གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
  • ༄༅།། བོད་ ཀྱི་ སྣོད་ བཅུད་ བདེ་ འཇགས་ སྲུང་ ཡོལ་ སྲུང་ སྐྱོང་ འཛུགས་ སྐྲུན་ ལས་ གྲྭར་ ཕན་ འབྲས་ མངོན་ གསལ་ དོད་ པོ་ ཐོན་ པ།

 
2015-08-28        གསར་འགྱུར་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།        འགན་འཁུར་རྩོམ་སྒྲིག་པ། བསྟན་ཉི།

    ཉེ་ཆར་སྒེར་རྩེ་རྫོང་གི་ནུབ་བྱང་མཚམས་སུ་རྩྭ་ཐང་ཡངས་པོ་དང་ནམ་མཁའི་མཐའ་གཉིས་སྔོ་ཐིང་ཐིང་དུ་འདྲེས་ནས་མཛེས་ལྗོངས་ལྟ་ན་སྡུག་པ་ཞིག་མངོན་པ་དེ་ནི་བོད་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་སྲུང་སྐྱོང་འཛུགས་སྐྲུན་ཐད་ཀྱི་གྲུབ་འབྲས་ཐོབ་པའི་དཔེ་གཞི་ཞིག་རེད།

    2009ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《བོད་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་སྲུང་སྐྱོང་འཛུགས་སྐྲུན་འཆར་འགོད(2008ནས་2030ལོའི་བར)》ལ་གྲོས་འཆམ་གནང་ནས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་འཛུགས་སྐྲུན་སྐོར་གྱི་ལས་གྲྭ་རིགས་ཆེན་པོ་གསུམ་དང་རྣམ་གྲངས་10ལག་བསྟར་བྱེད་རྒྱུའི་ཐག་བཅད་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་གྱིས་བྱེད་ཐབས་ནུས་ལྡན་སྤྱད་དེ་ལས་གྲྭ་འཛུགས་སྐྲུན་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཞིང་། ལོ་དྲུག་ལྷག་ཙམ་རིང་རྒྱལ་ཁབ་ཀྱིས་ཁྱོན་མ་དངུལ་སྒོར་དུང་ཕྱུར་78བཏང་བར་སྣོད་བཅུད་ཕན་འབྲས་དང་། དམངས་འཚོའི་ཕན་འབྲས། སྤྱི་ཚོགས་ཕན་འབྲས། དཔལ་འབྱོར་ཕན་འབྲས་བཅས་མངོན་གསལ་དོད་པོ་ཐོན་ཡོད་པ་རེད།

    གཅིག་ནས་ས་མཐོའི་སྣོད་བཅུད་མ་ལག་སྤྱིའི་ཆ་ནས་བརྟན་དུ་ཕྱིན་པ། རྒྱང་ཚོར་བརྟག་དཔྱད་དང་ས་ངོས་བལྟ་དཔྱད་བྱས་པའི་གྲངས་གཞི་ལས་བོད་ལྗོངས་ས་མཐོའི་སྣོད་བཅུད་མ་ལག་སྤྱིའི་ཆ་ནས་བརྟན་པོ་ཡོང་རྒྱུ་རྒྱུན་འཁྱོངས་ཐུབ་པས་དུས་སྐབས་ཁག་བར་གྱི་སྣོད་བཅུད་མ་ལག་གྲུབ་ཆར་འགྱུར་ལྡོག་མངོན་གསལ་དོད་པོ་ཕྱིན་མེད་པ་དང་། ནགས་ཚལ་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་1024.2ཆེ་རུ་ཕྱིན་པ། སྡོང་ཕྲན་ནགས་ཚལ་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་1036.7ཆེ་རུ་ཕྱིན་པ། ས་ངོས་སྔོ་ཁེབས་ཚད་ཅུང་འཕར་ལ་སྔོ་ཁེབས་ཚད་ཆེ་རུ་ཕྱིན་པའི་རྒྱ་ཁྱོན་གྱིས་ལྗོངས་ཡོངས་ཀྱི་རྒྱལ་ཁབ་ས་ཆའི་66.5%ཟིན་པ་བཅས་མངོན་ཡོད་པ་རེད།

