གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
  • ༄༅།། ཀྲུང་ དབྱང་ གི་ བོད་ ཀྱི་ ལས་ དོན་ སྐོར་ གྱི་ བཞུགས་ མོལ་ ཚོགས་ འདུ་ ཐེངས་ དྲུག་ པའི་ དགོངས་ དོན་ བརྒྱུད་ བསྒྲགས་ དང་ སློབ་ སྦྱོང་ བྱས་ པ།

 
2015-08-28        གསར་འགྱུར་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།        འགན་འཁུར་རྩོམ་སྒྲིག་པ། བསྟན་ཉི།

    ཁྲེན་ཆོན་གོས་ཚོགས་འདུ་གཙོ་སྐྱོང་གནང་བ།

    ཟླ་8ཚེས་26ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་རྒྱུན་ཨུད་ཀྱི(རྒྱ་ཆེའི)ཚོགས་འདུ་སྐོང་ཚོགས་བྱས་ནས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད། ཚོགས་འདུའི་ཐོག་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་བརྒྱུད་བསྒྲགས་དང་། སློབ་སྦྱོང་། ལག་བསྟར་བཅས་བྱ་རྒྱུ་དེ་དེང་སྐབས་ཀྱི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ཏུ་བརྩི་བ་དང་། བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་དམིགས་བསལ་ཐུཌ་ཁུར་དེ་སྒུལ་ཤུཌ་ཆེན་པོ་ཞིག་ཏུ་འགྱུར་བ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་མཛུབ་ཁྲིད་བཅས་སུ་བྱས་ནས་ཏང་གི་བོད་སྐྱོང་ཇུས་ཆེན་ལག་ལེན་མཐའ་གཅིག་ཏུ་བསྟར་བ་དང་ཁྲིམས་ལྟར་བོད་སྐྱོང་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན། མི་སེམས་གཅིག་འགྲིལ། རྨང་གཞི་བརྟན་གཏོང་བཅས་མཐའ་འཁྱོངས་ཀྱིས་འགོ་འཛུགས་ས་གསར་པའི་ཐོག་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་བྱས་པ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    ཚོགས་འདུའི་ཐོག་ཏང་ཡོངས་ཀྱི་རིམ་པ་གོང་འོག་དང་རྒྱལ་ཡོངས་གོང་འོག་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ནས“ཕྱོགས་ཡོངས་ནས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ་དང་།“ལོ་ལྔ་ཚན་བཅུ་གཉིས་པ”མཇུག་འགྲིལ་བ་དང“ལོ་ལྔ་ཚན་བཅུ་གསུམ་པ”འཆར་འགོད་བྱེད་པའི་འགག་རྩའི་དུས་དང་། རང་རྒྱལ་གྱི་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་ཐུབ་པ་བྱེད་པ་དེ་རག་ལས་རང་བཞིན་གྱི་དུས་མཚམས་སུ་སླེབས་པ། བོད་ཀྱི་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་དང་། སྤྱི་ཚོགས་བྱ་གཞག་ཁྱོན་ཡོངས་ནས་ཡར་ཐོན། མང་ཚོགས་ཀྱི་འཚོ་བའི་ཆུ་ཚོད་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ། སྤྱི་ཚོགས་ཀྱི་ཁྱོན་ཡོངས་རྒྱུན་སྲིང་བརྟན་ལྷིང་བཅས་ཀྱི་ཐོག་ནས་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བར་དགའ་སྤྲོའི་ངང་བསུ་བ་ཞུ་བ་བཅས་ཀྱི་དུས་འདིར་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་སྐོང་ཚོགས་གནང་ནས་དུས་སྐབས་གསར་པའི་བོད་ཀྱི་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་གནང་བ་དེ་གལ་འགངས་ཤིན་ཏུ་ཆེ་ལ་དུས་ཐོག་ཀྱང་ཡིན་པས་དུས་རབས་ལས་བརྒལ་བ་དང་ལམ་ཚད་རྡོ་རིང་གི་དོན་སྙིང་ལྡན་ཡོད། ཚོགས་འདུའི་རིང་ཏང་དང་རྒྱལ་ཁབ་ཀྱི་འཐབ་ཇུས་ཁྱོན་ཡོངས་ལ་དམིགས་ཏེ་མེས་རྒྱལ་གཅིག་གྱུར་དང་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པའི་མཐོ་ཚད་དང་། མཐའ་མཚམས་མི་རིགས་ས་ཁུལ་གྱི་བདེ་འཇགས་མཐུན་སྒྲིལ་དང་ཞི་མཐུན་བརྟན་ལྷིང་ལ་སྐུལ་མ་གཏོང་བའི་མཐོ་ཚད། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྤྱི་འདོམས་བྱེད་པ་དང་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་ཐུབ་པ་བྱེད་པའི་མཐོ་ཚད་བཅས་སུ་ལངས་ཏེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྔར་བས་སྐུལ་འདེད་གཏོང་རྒྱུའི་སྐོར་ཆེད་མངགས་ཞིབ་འཇུག་བྱས་པ་དེ་ཐོག་ནས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་བྱམས་བརྩེའི་ཐུགས་ཁུར་གནང་ལུགས་གང་ལེགས་མཚོན་ཡོད། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཐོག་བོད་ཀྱི་ལས་དོན་ལ་སྐུལ་འདེད་གཏོང་བའི་ཐད་སྔར་འདོན་མྱོང་མེད་པའི་བྱ་ཐབས་གསར་པ་གཏན་འཁེལ་བྱས་པ་དེ་དག་ཞིབ་ཅིང་ཚགས་ལ་སྐུལ་གཏོང་གི་ནུས་པ་ཧ་ཅང་ཆེན་པོ་ལྡན་པ་དེ་ཐོག་ནས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་དམིགས་བསལ་གྱི་ཐུགས་ཁུར་དང་དམིགས་བསལ་ཀྱི་རྒྱབ་སྐྱོར་གནང་ལུགས་གང་ལེགས་མཚོན་པས་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་ནམ་ཡང་ངེས་པ་དང་དྲིན་ཚོར་བ་བྱས་ཏེ་ལས་དོན་ཁག་ཏན་ཏིག་ངང་ཡག་པོ་སྒྲུབ་པའི་སྒུལ་ཤུགས་སུ་འགྱུར་བ་བྱ་རྒྱུ་རེད་ཅེས་བསྟན་པ་རེད། ཚོགས་འདུའི་ཐོག་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཐོག་བོད་ཀྱི་དེང་སྐབས་ཀྱི་དངོས་ཡོད་གནད་དོན་ཐག་གཅོད་བྱེད་ལ་བོད་འདི་ཉིད་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་ཡུན་རིང་བདེ་འཁོད་ཡོང་བ་བྱེད་པའི་འཐབ་ཇུས་བཀོད་སྒྲིག་ཀྱང་གསལ་སྟོན་བྱས་ཡོད་པས་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་དང་ལོ་རྒྱུས་ཀྱི་དོན་སྙིང་གཏིང་ཟབ་ལྡན་ཡོད་པས་བོད་ཀྱི་ལས་དོན་དེ་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་བློ་བརྟན་འགྱུར་མེད་ཀྱི་འགོ་ཁྲིད་འོག་ཁ་ཕྱོགས་ཡང་དག་བརྒྱུད་འོད་ཟེར་གྱི་ཕྱོགས་སུ་གོམ་ཞེང་ཆེན་པོས་མདུན་སྐྱོད་བྱེད་པར་སྐུལ་འདེད་གཏོང་ཐུབ་ངེས་རེད་ཅེས་བསྟན་པ་རེད།

    ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་དེ་ཁྱོན་ཡོངས་ལ་དམིགས་པ་དང་། སྤྱི་ཡོངས་ཁོང་དུ་ཆུད་པ། མཐོང་རྒྱ་ཆེ་ལ་མིག་རྒྱང་རིང་བ། རྒྱས་བཤད་གནད་ལ་འཕིགས་པ། དགོངས་པ་གཏིང་ཟབ་པ་བཅས་ཀྱི་ཐོག་ནས་བོད་ཀྱི་ལས་དོན་ལ་ཁས་ལེན་གང་ལེགས་དང་། བོད་ལ་འཕྲད་པའི་དུས་བབ་དང་ལས་འགན་ལ་ཚན་རིག་དང་མཐུན་པའི་དབྱེ་ཞིབ། རིགས་པའི་གཞུང་ལུགས་དང་དངོས་ཡོད་ཀྱི་གནད་དོན་གལ་ཆེན་རབ་དང་རིམ་པར་རྒྱས་བཤད་གཏིང་ཟབ། བོད་ཀྱི་ལས་དོན་གྱི་དོན་ལ་བབས་ས་དང་ཤུགས་རྒྱག་ས་གསལ་སྟོན། བོད་ཀྱི་དུས་བབ་དང་ལས་འགན་ལ་ཆོད་གཏམ་གསར་པ་བཅས་གནང་བས་རང་རེའི་ཏང་གི་མཐའ་སྐྱོང་བོད་བརྟན་གྱི་རིགས་པའི་གཞུང་ལུགས་མཆོང་སྐྱོད་གསར་པ་བྱུང་བ་དང་། ཏང་གི་བོད་སྐྱོང་ཇུས་ཆེན་གྱི་འཁྱེར་སོ་གསར་པ་གཏོད་པ། བོད་དུ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པ་བྱེད་པའི་ལམ་བུ་གསར་པ་གཏོད་པ་བཅས་བྱུང་བ་མ་ཟད། བོད་ཀྱི་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་བཀོད་སྒྲིག་གསར་པ་དང་བོད་དུ་ཡོད་པའི་ཏང་གི་སྲིད་སྐྱོང་རྨང་གཞི་བརྟན་དུ་གཏོང་བའི་བླང་བྱ་གསར་པ་བཏོན་གནང་བས་དུས་རབས་ཀྱི་རང་བཞིན་དང་། ཆབ་སྲིད་ཀྱི་ཁ་ཕྱོགས་རང་བཞིན། འཐབ་ཇུས་ཀྱི་མཛུབ་ཁྲིད་རང་བཞིན། ཏན་ཏིག་གི་དམིགས་སའི་རང་བཞིན་བཅས་གསལ་པོ་ལྡན་པ་དང་དུས་སྐབས་གསར་པར་བོད་ཀྱི་ལས་དོན་ལ་མཛུབ་ཁྲིད་བྱེད་པའི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་དང་གཞི་རྩའི་བརྩི་སྲུང་ཞུ་ས་ཡིན་པ་དེས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བར་ཁ་ཕྱོགས་དང་ལམ་བུ་གསལ་སྟོན་བྱས་པ་དང་གཞི་རྩའི་བརྩི་སྲུང་ཞུ་ས་དང་སྒུལ་ཤུགས་ཆེན་པོ་མཁོ་འདོན་བྱས་ཡོད། ཙུང་ལི་ལི་ཁེ་ཆང་དང་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གི་གསུང་བཤད་གལ་ཆེན་ནང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་ལས་ཀའི་བསམ་ཕྱོགས་དང་། སྲིད་ཇུས་བྱ་ཐབས། ཞིབ་ཕྲའི་བླང་བྱ་བཅས་གསལ་སྟོན་གནང་ཡོད། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་སེམས་ཤུགས་གཅིག་སྡུད་ངང་སློབ་སྦྱོང་ནན་ཏན་བྱེད་པ་དང་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་འགན་འཁྲིའི་བསམ་པ་དང་། འགན་འཁུར་བསམ་པ། དགོས་གཏུགས་ཀྱི་བསམ་པ་བཅས་སྔར་བས་ཆེ་རུ་བཏང་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བ་བྱེད་པའི་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་ཧུར་ཐག་རྩོམ་དགོས་ཞེས་ནན་བཤད་བྱས་པ་རེད།

