གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
  • ༄༅།། བོད་ རང་ སྐྱོང་ ལྗོངས་ དབུ་ བརྙེས་ ནས་ ལོ་ 50སོང་ ཚུན་ ནག་ ཆུའི་ དཔལ་ འབྱོར་ བྱ་ འཕུར་ བ་ ལྟར་ འཕེལ་ རྒྱས་ བྱུང་ བ།

 
2015-08-31        གསར་འགྱུར་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།        འགན་འཁུར་རྩོམ་སྒྲིག་པ། བསྟན་ཉི།

    ཉེ་ཆར་རང་སྐྱོང་ལྗོངས་སྲིད་གཞུང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཏེ་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་ཚུན་ནག་ཆུ་ས་ཁུལ་ལ་བྱུང་བའི་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་དང་བྱ་གཞག་ཁག་ལ་ཐོབ་པའི་འོད་སྟོང་འབར་བའི་གྲུབ་འབྲས་ངོ་སྤྲོད་བྱས་པ་རེད།

    ནག་ཆུ་ས་ཨུད་ཀྱི་ཨུ་ཡོན་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་ཡི་རྒྱུན་ལས་ཀྲོན་ཡོན་གཞོན་པ་ཨའོ་ལིའུ་ཆོན་གྱིས་ལོ་50ཡི་རིང་ནག་ཆུའི་བྱ་གཞག་ཁག་ཐད་མེད་པ་ནས་ཡོད་པའི་བར་དང་། ཆུང་བ་ནས་ཆེ་བའི་བར། ཉམས་ཞན་ནས་སྟོབས་ཆེན་བར་བཅས་ཟམ་མི་ཆད་པར་དར་རྒྱས་གོང་འཕེལ་བྱུང་བ་དང་དཔལ་འབྱོར་འཕེལ་རྒྱས་དང་། སྤྱི་ཚོགས་ཡར་ཐོན། དུས་བབ་བརྟན་ལྷིང་། མི་རིགས་མཐུན་སྒྲིལ། མི་དམངས་བདེ་སྡོད་ལས་བརྩོན་བཅས་ཀྱི་རྣམ་པ་གསར་རྐྱང་བཏོད་པར་ཡངས་པའི་བྱང་རྩྭ་ཐང་དུ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བྱུང་ཡོད། ལོ་50ཡི་རིང་ནག་ཆུའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་མང་པོའི་ཐད་སྟོང་ཆ་མང་པོ་བསྐངས་པར་རིམ་པ་དམའ་བ་ནས་རིམ་པ་མཐོ་བ་དང་ཆུ་ཚད་མཐོ་བའི་བར་གྱི་འཕེལ་རྒྱས་བརྒྱུད་རིམ་བརྒྱུད་པ་དང་དཔལ་འབྱོར་ལམ་ལུགས་དང་། དཔལ་འབྱོར་གྲུབ་ཆ། དཔལ་འབྱོར་འཕར་ཚད་བཅས་ཐད་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་ཡོད།

    2014ལོའི་ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར་83.39ཟིན་པ་དང་1990ལོར་ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་རིན་ཐང་ཞིབ་རྩིས་ལམ་ལུགས་གསར་པ་ལག་ལེན་བསྟར་བ་ནས་བཟུང་ཐོན་སྐྱེད་སྤྱིའི་རིན་ཐང་ལྡབ་28འཕར་བ་དང་། གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད་1964ལོའི་སྒོར་ཁྲི་54.7ནས་2014ལོའི་སྒོར་དུང་ཕྱུར་93.1བར་འཕར་ནས་ལྡབ་ཁྲི་1.7འཕར་བ། ས་གནས་ཀྱི་སྤྱིར་བཏང་རང་བཞིན་གྱི་ནོར་སྲིད་སྔོན་རྩིས་ཡོང་འབབ་1964ལོའི་སྒོར་ཁྲི་504.3ནས་2014ལོའི་སྒོར་དུང་ཕྱུར་4.29བར་འཕར་ནས་ལྡབ་85འཕར་ཡོད་ཅེས་ངོ་སྤྲོད་གནང་བ་རེད།