    གཉིས་ནས་ལྗོངས་ཡོངས་ཀྱི་བྱེ་འགྱུར་རྒྱ་ཁྱོན་རིམ་བཞིན་ཆུང་དུ་ཕྱིན་ནས་བྱེ་རླུང་འགོག་བཅོས་ཐད་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ། བྱེ་འགྱུར་རྒྱ་ཁྱོན་སྤྱི་ཆིང་ཁྲི་10.71ཆུང་དུ་ཕྱིན་ནས་བྱེ་འགྱུར་ཧ་ཅང་ཚབས་ཆེན་བའི་ས་ཆ་ཁག་ཚབས་ཆེན་དང་ཡང་ན་ཚབས་འབྲིང་དུ་གྱུར་པ། གཞིས་རྩེ་དང་། ལྷོ་ཁ། བོད་ཀྱི་ཤར་ལྷོ་ཁུལ་བཅས་ཀྱི་ས་གཤིས་ཀྱི་སྐྱེ་ལྡན་རྫས་བཅུད་དང་བཞའ་ཚན་སྟོན་རྟགས་88.5%དང་104.4%སོ་སོར་འཕར་བ། རྩྭ་ནགས་མཉམ་འདེབས་བྱེད་ཐབས་ལ་བྱེ་འཇགས་ཕན་འབྲས་ཡག་པོ་ཐོན་ནས་ཡར་ཀླུང་གཙང་པོའི་ལུང་གཞུང་གི་སྣོད་བཅུད་ལེགས་སུ་ཕྱིན་པ། ཡར་ཀླུང་གཙང་པོའི་ལུང་གཞུང་གི་གནོད་འཚེའི་རང་བཞིན་གྱི་བྱེ་རླུང་གནམ་གཤིས་སྟོན་ཚད་དང་གྱོང་གུན་ཐེབས་ཚད་དེ་2000ལོའི་ཉིན་85ནས་2014ལོའི་ཉིན་32བར་ཉུང་དུ་ཕྱིན་པ་དང་། ལྷག་པར་ཏུ་གོང་དཀར་གནམ་ཐང་གི་ལོའི་གནོད་འཚེའི་རང་བཞིན་གྱི་བྱེ་རླུང་གནམ་གཤིས་སྟོན་ཚད་དེ་ལོ་རེའི་ཉིན་60ནས་20བར་ཉུང་དུ་ཕྱིན་པ་རེད།

    གསུམ་ནས་ཕྱུགས་བཀག་རྩྭ་གསོ་བྱས་ནས་རྩྭ་ས་བསྐྱར་གསོར་སྐུལ་འདེད་བཏང་བ། ཕྱུགས་བཀག་རྩྭ་གསོ་ལས་གྲྭ་ཁུལ་གྱི་ཕྱི་ནང་གཉིས་ཀ་བསྡུར་ན། སྔོ་ཁེབས་ཚད་9.9%ནས་22.5%བར་མཐོ་རུ་ཕྱིན་པ་དང་། དེ་དག་ལས་འདམ་གཞུང་རྫོང་མཐོ་གྲང་སྤང་ཐང་ལས་གྲྭ་ཁུལ་གྱི་འཕར་ཚད་22.5%ཟིན་ནས་མཐོ་ཤོས་སུ་གྱུར་ཡོད་པ་རེད། སྐྱེས་དངོས་ཁེབས་ཚད་ཆ་སྙོམས་24.25%འཕར་ནས་ཕྱུགས་རྩྭའི་ཐོན་འབབ་རིམ་རྩིས་བརྒྱབ་ན་ཏུན་ཁྲི་388མང་དུ་ཕྱིན་ཡོད་པ་རེད། བཞི་ནས་ཞིང་འབྲོག་ཁུལ་གྱི་དྭངས་གཙང་ནུས་རྒྱུ་སྤྱོད་ཚད་ཆེས་ཆེར་མཐོ་རུ་ཕྱིན་པ། དྭངས་གཙང་ནུས་རྒྱུ་གསར་པ་སྤྱོད་ཚད་65.6%ཟིན་ནས་ནགས་རྩྭའི་སྣོད་བཅུད་མ་ལག་ལ་གཏོར་བརླག་ཐེབས་ཚད་ཉུང་དུ་ཕྱིན་ཡོད་པ་སྟེ། གློག་ནུས་དང་། ཉི་ནུས། རྫབ་རླངས་བཅས་ཀྱིས་གཙོས་བའི་དྭངས་གཙང་ནུས་རྒྱུའི་བསྡུར་ཚད་དེ་20.7%ནས་65.6%བར་མཐོ་རུ་ཕྱིན་ནས་ཚབ་སྤྱོད་བྱེད་ཚད་44.8%ཟིན་ཏེ་སྲོལ་རྒྱུན་སྐྱེ་དངོས་ནུས་རྒྱུ་ལ་ཤུགས་ཆེན་བརྟེན་པ་ནས་དྭངས་གཙང་ཐན་ཉུང་ནུས་རྒྱུར་བརྟེན་པའི་བར་རིམ་བཞིན་འགྱུར་ནས་ལོ་རེར་CO2ཕྱིར་འབུད་ཚད་དང་ཚབ་སྤྱོད་ཚད་ལྡན་རྡོ་སོལ་ཉུང་དུ་གཏོང་ཚད་ཏུན་ཁྲི་341.2དང་ཏུན་ཁྲི་125.5ཟིན་ཡོད་པ་རེད།

