ་ཁོངས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་དང་། སྤྱི་ཚོགས་ཀྱི“བརྟན་ལྷིང་ཡོ་བྱད”དང་དཔལ་འབྱོར་གྱི“སྐུལ་འདེད་ཡོ་བྱད”ལྟ་བུའི་འགན་བཅོལ་ལས་རིགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་པས། དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་དང་། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་། མི་རིགས་ཁག་གི་མི་དམངས་ལ་བདེ་སྐྱིད་སྐྲུན་པ་སོཌ་ཀྱི་ཐད་ལ་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད། འགན་བཅོལ་ལས་རིགས་ཀྱིས་ད་ཐེངས་ཀྱི་བཞུགས་མོལ་ཚོགས་འདུ་གོ་སྐབས་བཟང་པོར་བརྩིས་ཏེ། ཀྲུང་དབྱང་གི་ཞིང་ཕན་ཞིང་དར་སྲིད་ཇུས་སྒོ་ཀུན་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། དེང་རབས་ཀྱི་འགན་བཅོལ་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ཤུགས་ཆེན་གཏོང་བ། འགན་བཅོལ་གྱི་ཞབས་ཞུའི་ནུས་པ་དང་ཆུ་ཚད་སྔར་བས་ཆེ་རུ་གཏོང་བ་བཅས་བྱས་ནས་བོད་ཀྱི་སྤྱི་ཚོགས་བརྟན་ལྷིང་དང་། དཔལ་འབྱོར་འཕེལ་རྒྱས། དམངས་འཚོ་འགན་ལེན་བཅས་ལ་སྔར་བས་ཆེ་བའི་ལེགས་སྐྱེས་འབུལ་རྒྱུའི་རེ་བ་ཡོད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བློ་བརྟན་འགྱུར་མེད་ངང་དེང་རབས་ཀྱི་འགན་བཅོལ་ཞབས་ཞུའི་ལས་རིགས་མགྱོགས་མྱུར་འཕེལ་རྒྱས་ལ་མུ་མཐུད་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གསུངས་པ་རེད།

    བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་དང་ཙུང་ལི་ལི་ཁེ་ཆང་སོགས་ཀྲུང་དབྱང་འགོ་ཁྲིད་བློ་མཐུན་གྱིས་རང་ལྗོངས་ཀྱི“4·25”ས་ཡོམ་གྱི་ཡོམ་འགོག་གེགས་སེལ་ལས་དོན་སྐོར་གནང་བའི་མཆན་འགོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། མི་གཙོ་བོར་འཛིན་པ་དང་། ཆོས་ཉིད་ལ་བརྩི་འཇོག དེང་སྐབས་ལ་གཞི་ཚུགས་པ། ཕུགས་ལ་དམིགས་པ་བཅས་མཐའ་འཁྱོངས་ཀྱིས་ཕྱོགས་ཁག་གི་གེགས་རྗེས་བསྐྱར་སྐྲུན་གྱི་མ་དངུལ་སྤྱི་འདོམས་ངང་བེད་སྤྱོད་ཡག་པོ་གཏོང་བ་དང་། གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་ལས་དོན་རྒྱལ་ཁབ་ཀྱི“རྒྱུད་གཅིག་ལམ་གཅིག”གི་འཐབ་ཇུས་དང་མཉམ་བསྲེས་བྱས་ཏེ། གྲོང་རྡལ་ཅན་གསར་པ་འཛུགས་སྐྲུན་དང་། གྲོང་གསེབ་གསར་པ་འཛུགས་སྐྲུན། དབུལ་སྐྱོར་གསར་སྤེལ། འགག་སྒོ་འཛུགས་སྐྲུན། ཐོན་ལས་གཅིག་སྡུད། རིག་དངོས་སྲུང་སྐྱོང་སོགས་དང་ཟུང་འབྲེལ་དམ་ཟབ་ཀྱིས་གེགས་ཁུལ་གྱི་རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བ་གང་མགྱོགས་སླར་གསོ་ཐུབ་རྒྱུའི་འགན་ལེན་བྱས་ཏེ། གཡུར་ཟའི་གྲུབ་འབྲས་ཀྱིས་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བར་བསུ་བ་ཞུ་དགོས་ཞེས་གསུངས་པ་རེད།

མཛའ་འབྲེལ་དྲ་བ།
010020070840000000000000011100001344791761