གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
  • ༄༅།། ཝུའུ་ ཧན་ གྱི་ བོད་ སྐྱོར་ ལས་ དོན་ སྒྲུབ་ སྟངས ཀྱི་ རྒྱུན་ འཛིན་ པ།

 
2015-08-04        གསར་འགྱུར་འབྱུང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།        འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

    ———བོད་སྐྱོར་ལས་བྱེད་པ་སྣེ་གདོང་རྫོང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཁྲེན་ཁྲུན་ཧུའེ་ཡིས་བོད་དུ་ལས་དོན་བསྒྲུབས་པའི་སྐོར་བཀོད་པ།

    2011ལོའི་ཟླ་7པར་ཡར་ཀླུང་ས་གཞི་ཆེ་མོར་སྐྱེ་སྟོབས་ཀྱི་དཔལ་འབར་ཞིང་གང་སར་སྔོ་ལྗང་གོས་ཀྱིས་བཀླུབས། ཕུགས་འདུན་བཅངས་ནས་གཉེན་ཉེ་དང་ཁ་གྱེས་པའི་ཁྲེན་ཁྲུན་ཧུའེ་བོད་ཀྱི་ཤེས་དཔལ་གྱི་གྲོང་ཁྱེར་སྣེ་གདོང་རྫོང་དུ་འབྱོར་ཏེ་ལོ་3རིང་གི་བོད་སྐྱོར་འཚོ་བ་སྐྱེལ་འགོ་ཚུགས།

    སྣེ་གདོང་རྫོང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཡིན་པའི་ཁྲེན་ཁྲུན་ཧུའེ་ཡིས་ཏང་འཛུགས་སྐྱོང་དང་། ཚོང་འགུག བོད་སྐྱོར་སོགས་ལས་དོན་གྱི་གཙོ་འགན་འཁུར་བ་དང་འབྲེལ་རིག་གནས་དྲིལ་བསྒྲགས་ལས་དོན་གྱི་ཚབ་སྐྱོང་བྱེད་ཀྱི་ཡོད། ཁག་དང་པོ་ནས་དྲུག་པ་བར་གྱི་བོད་སྐྱོར་ལས་དོན་ཇི་ལྟར་རྒྱུན་འཛིན་བྱེད་དགོས་སམ། སྣེ་གདོང་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཞིག་ཇི་ལྟར་གཏོད་དགོས་སམ། ཁག་བདུན་པའི་བོད་སྐྱོར་ལས་དོན་རུ་ཁག་གི་རུ་སྣེ་འཁྲིད་མཁན་ཡིན་པའི་ཁྲེན་ཁྲུན་ཧུའེ་ཡིས་རང་ཉིད་ལ་འགན་འཁྲི་ཆེན་པོ་ཡོད་པའི་ཚོར་སྣང་བྱུང་།

    ལྟ་ཚུལ་གསར་པ་འཛིན་རྒྱུ་ནི་ཚན་རིག་དང་མཐུན་པའི་བོད་སྐྱོར་གྱི་ལས་འགན་གལ་ཆེན་ཞིག་ཡིན། ཁྲེན་ཁྲུན་ཧུའེ་ཡིས་བློ་སྟོབས་ཆེན་པོ་གྲོང་ཁྱེར་དང་གྲོང་གསེབ་སྒྱུར་བཅོས་ལ་གཅིག་འདོམས་དང་ཚོད་ལྟ་བྱས་པ་དང་། “ཝུའུ་ཧན་ཆེན་པོའི”ལས་བྱེད་པའི་ལྟ་ཚུལ་སྒོ་དབྱེ་དང་བསམ་བློ་བཅིངས་འགྲོལ་གྱི་ལེགས་ཆ་འདོན་སྤེལ་བྱས་ཤིང་། རྫོང་ཨུད་ཀྱི་རྒྱབ་སྐྱོར་འོག་སྒྲུབ་ཕོད་པ་དང་། རྒྱུག་ཕོད་པ། ཚོད་ལྟ་བྱེད་ཕོད་པ་བཅས་བྱས་ཏེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཆར་འགོད་དང་། ས་ཆ་བེད་སྤྱོད། རྨང་གཞི་འཛུགས་སྐྱོང་། ཐོན་ལས་འཕེལ་རྒྱས། ཁྲོམ་རའི་མ་ལག སྤྱི་པའི་ཞབས་ཞུ་བཅས“གཞི་གཅིག་ཅན་དྲུག”གི་ཚོད་ལྟར་སྐུལ་སྤེལ་ཧུར་ཐག་བཏང་བ་དང་། རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་གསུམ་སྲིད་དོན་དམངས་ཕན་ཞབས་ཞུ་དང“ཞིང་གསུམ”ཆ་འཕྲིན་ཞབས་ཞུའི“ལས་སྟེགས་ཆེན་པོ་བཞི”འཚོལ་ཞིབ་དང་འཛུགས་སྐྱོང་གིས་སྣེ་གདོང་དུ“གཅིག་སྡུད་གསུམ་དང་གཞན་སྒྱུར་གཉིས”གང་མགྱོགས་མངོན་འགྱུར་ཡོང་བ་བྱས་པ་རེད།

