གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
  • ༄༅།། བོད་ རང་ སྐྱོང་ ལྗོངས་ མི་ དམངས་ འཐུས་ ཚོགས་ རྒྱུན་ ཨུད་ ཏང་ ཙུའུ་ ཡིས་ ཀྲུང་ དབྱང་ གི་ བོད་ ཀྱི་ ལས་ དོན་ སྐོར་ གྱི་ བཞུགས་ མོལ་ ཚོགས་ འདུ་ ཐེངས་ དྲུག་ པའི་ དགོངས་ དོན་ བརྒྱུད་ བསྒྲགས་ དང་ སློབ་ སྦྱོང་ བྱས་ པ།

 
2015-09-01        གསར་འགྱུར་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།        འགན་འཁུར་རྩོམ་སྒྲིག་པ། བསྟན་ཉི།

    པད་མ་འཕྲིན་ལས་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ།

    ཟླ་8ཚེས་28ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ཨུད་ཏང་ཙུའུ་ཡིས་རིགས་གཞུང་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང(རྒྱ་ཆེའི)ཚོགས་འདུ་འཚོགས་ནས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད།

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ཨུད་ཏང་ཙུའི་ཧྲུའུ་ཅི། ཀྲུའུ་རེན་བཅས་ཡིན་པའི་པད་མ་འཕྲིན་ལས་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱི་ཀྲུའུ་རེན་གཞོན་པ་སྐར་མ་དང་། ཀྲོའུ་ཁྲུན་ལའེ། ཀྲའོ་ཀྲེང་ཤིའུ། ཤིང་རྩ་བསྟན་འཛིན་ཆོས་གྲོགས། རྡོ་རྗེ། ཝུའུ་ཅིན་ཧུའེ། ཞུས་ཞུའེ་ཀོང་བཅས་ཚོགས་འདུར་ཞུགས་པ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱི་དྲུང་ཆེ་ལིའུ་ཀོང་ཤུན་གྱིས་ལྗོངས་ཏང་ཨུད་ཀྱི་འབྲེལ་ཡོད་བརྡ་ཐོ་དང་ཚོགས་འདུའི་དགོངས་དོན་གཙོ་བོ་བརྒྱུད་བསྒྲགས་བྱས་པ་རེད།

    པད་མ་འཕྲིན་ལས་ཀྱིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་ནི་ཏང་ཡོངས་ཀྱི་གོང་འོག་དང་རྒྱལ་ཡོངས་གོང་འོག་གིས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ། “ཕྱོགས་ཡོངས་ནས་བཞིའི”འཐབ་ཇུས་བཀོད་སྒྲིག་མཐུན་སྦྱོར་སྐུལ་འདེད། “ལོ་ལྔ་ཚན་བཅུ་གཉིས་པའི་འཆར་འགོད”མཇུག་བསྡུ་དང“ལོ་ལྔ་ཚན་བཅུ་གསུམ་པའི་འཆར་འགོད”ཇུས་འགོད་བྱེད་པའི་འགག་རྩའི་དུས་དང་། བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱིས་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བར་བསུ་བ་ཞུ་བ་བཅས་སུ་འཚོགས་པའི་དུས་རབས་ལས་བརྒལ་བ་དང་ལམ་ཚད་རྡོ་རིང་གི་དོན་སྙིང་ལྡན་པའི་ཚོགས་འདུ་གལ་ཆེན་ཞིག་རེད་ཅེས་གསུངས་པ་རེད།