    ལྔ་ནས་རང་བྱུང་ནགས་ཚལ་དང་རང་བྱུང་སྣོད་བཅུད་ཁུལ་སྲུང་སྐྱོང་ཐད་ཕན་འབྲས་རགས་ཙམ་ཐོན་ནས་བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་སྐྱེ་དངོས་ཀྱི་ཁྱུ་ཚོགས་སླར་གསོ་རང་བཞིན་གྱིས་འཕར་བ། ནགས་ཚལ་ཐོན་ཁུངས་སྤྱིའི་ཟད་གྲོན་སྨི་རྒྱ་དཔངས་གྲུ་བཞི་ཁྲི་150.5ནས་69.4བར་ཆག་ནས་ཟད་གྲོན་53.9%ཉུང་དུ་ཕྱིན་པ་དང་། རང་བྱུང་སྲུང་སྐྱོང་ཁུལ་གྱི་རྒྱ་ཁྱོན་གྱིས་ལྗོངས་ཡོངས་རྒྱ་ཁྱོན་གྱི་34.35%ཟིན་ནས་བདག་ཏུ་མ་བཟུང་བའི་སྲོག་ཆགས་རྩ་ཆེན་གྱི་ཁྱུ་ཚོགས་མངོན་གསལ་དོད་པོས་འཕར་བ། གཙོད་ཁྱུའི་གྲངས་འབོར་ལོ་རེ་བཞིན་འཕར་ནས་མིག་སྔར་གཙོད་མགོ་གྲངས་ཁྲི་20གཡས་གཡོན་ཡོད་པ། ཁྲུང་ཁྲུང་སྐེ་ནག་8000གཡས་གཡོན་ཟིན་ནས་གོ་ལ་ཧྲིལ་པོའི་ཁྲུང་ཁྲུང་སྐེ་ནག་བསྡོམས་འབོར་གྱི་80%ཡན་ཟིན་པ། རྒྱལ་ཁབ་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་སྤྲེའུ་སྤུ་སེར་700ལྷག་ཙམ་ཟིན་ནས་རྒྱལ་ཡོངས་ཁྱུ་ཚོགས་གྲངས་འབོར་གྱི་33%ཟིན་པ་བཅས་རེད།

    དྲུག་ནས་སྣོད་བཅུད་མ་ལག་གི་ཞབས་ཞུའི་ནུས་པ་རིམ་བཞིན་ཆེ་རུ་ཕྱིན་ནས་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གྱི་ཕན་ནུས་བརྟན་པོའི་ངང་ཆེ་རུ་ཕྱིན་པ། སྣོད་བཅུད་མ་ལག་གི་ཆུ་ཁུངས་སྙོམས་སྒྲིག་ནུས་པ་ཆེ་རུ་ཕྱིན་ནས་ལྟག་ཆུ་བསྐྱིལ་གསོག་ནུས་པ་བརྟན་པོའི་ངང་རྒྱུན་འཁྱོངས་ཐུབ་པ་དང་། བོད་ཀྱི་ནགས་ཚལ་དང་། རྩྭ་ས། འདམ་ར་སོགས་སྣོད་བཅུད་མ་ལག་གི་ལྟག་ཆུ་སྐྱིལ་གསོག་ནུས་པའི་ཐད་ཤར་ལྷོ་ནས་ནུབ་བྱང་དུ་རིམ་བཞིན་ཆུང་དུ་འགྲོ་བའི་ཁྱད་ཆོས་མངོན་ནས་ལྟག་ཆུ་བསྐྱིལ་གསོག་ཞབས་ཞུའི་ནུས་པ་ཅུང་མཐོ་རུ་ཕྱིན་ཡོད་པ་རེད།

མཛའ་འབྲེལ་དྲ་བ།
010020070840000000000000011100001345647231