གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
  • ༄༅།། བོད་ ཀྱི་ སྡེ་ ཚན་ ཁག་ དང་ ཚན་ པ་ ཁག་ གིས་ ཚོགས་ འདུའི་ དགོངས་ དོན་ ནན་ ཏན་ ངང་ བརྒྱུད་ བསྒྲགས་ དང་ སློབ་ སྦྱོང་ བྱས་ པ།

 
2015-09-01        གསར་འགྱུར་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།        འགན་འཁུར་རྩོམ་སྒྲིག་པ། བསྟན་ཉི།

    ཉིན་ཤས་རིང་། རང་ལྗོངས་ཀྱི་སྡེ་ཚན་ཁག་དང་ཚན་པ་ཁག་གིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་ནན་ཏན་ངང་སློབ་སྦྱོང་དང་དྲིལ་བསྒྲགས་བྱེད་སྐབས། ཚང་མས་གཅིག་རྗེས་གཉིས་མཐུད་ངང་བོད་ཀྱི་ལས་དོན་གྱི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ནས་བསམ་བློ་དང་བྱ་སྤྱོད་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཏན་ཏིག་ཡོང་བ་བྱེད་པའི་ཁར་ཏང་གི་བོད་སྐྱོང་ཇུས་ཆེན་གྱིས་སྣེ་ཁྲིད་དེ་དུས་རབས་ལ་ངོ་གནོང་མི་དགོས་པའི་གྲུབ་འབྲས་གསར་པ་གཏོད་རྒྱུ་ཡིན་ཞེས་གསུངས་པ་རེད།

    ཚེས་26ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་རྩིས་བཤེར་ཐིང་གིས་ཏང་ཙུའུ་ཡི་རིགས་པའི་གཞུང་ལུགས་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་འཚོགས་ནས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད།

    ཚོགས་འདུའི་ཐོག་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པས་ཀྲུང་གོ་གསར་པ་དབུ་བརྙེས་ཚུན་དང་ལྷག་པར་དུ་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་འཚོགས་ཚུན་གྱི་བོད་ཀྱི་ལས་དོན་ལ་ཕྱིར་དྲན་བྱས་པ་དང་། མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་བོད་ཀྱི་ལས་དོན་གྱི་མཛུབ་ཁྲིད་བསམ་བློ་དང་། དམིགས་ཚད་བླང་བྱ། བྱེད་ཐབས་གལ་ཆེན་བཅས་ཁ་གསལ་བཟོས་པ། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཀྱི་ལས་དོན་ལ་སྔར་བས་སྐུལ་འདེད་གཏོང་རྒྱུའི་ཐད་འཐབ་ཇུས་བཀོད་སྒྲིག་བཅས་བྱས་པ་བསྟན་ཡོད། ཐིང་དེའི་ཁྲིམས་སྲོལ་ཁྲུའུ་ཡི་ཁྲུའུ་ཀྲང་དབང་ཕྱུག་རྡོ་རྗེས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་བྱས་པ་བརྒྱུད་མྱོང་ཚོར་ཟབ་མོ་བྱུང་། ཚོགས་འདུའི་ཐོག་ཀྲུང་དབྱང་གིས་བོད་ལ་ཐུགས་ཁུར་དང་བྱམས་སྐྱོང་གནང་ལུགས་གང་ལེགས་མཚོན་ཡོད་པས་རྩིས་བཤེར་ལས་དོན་པ་ཞིག་ཡིན་པའི་ངས་ཚོགས་འདུའི་དགོངས་དོན་ནན་ཏན་ངང་སློང་སྦྱོང་བྱེད་པ་དང་རང་ཉིད་ཀྱི་ལས་དོན་དང་ཟུང་དུ་སྦྲེལ་ནས་བོད་འདི་ཉིད་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་སྐྲུན་རྒྱུར་ནུས་ཤུགས་འདོན་རྒྱུ་ཡིན་ཞེས་གསུངས་པ་རེད།