    ཚོགས་འདུའི་ཐོག་ལྗོངས་ཡོངས་ཀྱི་རིམ་ཁག་དང་སྡེ་ཚན་ཁག་དང་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་དང་ལྷག་དོན་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱ་རྒྱུ་དེ་དེང་སྐབས་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ཏེ་ཚད་མཐོའི་སྣང་ཆེན་བྱེད་པ་དང་། མགྱོགས་མྱུར་བྱ་སྤྱོད་སྤེལ་བ། དོན་འཁྱོལ་ལ་དམ་འཛིན་ཡག་པོ་བཅས་བྱས་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཀྱི་རྣམ་པ་གསར་པ་ཞིག་རྒྱུན་ཆད་མེད་པར་གསར་གཏོད་བྱེད་དགོས། གཅིག་ནས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་དགོས། རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་སློབ་སྦྱོང་གི་འཆར་གཞི་བཟོ་བ་དང་མཉམ་སྡེབ་སློབ་སྦྱོང་དང་། རང་སྦྱོང་། ཆེད་དོན་ཟུར་ཁྲིད་སོགས་ཀྱི་བྱེད་ཐབས་ཐོག་ནས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་དང་མཐིལ་རྟོགས་པ་བྱེད་དགོས། རིམ་ཁག་ཏང་ཡོན་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་ཀྱིས་སློབ་སྦྱོང་བྱས་ནས་སྔོན་ལ་སློབ་སྦྱོང་བྱེད་པ་དང་། སློབ་སྦྱོང་མང་ཙམ་བྱེད་པ། ཞིབ་ཀློག་གཏིང་ཟབ་བྱེད་པ། ཕྱོགས་ཡོངས་ཁོང་དུ་ཆུད་པ་བཅས་བྱེད་དགོས། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་དང་ལྷག་དོན་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དེ་ལས་བྱེད་པའི་སློབ་གསོ་དང་གསོ་སྦྱོང་གི་འཆར་འགོད་ནང་འཇུག་པ་དང་རིམ་ཁག་ཏང་གི་སློབ་གྲྭའི(སྲིད་འཛིན་སློབ་གླིང)ལས་བྱེད་པའི་སློབ་གསོ་དང་གསོ་སྦྱོང་གི་འཆར་གཞི་དང་གཙོ་གཟུགས་ལན་གྲངས་ཀྱི་སློབ་ཁྲིད་ནང་དོན་ནང་བཅུག་ནས་རིམ་པ་མི་འདྲ་བ་དང་རིགས་མི་འདྲ་པའི་སློབ་སྦྱོང་འཛིན་གྲྭ་དང་། གསོ་སྦྱོང་འཛིན་གྲྭ ཞིབ་བསྡུར་འཛིན་གྲྭ་བཅས་སྤྱི་འདོམས་ངང་བཀོད་སྒྲིག་ཡག་པོ་བྱེད་དགོས། གཞི་རིམ་ཏང་རྩ་འཛུགས་ཁག་གིས་རྣམ་པ་འདྲ་མིན་སྣ་ཚོགས་དང་གསོན་ཉམས་ལྡན་པའི་སློབ་སྦྱོང་དང་སློབ་གསོའི་བྱེད་སྒོ་སྤེལ་ནས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་འཕྱུགས་མེད་ངང་ཁོང་དུ་ཆུད་པ་བྱེད་དགོས།