    ལོ་50ཡི་རིང་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱིས་ནག་ཆུའི་རྨང་གཞིའི་སྒྲིག་བཀོད་ཐད་མ་རྩ་འཇོག་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་བ་དང་སྦྲགས་2014ལོའི་ལོ་མཇུག་བར་ས་ཁུལ་དེ་ཡོངས་སུ་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་20862ཟིན་པ་དང་། ས་ཁུལ་དེ་ཡོངས་ཀྱི་རྫོང་9རུ་སྣུམ་ནག་གཞུང་ལམ་ཤར་གཏོང་ཐུབ་པ། ཤང་གྲོང་དུ་གཞུང་ལམ་ཤར་གཏོང་ཐུབ་ཚད་དང་སྣུམ་ནག་གཞུང་ལམ་ཤར་གཏོང་ཐུབ་ཚད་100%དང་35.1%ཟིན་པ། སྒྲིག་གཞི་ཚང་བའི་གྲོང་ཚོར་གཞུང་ལམ་ཤར་གཏོང་ཐུབ་ཚད་99.6%ཟིན་པ་བཅས་དང་། ས་ཁུལ་དེ་ཡོངས་ཀྱི་གློག་འདོན་འཕྲུལ་འཁོར་ནས་གློག་འདོན་ཚད་ཀྲའོ་ཝ་54.78ཟིན་པ་དང་རྫོང་8བོད་དབུས་གློག་དྲ་ཁྱབ་རྒྱའི་ནང་བླུགས་པ་དང་དུད་ཚང་དུ་སྤྱོད་པའི་འོད་ཤུགས་གློག་ཁུངས་ཆ་ཚང་ཁྲི་6.8སྤྲད་པ། ཆུ་ཡུར་སྤྱི་ལེ་344བསྐྲུན་པ་དང་རྩྭ་ཐང་དུ་ཆུ་འདྲེན་ཚད་རྒྱ་ཁྱོན་མུའུ་ཁྲི་13.15ཟིན་པ་དང་། གྲོང་གསེབ་ཀྱི་འཐུང་ཆུའི་ལས་གྲྭ་ཁུལ་3292ལེགས་གྲུབ་ཟིན་པ། ཞིང་འབྲོག་པའི་བདེ་འཇགས་འཐུང་ཆུ་ཁྱབ་ཚད་70%བཅས་ཟིན་ཡོད་པ་རེད།

    ལོ་50རིང་གི་འཕེལ་རྒྱས་དང་ལྷག་པར་དུ་སྒྱུར་བཅོས་སྒོ་དབྱེ་བྱས་པ་ནས་བཟུང་ནག་ཆུའི་མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཉིན་རེ་བཞིན་ལེགས་སུ་སོང་བ་དང་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་དེ་1979ལོའི་སྒོར་154.79ནས་2014ལོའི་སྒོར་7234བར་འཕར་ནས་ལྡབ་46ཙམ་མང་དུ་ཕྱིན་ཡོད། སྤྱི་ཚོགས་ཡོངས་ཀྱི་ཚོང་ཟོག་སིལ་ཚོང་བསྡོམས་འབོར་1979ལོའི་སྒོར་དུང་ཕྱུར་0.25ནས་2014ལོའི་སྒོར་དུང་ཕྱུར་16.31བར་འཕར་ནས་ལྡབ་64འཕར་བ་རེད།

    ཡོངས་བསྒྲགས་ཚོགས་འདུའི་ཐོག་འབྲེལ་ཡོད་འགན་ཁུར་མི་སྣས་ད་དུང་འབྲོག་ལས་ཐོན་ལས་ཕྱོགས་འགྱུར་རིམ་སྤོར་དང་ཁོར་ཡུག་སྲུང་སྐྱོང་སོགས་ཐད་ཀྱི་ལས་དོན་སྐོར་གྱི་གསར་འགོད་པའི་འདྲི་བར་ལན་བཏབ་པ་རེད།

མཛའ་འབྲེལ་དྲ་བ།
010020070840000000000000011100001345719131