    ཚེས་27ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་གིས་ཏང་ཨུད་ཀྱི་རྒྱ་ཆེའི་ཚོགས་འདུ་འཚོགས་ཏེ་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་དང་། ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ། ལྗོངས་སྲིད་ཁྲིམས་ཐིང་ཏང་ཨུད་ཀྱི་ཧྲུའུ་ཅི་བཅས་ཡིན་པའི་ཧོ་ཝུན་ཧའོ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    ཚོགས་འདུའི་ཐོག་ལྗོངས་ཡོངས་ཀྱི་སྲིད་ཁྲིམས་སྲིད་འཛིན་ཁོངས་གཏོགས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་བོད་ཀྱི་ལས་དོན་གྱི་གལ་ཆེའི་རང་བཞིན་དང་ཁ་ཚ་དགོས་གཏུགས་ཀྱི་རང་བཞིན་ལ་ངོས་འཛིན་གང་ལེགས་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་གལ་ཆེའི་རྩ་དོན་ཁོང་དུ་ཡང་དག་ཆུད་པའི་ཁར་སྔར་ལས་ལྷག་པའི་སྒོ་ནས་བསམ་བློ་གཅིག་གྱུར་དང་། ངོས་འཛིན་གཏིང་ཟབ་བྱས་ནས་བསམ་བློ་དང་བྱ་སྤྱོད་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱེད་དགོས། ཚད་མཐོའི་མཐོང་ཆེན་དང་། མགྱོགས་མྱུར་བྱ་སྤྱོད་སྤེལ་བ། དོན་འཁྱོལ་ལ་དམ་འཛིན་བཅས་བྱེད་པའི་ཐོག་ནས་རྟེན་འབྲེལ་ཆེ་མོའི་རིང་གི་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཏན་ཏིག་དང་ཡག་པོ་སྒྲུབ་པ་དང་ལས་ཀའི་བྱེད་ཐབས་ཁག་ལག་བསྟར་དོན་འཁྱོལ་ནན་པོ་བྱེད་པའི་ཐོག་ནུས་ཤུགས་ཡོད་རྒུས་ལས་དོན་ཏན་ཏིག་བསྒྲུབས་ཏེ་ལྗོངས་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ཁོངས་གཏོགས་ཀྱི་ལས་དོན་ཁག་གི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་ནན་བཤད་གནང་བ་རེད།

    ཚེས་27ཉིན་གྱི་ཕྱི་དྲོ། ལྗོངས་སློབ་གསོ་ལས་དོན་ཨུ་ལྷན་དང་སློབ་གསོ་ཐིང་གིས་བརྙན་ལམ་ཚོགས་འདུ་འཚོགས་ཏེ་སློབ་གསོའི་ཁོངས་གཏོགས་སུ་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལྗོངས་སློབ་གསོ་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་ཧྥང་ལིང་མིན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    ཧྥང་ལིང་མིན་གྱིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་གཙོ་རྐང་དུ་བྱས་ནས“ལོ་ལྔ་ཚན་བཅུ་གཉིས་པ་ཕྱོགས་སྡོམ་དང་ལོ་ལྔ་ཚན་བཅུ་གསུམ་པ་འཆར་འགོད”བྱ་རྒྱུ་དང་ཟུང་འབྲེལ་དམ་ཟབ་དང་། གྲུབ་འབྲས་ཁས་ལེན། ཧེ་བག་འཚོལ་བ། དམིགས་ཚད་ཀྱི་སྟོན་ཕྱོགས་དང་། གནད་དོན་གྱི་སྟོན་ཕྱོགས། དངོས་སྒྲུབ་ཀྱི་སྟོན་ཕྱོགས་བཅས་ཀྱི་བསམ་ཕྱོགས་གཞིར་བཟུང་དོན་འཁྱོལ་ལ་གཙོ་གནད་ཐོག་དམ་འཛིན་བྱ་རྒྱུ་འབུར་དུ་ཐོན་པ་བྱེད་དགོས། རྒྱལ་གཅེས་རིང་ལུགས་དང་མི་རིགས་མཐུན་སྒྲིལ་གྱི་སློབ་གསོར་ཤུགས་སྣོན་བརྒྱབ་ནས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུ་ཤེས་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་ལེན་ཡག་པོ་བྱེད་དགོས། འོས་འགན་སློབ་གསོའི་རྨང་གཞི་བརྟན་དུ་གཏོང་བ་དང་སློབ་གསོའི་ཞན་ཆ་གསབ་སྟེ་སློབ་ཁྲིད་ཀྱི་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་དགོས། དགེ་རྒན་དཔུང་ཁག་གི་ལས་ཀའི་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་དང་སྐད་གཉིས་སློབ་གསོར་དམ་འཛིན་ཡག་པོ་བྱས་ནས་སློབ་མའི་སྐད་གཉིས་ཀྱི་སློབ་སྦྱོང་ནུས་པ་མཐོ་རུ་གཏོང་དགོས། ཞན་ཆ་གསབ་པ་དང་རྟིང་ཤུགས་བསྐྱེད་དེ་བོད་ཀྱི་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ནས་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བར་ལེགས་སྐྱེས་འབུལ་དགོས་ཞེས་ནན་གསུང་གནང་བ་རེད།