    གཉིས་ནས་ལག་བསྟར་བསམ་འཆར་བཟོ་དགོས། བོད་ཀྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་ཀྱིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྔར་བས་སྐུལ་འདེད་གཏོང་བའི་ལག་བསྟར་བསམ་འཆར་བཟོ་དགོས།

    གསུམ་ནས་རྣམ་པ་བཟང་པོ་ཞིག་གཏོད་དགོས། རིམ་ཁག་དང་རིགས་ཁག་གི་གསར་འགྱུར་སྨྱན་སྦྱོར་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ཆེད་མངགས་ཀྱི་དྲིལ་བསྒྲགས་འཆར་གཞི་བཟོ་བ་དང་བྱེད་ཐབས་སྣ་མང་སྤྱད་ནས་ལྗོངས་ཡོངས་ཀྱི་རིམ་པ་གོང་འོག་ཏུ་སློབ་སྦྱོང་དང་ལག་བསྟར་གྱི་ཚ་རླབས་ཤིག་མགྱོགས་མྱུར་འཕྱུར་བ་བྱས་ནས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཁྱིམ་ཚང་ཀུན་གྱིས་རྟོགས་པ་དང་མི་སེམས་ལ་ཟུག་པ་བྱེད་དགོས།

    བཞི་ནས་འགོ་ཁྲིད་ཀྱི་འགན་འཁྲི་དོན་འཁྱོལ་བྱེད་དགོས། རིམ་ཁག་དང་སྡེ་ཚན་ཁག་གི་འགོ་ཁྲིད་གཙོ་བོ་ངོ་མས་དམ་འཛིན་བྱེད་པ་དང་སྤྱི་འགན་འཁུར་ནས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱ་རྒྱུ་དེ་ཉིན་རེའི་གྲོས་རིམ་གལ་ཆེན་ནང་བཞག་སྟེ་སྡེ་ཚན་ཁག་གིས་ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་ངང་ཞིབ་ཕྲའི་བྱ་ཐབས་བཟོ་བ་དང་འགྲིལ་ཤུགས་ཆེན་པོ་ཞིག་ཆགས་པ་བྱས་ཐོག་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་ཁག་དོན་ཐོག་ཏུ་འཁྱོལ་བ་དང་དངོས་ཕན་ཐོབ་རྒྱུའི་འགན་ལེན་བྱེད་དགོས།