    དམངས་འཚོ་ལེགས་གཏོང་ནི་མི་རིགས་མཐུན་སྒྲིལ་གྱི་རྨང་རྡོ་ཡིན། ལོ་གཉིས་ཀྱི་རིང་ཁོང་གིས་བོད་སྐྱོར་ལས་དོན་རུ་ཁག་གི་སྣེ་ཁྲིད་ནས་བོད་སྐྱོར་རྣམ་གྲངས་དང་མ་དངུལ་དེ་གཞི་རིམ་དང་། ཞིང་འབྲོག་ཁུལ། རྨང་གཞིའི་སྒྲིག་བཀོད་བཅས་སུ་ཕྱོགས་པར་བྱས་པ་དང་། དམངས་འཚོ་ལེགས་བཅོས་དང་དམངས་སེམས་ཐོབ་ཐབས་བྱས་ནས་གཞི་རིམ་དང་མང་ཚོགས་ཁྲོད་ཏང་གི་འབོད་སྐུལ་བྱེད་ཤུགས་དང་གོང་བུ་འགྲིལ་ཤུགས་ཆེ་རུ་བཏང་སྟེ་མི་དམངས་མང་ཚོགས་ལ་བོད་སྐྱོར་གྱི་གྲུབ་འབྲས་སྔར་བས་མང་བ་ཐད་ཀར་ཐོབ་པར་བྱས་ཡོད། ཁོང་གིས་ཁྲ་འབྲུག་དང་ཁེ་གསུམ་གྱི་གཅིག་འདོམས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་གསེབ་གསར་པའི་དཔེ་སྟོན་ས་ཚིགས་2ཧུར་ཐག་བཏོད་དེ་མ་དངུལ་སྒོར་ཁྲི་1000བཏང་ནས་རྩེད་ཐང་གྲོང་རྡལ་དུ་གྲོང་ཁྱེར་དང་གྲོང་རྡལ་གྱི་དྲ་མིག་ཅན་གྱི་སྤྱི་ཚོགས་དོ་དམ་དང་ཞབས་ཞུ་གསར་འབྱེད་ཀྱི་ཚོད་ལྟ་བྱས་པ་རེད། བོད་ཀྱི་གསར་བརྗེའི་གྲོང་ཚོ་དང་པོ་ཡིན་པའི་ཁེ་གསུམ་གྲོང་ཚོ་སོགས་གྲོང་ཚོ་6ཏུ་སྤྱི་ཚོགས་བོད་སྐྱོར་མ་དངུལ་སྒོར་ཁྲི་160བཏང་ནས་ཝུའུ་ཧན་གྲོང་ཁྱེར་གྱི་ཏང་འཛུགས་སྐྱོང་གི“ལྔ་བསྡུ་གཅིག”གི་ཉམས་མྱོང་ནང་འདྲེན་གྱིས་གྲོང་ཚོའི་བཀོད་པའི་གཡུལ་སའི་ནུས་པ་ལེགས་སྒྱུར་བྱས་པའི་ཁར་སྣེ་གདོང་ལ་ཞབས་ཞུའི་རྣམ་པའི་ཏང་རྩ་འཛུགས་འཛུགས་སྐྱོང་གི་ལམ་བུ་གསར་པ་ཞིག་འཚོལ་རོགས་བྱས་པ་རེད། སློབ་གསོ་གོང་འཕེལ་དང་། སྨན་བཅོས་ཀྱི་ཆ་རྐྱེན་ལེགས་བཅོས། སྤྱི་ཚོགས་འགན་སྲུང་འཐུས་ཚང་། རིག་གནས་བྱ་གཞག་དར་རྒྱས་བཅས་སྔོན་ལ་གཏོང་རོགས་བྱས་ནས་སྒོར་ཁྲི་790ལྷག་བཏང་སྟེ་རྫོང་ཕན་བདེ་ཁང་དང་། རྫོང་ལྟེ་བའི་གཟུགས་པོ་བརྟག་དཔྱད་ས་ཚིགས། གྲོང་ཚོ་རིམ་པའི་འཕྲོད་བསྟེན་ཁང་5བཅས་ཀྱི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་པ་དང་། ཞིང་འབྲོག་ཁུལ་གྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་ཧུར་ཐག་བཏང་བ་དང་། སྒོར་ཁྲི་375བཏང་ནས་གཙོ་གནད་ཐོག་གྲོང་གསེབ་ཀྱི་བློ་བདེའི་འཐུང་ཆུ་དང་། གནས་སྤོས་ས་རྒྱུ་ལེགས་སྒྱུར། རྩམ་པ་ལས་སྣོན། ཕྱུགས་ཟོག་གསོ་ཚགས་སོགས་གྲོང་ཚོ་རིམ་པའི་དབུལ་སྐྱོར་རྣམ་གྲངས་7ལ་གཙོ་གནད་ཐོག་ལེགས་བཅོས་བཅས་བྱས་ཏེ་ས་གནས་དེ་གའི་ཞིང་འབྲོག་པ་2000ལྷག་གི་སྣེ་འཁྲིད་དེ་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བ་བཅས་བྱས་པ་རེད། སྣེ་གདོང་གི་རང་ངོས་འཕེལ་རྒྱས་ནུས་པ་ཆེ་རུ་གཏོང་ཆེད། ཁོང་གིས་ཐོན་ལས་ངོ་མ་བསྒྲུབས་ཏེ་བོད་སྐྱོར་བྱ་རྒྱུ་དེ་ཐེངས་འདིའི་བོད་སྐྱོར་སྤུས་རྟགས་ལས་དོན་དང“ཝུའུ་ཧན་གྱི་ལས་དོན་སྒྲུབ་སྟངས”རྒྱ་བསྐྱེད་གཏིང་ཟབ་གཏོང་རྒྱུ་ཚད་བརྒལ་བྱེད་སར་བྱས་ཏེ་དམ་འཛིན་བྱས་ཤིང་། བོད་ལྗོངས་ཧྭ་ཅི་སོགས་ཁེ་ལས་3ནང་འདྲེན་གྱིས་མ་དངུལ་སྒོར་དུང་ཕྱུར་2.46ནང་འདྲེན་བྱས་པ་དང་གཉེར་བཞིན་པའི་སྣེ་གདོང་ཝུའུ་ཧན་ཐོན་ལས་བོད་སྐྱོར་གླིང་གི་རྣམ་པ་རགས་གྲུབ་ནས་སྣེ་གདོང་ཁེ་ལས་ཀྱི་བོད་སྐྱོར་ལ་ཚད་བརྒལ་བྱུང་ཡོད། ཁོང་གིས་མི་རིགས་མཐུན་སྒྲིལ་གྱི་ནང་དོན་ཆེ་རུ་བཏང་བ་དང་། སྤེལ་རེས་འབྲེལ་འདྲིས་བྱེད་སྟངས་ཕུན་སུམ་ཚོགས་སུ་བཏང་བ། བོད་སྐྱོར་གྱི་བརྗོད་བྱ་རྒྱ་ཆེར་གཏོང་བ་བཅས་ལ་བརྟེན་ནས“ཝུའུ་ཧན་གྱི་ལས་དོན་སྒྲུབ་སྟངས”ཀྱི་ཚན་རིག་རང་བཞིན་དང་། རྒྱུན་བསྲིང་རང་བཞིན། མང་ཚོགས་རང་བཞིན་བཅས་རྒྱ་བསྐྱེད་བྱས་ཁར་ལོ་གཉིས་ཀྱི་རིང་གྲོང་ཁྱེར་དང་རྫོང་གི་སྤེལ་རེས་ཐེངས་3དང་ཆུས་དང་ཤང་དབར་གྱི་སྤེལ་རེས་བྱེད་སྒོ་54སྒྲིག་འཛུགས་བྱས་ཤིང་། ཝུའུ་ཧན་གྲོང་ཁྱེར་གྱི་ཐད་གཏོགས་སྡེ་ཚན་དང་སྣེ་གདོང་དབར་གཏན་འཇགས་ཀྱི་ཁ་གཏད་རོགས་སྐྱོར་གྱི་གྲོས་མཐུན་7བཞག་པ་དང་། “ཆེད་ལས་ལག་རྩལ་ཤེས་ལྡན་པ་བརྒྱ་ཕྲག་གི་ལོ་གསུམ་བོད་སྐྱོར་འཆར་གཞི”ལས་སྣེ་གདོང་ལ་ནམ་ཡང་གནས་པའི་ཤེས་ལྡན་པའི་དཔུང་ཁག་ཅིག་གསོ་སྐྱོང་བྱས་པ་མ་ཟད། ཝུའུ་ཧན་གྲོང་མི་ཁྲི་བརྒྱས་སྒོར་བརྒྱའི་གཅེས་སེམས་འབུལ་བའི“བརྒྱ་ཟུང་གཅེས་སེམས་བྱ་སྤྱོད”སྤེལ་ནས་སྣེ་གདོང་ལ་དངུལ་དང་དངོས་པོ་བཅས་སྒོར་ཁྲི་510ལས་བརྒལ་བ་ཞལ་འདེབས་བརྒྱབ་པ་རེད།

མཛའ་འབྲེལ་དྲ་བ།
010020070840000000000000011100001344791851