    ཚེས་28ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གིས་ཚོགས་འདུ་འཚོགས་ནས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ཡོན་ཀྲང་པད་མ་རྣམ་རྒྱལ་གྱིས་ཚོགས་འདུ་གཙོ་སྐྱོང་དང་འབྲེལ་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་བརྒྱུད་བསྒྲགས་དང་ཚོགས་འདུར་ཞུགས་པའི་མྱོང་ཚོར་གླེང་གནང་བ་རེད།

    ཚོགས་འདུའི་ཐོག་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་ལ་གོ་བ་གཏིང་ཟབ་ལེན་པ་དང་སློབ་སྦྱོང་བྱས་པ་དང་ཆབས་ཅིག་རང་ངོས་ཀྱི་ཚན་ཞིབ་ནུས་པ་མཐོ་རུ་གཏོང་བ་དང་ཚན་ཞིབ་བྱེད་ཤུགས་ཆེ་རུ་གཏོང་བའི་ཐོག་ཚན་པའི་ལས་ཀའི་དངོས་ཡོད་གཞིར་བཟུང་རང་འཁྲིའི་ལས་དོན་ཡག་པོ་སྒྲུབ་པ་དང་འབྲེལ་ལྗོངས་ཏང་ཨུད་ཀྱི་སྒྲོག་འགྲེལ་བྱེད་སྒོའི་ནང་ཧུར་ཐག་ཞུགས་དགོས་ཞེས་ནན་གསུང་གནང་ཡོད་པ་རེད།

    ཚེས་28ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་རྫོང་ཁྲུའུ་རིམ་པ་ཡན་གྱི་ལས་བྱེད་པའི་ཚོགས་ཆེན་འཚོགས་ཏེ་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་བརྒྱུད་བསྒྲགས་བྱས་ཤིང་། ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་ཏང་ཙུའུ་ཡི་ཧྲུའུ་ཅི་ཡོན་ཀྲང་བསོད་དར་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    ཚོགས་འདུའི་ཐོག་ལྗོངས་ཡོངས་ཀྱི་རིམ་ཁག་ཁྲིམས་ཁང་གིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་ཉིན་རེའི་གལ་ཆེའི་གྲོས་རིམ་ནང་བཞག་ནས་ལྗོངས་ཡོངས་ཀྱི་ཁྲིམས་ཁང་གི་ལས་བྱེད་ཉེན་རྟོག་པ་ཚང་མར་བརྒྱུད་བསྒྲགས་བྱ་རྒྱུ་འགན་ལེན་བྱེད་དགོས། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་ཞིབ་ཕྲའི་བྱེད་ཐབས་འཚོལ་ཞིབ་ཧུར་ཐག་བྱས་ཏེ་བོད་ཀྱི་ཁྲིམས་ཁང་ལས་དོན་ཚན་རིག་དང་མཐུན་པའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། རྒྱལ་ཡོངས་ཁྲིམས་ཁང་གི་བོད་སྐྱོར་ལས་དོན་ལ་ཐོབ་པའི་གྲུབ་འབྲས་དང་བསགས་པའི་ཉམས་མྱོང་ཁྱོན་ཡོངས་ནས་ཕྱོགས་སྡོམ་བྱས་ཏེ་ཁྲིམས་འཛིན་སྒྲིག་གཞི་སྒྱུར་བཅོས་དང་ཆ་འཕྲིན་ཅན་འཛུགས་སྐྱོང་གི་དམག་འཐབ་གཉིས་ཡག་པོ་བརྒྱབ་ནས་ཁྲིམས་ཁང་གི་བོད་སྐྱོར་ལས་ཀའི་རྣམ་པ་གསར་པ་ཞིག་ཆགས་རྒྱུར་སྐུལ་འདེད་གཏོང་དགོས། ཁྲིམས་འཛིན་འགན་ནུས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་རླངས་འཁོར་གྱི་སྐོར་སྐྱོད་ཁྲིམས་ར་དང་གྲོང་ཚོར་བཅའ་སྡོད་ལས་བྱེད་པ་དང་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་པའི་བྱེད་ཐབས་ཐོག་ནས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་དུད་ཚང་ཁྲི་སྟོང་མང་པོར་བརྒྱུད་བསྒྲགས་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