    པད་མ་འཕྲིན་ལས་ཀྱིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ལས་ཁུངས་ཀྱི་ལས་བྱེད་པ་དང་ལས་བཟོ་ཚོས་ཚོགས་འདུའི་དོན་སྙིང་གལ་ཆེན་ངོས་འཛིན་གང་ལེགས་དང་། བསམ་བློ་དང་བྱ་སྤྱོད་ཚོགས་འདུའི་དགོངས་དོན་དང་ལྷག་དོན་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཐོག་གཅིག་གྱུར་ཡོང་བ། ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་ཇི་མ་ཇི་བཞིན་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཁག་གི་ལག་ལེན་ནང་ལག་བསྟར་བཅས་བྱེད་པ་དང་། ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་དང་ཧྲུའུ་ཅི་ཁྲེན་ཆོན་གོའི་བླང་བྱ་ཁ་གསལ་ལྟར་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱ་རྒྱུ་དེ་མིག་སྔའི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ལ་བརྩིས་ནས་དམ་འཛིན་ཡག་པོ་བྱེད་པ་དང་། བོད་ཀྱི་ལས་དོན་གྱི་གལ་འགངས་ཤིན་ཏུ་ཆེ་བའི་རང་བཞིན་དང་། ཏང་གི་བོད་སྐྱོང་འཐབ་ཇུས། བོད་ཀྱི་ལས་དོན་གྱི་རྩ་དོན་གལ་ཆེན་སོགས་རྣམ་བཤད་གསར་པ་དང་ཆོད་སྡོམ་གསར་པར་ཤེས་རྟོགས་གཏིང་ཟབ་དང་ཁོང་དུ་བརྟན་པོ་ཆུད་པ་བྱ་རྒྱུར་ཤུགས་སྣོན་རྒྱག་པ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་དང་། ལྷག་དོན་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་ངོས་འཛིན་གཏིང་ཟབ་བྱ་རྒྱུ་ནི་བོད་སྐྱོང་ཉམས་མྱོང་གི་ཕྱོགས་སྡོམ་གཏིང་ཟབ་ཅིག་ཡིན་ལ། དུས་བབ་གསར་པའི་འོག་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་འཐབ་ཇུས་བཀོད་སྒྲིག་ཅིག་ཀྱང་ཡིན་པས། ཏང་གི་བོད་སྐྱོང་ཇུས་ཆེན་གྱི་བློ་བརྟན་རང་བཞིན་དང་རང་རྟོགས་རང་བཞིན་སྔར་བས་ཆེ་རུ་གཏོང་བ་དང་། བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་འགན་འཁྲིའི་སེམས་པ་དང་ལས་འགན་སྒྲུབ་སེམས་སྔར་བས་ཆེ་རུ་གཏོང་བ། མི་དམངས་འཐུས་ཚོགས་ལས་དོན་ཡག་པོ་སྒྲུབ་པའི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་སྔར་བས་ཆེ་རུ་གཏོང་བ་བཅས་བྱེད་དགོས། ལྗོངས་ཡོངས་ཀྱི་རིམ་ཁག་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་མཛུབ་ཁྲིད་དུ་བྱ་རྒྱུ་སྒུལ་ཤུགས་སུ་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་འཕེལ་རྒྱས་ལམ་བུའི་གདེང་ཚོད་དང་ཆོད་སེམས་བརྟན་དུ་གཏོང་བ། བོད་དུ་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་དང་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས་ཡག་པོ་བྱེད་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས་པ། བློ་བརྟན་འགྱུར་མེད་ངང་ཏང་གི་བོད་སྐྱོང་འཐབ་ཇུས་མཐའ་འཁྱོངས་དང་། བོད་ཀྱི་ལས་དོན་གྱི་རྩ་དོན་གལ་ཆེན་གྱི་མི་དམངས་འཐུས་ཚོགས་ལས་དོན་གྱི་ངོ་བོའི་བླང་བྱ་གནད་འཁེལ་ངང་སྟངས་འཛིན། ལས་ཀའི་སྤྱོད་ཚུལ་ལེགས་པོ་དང་ཏན་ཏིག་དང་ནུས་ལྡན་གྱི་ལས་ཀའི་བྱེད་ཐབས་ལ་བརྟེན་ནས་ནན་ཏན་གྱིས་རང་འགན་གཙང་སྒྲུབ། ཁྲིམས་བཙུགས་ཀྱི་སྣེ་ཁྲིད་དང་སྐུལ་འདེད་ནུས་པ་དངོས་འབྲེལ་འདོན་སྤེལ་ཡག་པོ། ལྟ་སྐུལ་གྱི་སྐུལ་འདེད་དང་འགན་སྲུང་ནུས་པ་འདོན་སྤེལ་ཡག་པོ། འཐུས་མིའི་སྔོན་ཐོན་རང་བཞིན་གྱི་ནུས་པ་འདོན་སྤེལ་ཡག་པོ་བཅས་བྱས་ནས་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་གནད་སྨིན་དོན་འཁྱོལ་དང་ཕན་འབྲས་ཐོན་ཐུབ་པ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

མཛའ་འབྲེལ་དྲ་བ།
010020070840000000000000011100001345756821