    ལྔ་ནས་བསམ་བློའི་ངོས་འཛིན་གཅིག་གྱུར་ཡོང་བ་བྱེད་དགོས། སློབ་སྦྱོང་གཏིང་ཟབ་དང་དྲིལ་བསྒྲགས་རྒྱ་ཁྱབ་བྱས་པ་བརྒྱུད་ལྗོངས་ཡོངས་ཀྱི་རིམ་ཁག་དང་སྡེ་ཚན་ཁག་དང་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་བློ་དང་བྱ་སྤྱོད་དེ་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་བཀོད་སྒྲིག་བླང་བྱའི་ཐོག་གཅིག་གྱུར་དང་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཐོག་གཅིག་གྱུར་ཡོང་བ་བྱེད་དགོས།

    དྲུག་ནས་རྟེན་འབྲེལ་ཆེ་མོའི་བྱེད་སྒོ་སྒྲིག་འཛུགས་ཡག་པོ་བྱེད་དགོས། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱ་རྒྱུ་དེ་སྒུལ་ཤུགས་སུ་བརྩིས་ཏེ་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བའི་རྟེན་འབྲེལ་བྱེད་སྒོ་སྣ་ཚོགས་སྒྲིག་འཛུགས་ཡག་པོ་བྱེད་པ་དང་བདེ་འཇགས་དང་། ཞི་མཐུན། ཕུན་སུམ་ཚོགས་པོ་བཅས་འགན་ལེན་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཚོས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་དྲོ་སྐྱིད་མྱོང་ཚོར་ཐུབ་པ་བྱེད་དགོས།