    ཚེས་28ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་དྲིལ་བསྒྲགས་པུས་ལས་བྱེད་ལས་བཟོ་ཡོངས་ཀྱི་ཚོགས་ཆེན་འཚོགས་ནས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད།

    ཚོགས་འདུའི་ཐོག་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། ཕྱོགས་ཡོངས་ནས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྤྱོར་སྐུལ་འདེད་གཏོང་བ། བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཚོས་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བར་དགའ་སྤྲོའི་ངང་བསུ་བ་ཞུ་བའི་སྐབས་སུ་འཚོགས་པའི་དུས་རབས་འབྱེད་པ་དང་ལམ་ཚད་རྡོ་རིང་གི་དོན་སྙིང་ལྡན་པའི་ཚོགས་འདུ་གལ་ཆེན་ཞིག་ཡིན། བཞུགས་མོལ་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དྲིལ་བསྒྲགས་དང་ལག་བསྟར་དོན་འཁྱོལ་བྱ་རྒྱུའི་ཐད་ལྗོངས་ཏང་ཨུད་ཀྱིས་ལས་བྱེད་ལས་བཟོ་ཡོངས་ལ་ངེས་པར་དུ་ནན་ཏན་ངང་སློབ་སྦྱོང་བྱེད་པ་དང་། གོ་བ་གཏིང་ཟབ་ལེན་པ། ལག་བསྟར་དོན་འཁྱོལ་ལ་དམ་འཛིན་ཡག་པོ། བཞུགས་མོལ་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དྲིལ་བསྒྲགས་དང་ལག་བསྟར་དོན་འཁྱོལ་བྱེད་པའི་ཚ་རླབས་ཤིག་མགྱོགས་མྱུར་འཕྱུར་བ་བྱས་ཏེ་ཏང་དང་རྒྱལ་ཁབ་ཀྱི་ཐུགས་ཁུར་དེ་ལས་ཀའི་སྒུལ་ཤུགས་སུ་འགྱུར་བ་དང་ལས་ཀའི་སྤྱོད་ཚུལ་བཟང་པོ་དང་ཏན་ཏིག་ནུས་ལྡན་གྱི་བྱེད་ཐབས་ཐོག་ནས་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་དམིགས་སར་འཁྱོལ་བ་དང་ཕན་འབྲས་ཐོན་པ་བྱེད་དགོས་པའི་བླང་བྱ་ཁ་གསལ་བསྟན་ཡོད།

