གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
  • ༄༅།། བོད་ རང་ སྐྱོང་ ལྗོངས་ སྲིད་ གཞུང་ གིས་ བོད་ ཀྱི་ འགྲེམས་ ཚོགས་ འགྲེམས་ སྟོན་ གྱི་ འབྲེལ་ ཡོད་ ལས་ དོན་ ལ་ ཆེད་ དོན་ ཞིབ་ འཇུག་ དང་ བཀོད་ སྒྲིག་ བྱས་ པ།

 
2015-08-27        གསར་འགྱུར་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།        འགན་འཁུར་རྩོམ་སྒྲིག་པ། བསྟན་ཉི།

    ཚེས་25ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ཆེད་དོན་ཚོགས་འདུ་འཚོགས་ནས། བོད་ཀྱི་འགྲེམས་ཚོགས་སུ་ཞུགས་མཁན་ས་ཁུལ་(གྲོང་ཁྱེར)དང་། འབྲེལ་ཡོད་སྡེ་ཚན། འགྲེམས་སྟོན་ནང་ཞུགས་མཁན་ཚན་པ་བཅས་ཀྱི་ལས་ཀའི་སྙན་ཞུ་གསན་པ་དང་། འགྲེམས་སྟོན་གྱི་འབྲེལ་ཡོད་ལས་ཀར་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་རེད། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལྕགས་རྭ·བློ་བཟང་བསྟན་འཛིན་ཚོགས་འདུར་ཞུགས་པ་མ་ཟད། གསུང་བཤད་ཀྱང་གནང་བ་རེད།

    ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། གཅིག་ནས་ཁྱད་ཆོས་མངོན་གསལ་དང་བླང་བྱ་སྟངས་འཛིན་བྱེད་དགོས། འགྲེམས་སྟོན་གྱི་ཐ་སྙད་ཇུས་འགོད་དང་། ནང་དོན་བཀོད་སྒྲིག སྤྱི་ཡོངས་ཀྱི་བླང་བྱ་སྟངས་འཛིན་བཅས་ཀྱི་ཐད་ཡུལ་སྐོར་རིག་གནས་ཀྱི་མཚར་སྡུག་ལྡན་པའི་ཕུལ་བྱུང་ཁྱད་ཆོས་འབུར་དུ་ཐོན་པ་བྱེད་དགོས། གཉིས་ནས་ཉམས་མྱོང་དར་སྤེལ་བཏང་ནས་ཞིབ་ཆར་དམ་འཛིན་བྱེད་དགོས། བོད་ཀྱི་འགྲེམས་ཚོགས་སྐབས་དང་པོའི་ཉམས་མྱོང་དང་། ད་རེས་ཀྱི་བོད་ཀྱི་འགྲེམས་ཚོགས་ཀྱི་འགྲེམས་སྟོན་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབ་དགོས། གསུམ་ནས་ལས་འགན་ཁ་གསལ་ངང་ནུས་ཤུགས་ཡོད་རྒུས་འགྲེམས་སྟོན་བདེ་བླག་ཡོང་བར་འགན་ལེན་ཐུབ་པ་དགོས། བཞི་ནས་དངོས་ཐོག་བདེན་འཚོལ་དང་གྲོན་ཆུང་ནན་ཏན་གྱི་རྩ་དོན་ལ་གཞིགས་ནས། “གཏན་འབེབས་དོན་ཚན་བརྒྱད”ཀྱི་དགོངས་དོན་ཐོག་མཐའ་བར་གསུམ་དུ་ལག་བསྟར་དོན་འཁྱོལ་བྱས་ཏེ། འགྲེམས་སྟོན་དེ་ཁྱད་ཆོས་ལྡན་པ་དང་ནང་དོན་གསར་པ་ལྡན་པ་ཞིག་གཉེར་དགོས།  

མཛའ་འབྲེལ་དྲ་བ།
010020070840000000000000011100001345605961