གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
  • ༄༅།། བོད་ ལྗོངས་ གངས་ ལྷ་ མེ་ ཏོག་ ལོ་ ཆུང་ བྱིས་ པའི་ སྒྱུ་ རྩལ་ ཚོགས་ པར་ རྒྱལ་ ཡོངས་ ཀྱི་ ཞབས་ བྲོ་ འཁྲབ་ སྟོན་ གྱི་ གསེར་ གྱི་ བྱ་ དགའ་ ཐོབ་ པ།

 
2015-09-01        གསར་འགྱུར་འབྱུང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར་ཁང་།        འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

    ཟླ་7པའི་ཟླ་མཇུག་ཏུ། ཀྲུང་གོ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དང་ཀྲུང་གོ་ཞབས་བྲོ་མཁས་ཅན་མཐུན་ཚོགས་ཀྱིས་ཐུན་མོང་ཐོག་གཙོ་གཉེར་བྱས་པའི་སྐབས་བརྒྱད་པའི“ཞའོ་ཧོའི་ཉམས་འགྱུར”ཞེས་པའི་རྒྱལ་ཡོངས་གཞོན་ནུ་ལོ་ཆུང་གི་ཞབས་བྲོ་འཁྲབ་སྟོན་སྒྲིག་འཛུགས་ཨུ་ལྷན་གྱིས་གདན་ཞུས་ལྟར། སྡེ་ཚོགས་ལྗོངས་ཨུད་གངས་ལྷ་མེ་ཏོག་ལོ་ཆུང་བྱིས་པའི་སྒྱུ་རྩལ་ཚོགས་པས་བོད་ཀྱི་གཞོན་ནུ་ལོ་ཆུང་གི་ལག་ལེན་སློབ་གསོའི་རྟེན་གཞིའི་གངས་ལྷ་མེ་ཏོག་ལོ་ཆུང་བྱིས་པའི་སྒྱུ་རྩལ་ཚོགས་པའི་གུང་གཞོན་ཚོགས་པའི་ཚོགས་མི16སྒྲིག་འཛུགས་བྱས་ཏེ་བོད་རང་སྐྱོང་ལྗོངས་ཀྱི་ཚབ་ཞུས་ནས་པེ་ཅིང་དུ་ཟླ་བརྒྱད་པའི་རིང་དུས་ཡུན་གཟའ་འཁོར་གཅིག་གི་ཞབས་བྲོ་འཁྲབ་སྟོན་བྱེད་སྒོར་ཞུགས་པ་རེད།