    ཚེས་28ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་ནོར་སྲིད་ཐིང་གིས་ལས་བྱེད་ལས་བཟོ་ཡོངས་ཀྱི་ཚོགས་ཆེན་འཚོགས་ཏེ་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་། ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཙུང་ལི་ལི་ཁེ་ཆང་དང་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གི་གསུང་བཤད་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཡོད། ནོར་སྲིད་ཐིང་སློབ་ཚན་རིག་ཁྲུའུ་ཡི་ཁྲུའུ་ཀྲང་ཧྥུའུ་ཁྲེང་ཀང་གིས་ནོར་སྲིད་ལས་དོན་པ་ཞིག་གི་ངོས་ནས་ངེས་པར་དུ་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་། གོ་བ་ལེན་པ། ལག་བསྟར་ཡག་པོ་བཅས་བྱས་ཏེ་ཀྲུང་དབྱང་གིས་རང་ལྗོངས་ལ་གནང་བའི་གཟིགས་སྐྱོང་སྲིད་ཇུས་ཡག་པོ་སྤྱོད་པ་དང་། མ་ལུས་པར་སྤྱོད་པ། སྤྱོད་མཁས་པོ་བཅས་བྱས་ནས་རང་ལྗོངས་ཀྱི་ཀྲུང་དབྱང་གི་ནོར་ཤུགས་རྒྱབ་སྐྱོར་ནུས་ཤུགས་ཡོད་རྒུས་བརྩོན་ལེན་བྱེད་དགོས་ཞེས་གསུངས། ད་དུང་ཁོང་གིས་རང་ལྗོངས་ཀྱི་ནོར་ཤུགས་ཞིང་འབྲོག་ཁུལ་དང་། གཞི་རིམ། མཐའ་མཚམས་ས་ཁུལ་བཅས་དང་དམངས་འཚོའི་བྱ་གཞག་ལ་ཕྱོགས་པ་དང་ལྷག་པར་དུ་རང་སྐྱོང་ལྗོངས་ཏང་ཨུད་སྲིད་གཞུང་གིས་གཏན་འཁེལ་བྱས་པའི་དམངས་འཚོའི་དོན་དངོས་བཅུའི་ཐོག་དེ་བས་མང་བའི་ནོར་ཤུགས་འདོན་དགོས་ཞེས་གསུངས་པ་རེད།

    ཚེས་28ཉིན་གྱི་ཕྱི་དྲོ་ལྗོངས་ཆུ་བེད་ཐིང་གིས་ལས་བྱེད་ལས་བཟོ་ཡོངས་ཀྱི་ཚོགས་ཆེན་འཚོགས་ཏེ་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད།

    ཚོགས་འདུའི་ཐོག་ངོས་འཛིན་བྱས་དོན། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པས་བོད་ཀྱི་ལས་དོན་ལ་འཕྲད་པའི་དུས་བབ་དང་ལས་འགན་ལ་ཚན་རིག་དང་མཐུན་པའི་དབྱེ་ཞིབ་བྱས་པ་དང་བོད་ཀྱི་ལས་དོན་གྱི་གཞི་འཛིན་ས་དང་ཤུགས་རྒྱག་ས་ཁ་གསལ་བཏོན་ནས་བོད་ཀྱི་ཁྱོན་ཡོངས་འབྱོར་འབྲིང་དང་ཡུན་རིང་བདེ་འཁོད་ཡོང་བར་འཐབ་ཇུས་བཀོད་སྒྲིག་བྱས་པ་དང་བོད་ཀྱི་ཡུན་རིང་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་མངོན་འགྱུར་བྱ་ཆེད་ཁ་ཕྱོགས་དང་འགྲོ་ལམ་གསལ་སྟོན་བྱས་ཡོད། ཚོགས་ཞུགས་མི་སྣ་ཚོས་བོད་ཀྱི་ལས་དོན་གྱི་གལ་ཆེའི་རང་བཞིན་དང་ཁ་ཚ་དགོས་གཏུགས་ཀྱི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ཏེ་བསམ་བློ་དང་བྱ་སྤྱོད་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་དང་མང་ཚོགས་དང་འབྲེལ་བ་བྱེད་པ་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ཕུགས་ཕན་ལམ་སྲོལ་མུ་མཐུད་དམ་འཛིན་བྱས་པའི་ཁར་གཞི་རིམ་མང་ཚོགས་ཀྱི་ཆུ་བེད་དགོས་མཁོ་དེ་བས་གཏིང་ཟབ་ཀྱི་སྒོ་ནས་ཤེས་རྟོགས་བྱས་ཏེ་ཆུ་བེད་ལས་རིགས་ཀྱི་ལེགས་ཆ་འདོན་སྤེལ་ཏན་ཏིག་བྱས་ནས་ཆུ་བེད་ལས་བྱུང་བའི་ཕན་པ་རྒྱ་ཆེའི་མི་དམངས་མང་ཚོགས་ལ་སྔར་ལས་མང་བ་ཐོབ་པ་བྱ་རྒྱུ་དེ་རེད། 

མཛའ་འབྲེལ་དྲ་བ།
010020070840000000000000011100001345755461