    བདུན་ནས་རྣམ་པ་གསར་པ་གཏོད་དགོས། འཕེལ་རྒྱས་ཤུགས་ཆེན་གཏོང་བའི་རྣམ་པ་གསར་པ་གཏོད་ནས་འགོ་འཛུགས་ས་དང་དོན་ལ་བབས་ས་ཡིན་པའི་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་འགྲིལ་དེ་ཁོང་དུ་བརྟན་པོ་ཆུད་པ་བྱེད་པ་དང་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་ལ་མངོན་གསལ་དུ་དམ་འཛིན་བྱས་ནས་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་རྒྱལ་ཡོངས་དང་གཅིག་མཚུངས་ངང་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པ་བྱེད་པའི་འགན་ལེན་བྱེད་པ་དང་། ཡུན་རིང་བདེ་འཁོད་ཀྱི་རྣམ་པ་གསར་པ་གཏོད་ནས་སྤྱི་ཚོགས་དུས་བབ་རྒྱུན་སྲིང་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང། ཕྱོགས་ཡོངས་ནས་བརྟན་ལྷིང་བཅས་ཡོང་བ་བྱ་རྒྱུ་དེ་ལྡོག་མེད་ཀྱི་ལས་འགན་ཞིག་ཏུ་བརྩི་བ་དང་ཁྲིམས་ལྟར་བཅོས་སྐྱོང་དང་། རང་འགུལ་བཅོས་སྐྱོང་། ཕྱོགས་བསྡུས་བཅོས་སྐྱོང་། འབྱུང་རྩ་ནས་བཅོས་སྐྱོང་བཅས་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་བརྟན་ལྷིང་སྲུང་སྐྱོང་གི་བྱ་ཐབས་ཁག་དོན་འཁྱོལ་བྱེད་པ་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་རང་འགུལ་དབང་ཆ་སྟངས་འཛིན་ནན་པོ་བྱེད་པ། མི་རིགས་མཐུན་སྒྲིལ་གྱི་རྣམ་པ་གསར་པ་གཏོད་ནས་སྲོག་རྩ་ཡིན་པའི་མི་རིགས་མཐུན་སྒྲིལ་དེ་ཁོང་དུ་བརྟན་པོ་ཆུད་པ་བྱེད་པ་དང་མི་རིགས་ཁག་གི་མང་ཚོགས་ཕན་ཚུན་ཤེས་རྟོགས་དང་། ཕན་ཚུན་རོགས་རམ། ཕན་ཚུན་དགའ་སྤྲོ། ཕན་ཚུན་སློབ་སྦྱོང་བཅས་ལ་སྐུལ་མ་བཏང་ནས་མི་རིགས་མཐུན་སྒྲིལ་གྱི་དཔེ་བཟང་ཁུལ་སྐྲུན་པ། ཆོས་ལུགས་འཆམ་མཐུན་གྱི་རྣམ་པ་གསར་པ་གཏོད་ནས་དགོན་སྡེའི་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་གསར་གཏོད་བྱེད་པ་དང་དགོན་སྡེའི་དོ་དམ་གྱི་ཕུགས་ཕན་ལམ་སྲོལ་འཐུས་ཚང་དུ་བཏང་ནས་བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་པ་བྱེད་པར་སྐུལ་འདེད་གཏོང་བ། དམངས་འཚོ་ལེགས་གཏོང་གི་རྣམ་པ་གསར་པ་གཏོད་ནས་རིམ་པ་དེ་གའི་ནོར་སྲིད་ཡོང་འབབ་ཀྱི་70%ཡན་དམངས་འཚོ་འགན་ལེན་བྱེད་པ་དང་ལེགས་སུ་གཏོང་བའི་ཐད་མུ་མཐུད་བེད་སྤྱོད་གཏོང་བ་དང་གཞི་རྩའི་སྤྱི་པའི་ཞབས་ཞུར་སྐུལ་འདེད་ཤུགས་ཆེན་བཏང་སྟེ་ལོ་ལྟར་དམངས་ལ་ཕན་པ་བསྐྲུན་རྒྱུ་དང་དགོན་སྡེ་དང་གྲྭ་བཙུན་ལ་ཕན་པ་བསྐྲུན་རྒྱུའི“དོན་དངོས་ཁག་བཅུ”ཡག་པོ་བསྒྲུབ་རྒྱུ་མཐའ་འཁྱོངས་ཀྱིས་མི་རིགས་ཁག་གི་མང་ཚོགས་འཕེལ་རྒྱས་ནང་ཞུགས་ཚད་དང་ཐོབ་པའི་མྱོང་ཚོར་ཟབ་ཏུ་གཏོང་བ། སྣོད་བཅུད་བཟང་བའི་རྣམ་པ་གསར་པ་གཏོད་ནས་སྣོད་བཅུད་སྲུང་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱེད་པ་དང་ཕྱོགས་བསྡུས་བྱ་ཐབས་སྤྱད་དེ་བོད་འདི་ཉིད་དགུང་སྔོ་ཆུ་དྭངས་ཡོང་བའི་འགན་ལེན་བྱེད་པ། ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་རྣམ་པ་གསར་པ་གཏོད་ནས་ཆབ་སྲིད་ཀྱི་སྒྲིག་ལམ་དང་ཆབ་སྲིད་ཀྱི་སྒྲིག་སྲོལ་ནན་སྲུང་བྱེད་པ་དང་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐོག་ནས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱས་ཏེ་ནུས་ཤུགས་ཡོད་རྒུས་རིམ་ཁག་འགོ་ཁྲིད་ཚན་ཁག་དང་། ལས་བྱེད་པ་དང་ཤེས་ལྡན་པའི་དཔུང་ཁག གཞི་རིམ་རྩ་འཛུགས་བཅས་འཛུགས་སྐྱོང་ཡག་པོ་བྱེད་པ་དང་། “ནན་གསུམ་དྲང་གསུམ”ལག་ལེན་བསྟར་བ། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་སྙིང་སྟོབས”སྔར་བས་དར་སྤེལ་གཏོང་བ་བཅས་བྱས་ནས་བོད་དུ་ཡོད་པའི་ཏང་གི་སྲིད་སྐྱོང་རྨང་གཞི་བརྟན་དུ་གཏོང་བ། མཐའ་སྲུང་སྲ་བརྟན་གྱི་རྣམ་པ་གསར་པ་གཏོད་ནས་མཐའ་མཚམས་ས་ཁུལ་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་པ་དང་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་ཡོལ་དང་མེས་རྒྱལ་ལྷོ་ནུབ་མཐའ་མཚམས་ཀྱི་ཟངས་གྱང་ལྕགས་རྩིག་བརྟན་པོ་བསྐྲུན་པ་བཅས་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་ཐུགས་བློ་བདེ་པོ་ཡོང་བ་བྱེད་པ་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་བདེ་སྐྱིད་བསྐྲུན་དགོས་པའི་བླང་བྱ་བཏོན་པ་རེད།

མཛའ་འབྲེལ་དྲ་བ།
010020070840000000000000011100001345640771