    རྒྱལ་ཡོངས་ཀྱི་ལྟད་མོ་བ་ཚོར་བོད་ཀྱི་ལོ་ཆུང་བྱིས་པའི་སྒྱུ་རྩལ་ཚོགས་པའི་བསམ་པའི་ཉམས་འགྱུར་གང་ལེགས་མངོན་པར་བྱ་ཆེད། གངས་ལྷ་མེ་ཏོག་ལོ་ཆུང་བྱིས་པའི་སྒྱུ་རྩལ་ཚོགས་པས་ལས་ཀ་འཕར་མ་བྱས་ནས་དུས་ཚོད་དམ་འཛིན་གྱིས་ནང་སྦྱོང་བྱས་ཏེ་ཧུར་བརྩོན་ཡར་སྐྱེད་དང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི“གངས་ལྷ་མེ་ཏོག་གི་རྔ་འཆམ”དང“གཞས་གསར”སོགས་ཕུལ་བྱུང་ལེ་ཚན་འོས་འདེམས་བྱས་ནས་འཁྲབ་སྟོན་ལ་ཞུགས་ཡོད། གཟའ་འཁོར་གཅིག་རིང་གི་འཁྲབ་སྟོན་བྱེད་སྒོ་མཇུག་འགྲིལ་རྗེས། གངས་ལྷ་མེ་ཏོག་ལོ་ཆུང་བྱིས་པའི་སྒྱུ་རྩལ་ཚོགས་པའི་འགྲན་བསྡུར་དུ་ཞུགས་པའི་ཞབས་བྲོ“གངས་ལྷ་མེ་ཏོག་གི་རྔ་འཆམ”ཞེས་པར“ཞའོ་ཧོའི་སྐར་མའི”གསེར་གྱི་བྱ་དགའ་ཐོབ་པ་རེད། “ དེ་ནི་བོད་ཀྱི་བྱིས་པའི་ཞབས་བྲོ་གསར་རྩོམ་དང་འཁྲབ་སྟོན་གྱི་ཆུ་ཚད་ལ་གཟིགས་ཞིབ་ཆེན་པོ་བྱས་པ་ཞིག་ཡིན་པས། དེས་གངས་ལྷ་མེ་ཏོག་ལོ་ཆུང་བྱིས་པའི་སྒྱུ་རྩལ་ཚོགས་པའི་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་ཀྱི་ནུས་པ་གལ་ཆེན་ཐོན་ཡོད། ད་ཐེངས་ཀྱི་བྱེད་སྒོ་དེ་ཐོག་ནས་རང་ལྗོངས་ཀྱི་ལོ་ཆུང་བྱིས་པའི་མིག་རྒྱང་རིང་དུ་ཕྱིན་པ་དང་། དགའ་སྣང་དང་ཁྱད་ཆོས་སྐྱེད་སྲིང་ཐུབ་ནས་སློབ་མ་ཁྱོན་ཡོངས་ནས་འཕེལ་རྒྱས་གཏོང་བ་སོགས་ལ་ནུས་པ་གལ་ཆེན་ཐོན་ཡོད”ཅེས་སྡེ་ཚོགས་ལྗོངས་ཨུད་ཀྱི་འགན་འཁུར་བས་བཤད།

    ད་ཐེངས་ཀྱི་འཁྲབ་སྟོན་བྱེད་སྒོ་ནི་ཀྲུང་དབྱང་དྲིལ་བསྒྲགས་པུས་ཆོག་མཆན་གནང་བ་བརྒྱུད། ཀྲུང་གོ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་འགོ་ཁྲིད་བྱས་པའི་རྒྱལ་ཡོངས་རང་བཞིན་གྱི་ལོ་ཆུང་བྱིས་པའི་ཞབས་བྲོ་འཁྲབ་སྟོན་བྱེད་སྒོ་ཞིག་ཡིན་ཞིང་། རྒྱལ་ཡོངས་སུ་གཞི་ཁྱོན་ཆེ་ཤོས་དང་། ཆུ་ཚད་མཐོ་ཤོས་ཡིན་པའི་གཞོན་ནུ་ལོ་ཆུང་གི་ཞབས་བྲོ་འཁྲབ་སྟོན་གྱི་བྱེད་སྒོ“ཞའོ་ཧོའི་ཉམས་འགྱུར”ཞེས་པའི་ཞབས་བྲོ་འཁྲབ་སྟོན་དེར་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་གྲོང་ཁྱེར་30 ལྷག་ཙམ་དང་། རང་སྐྱོང་ལྗོངས་དང་། ཞང་ཀང་དང་། ཨའོ་མོན་ཐའེ་ཝན་བཅས་ས་ཁུལ་གྱི་བརྩམས་ཆོས་180 འཁྲབ་སྟོན་ལ་ཞུགས་པ་དང་། འཁྲབ་སྟོན་ལ་ཞུགས་མཁན་མི་རིགས་ཁག་གི་འཁྲབ་སྟོན་པ་ཆུང་ཆུང་5000 ལྷག་ཙམ་ཟིན་ཡོད། གཞན་ཡང་། སྐབས་འདིའི་འགྲན་བསྡུར་ལ་འཕྲིན་སྦྲེལ་དྲ་བའི་སྟེགས་བུ་ཐེངས་དང་པོར་སྤྱད་དེ་དྲ་རྒྱའི་ཐོག་དུས་མཉམ་དུ་ཐད་གཏོང་བྱས་ཡོདཔ་རེད།  

མཛའ་འབྲེལ་དྲ་བ།
010020070840000000000000011100001345761441