གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
  • ༄༅།། བོད་ ལྗོངས་ ནས་ རྒྱང་ རྒྱུག་ དང་ འབྲིང་ རྒྱུག་ འགྲན་ བསྡུར་ གྱི་ ཕུལ་ བྱུང་ ལུས་ རྩལ་ པ་ ཁག་ གཅིག་ ཐོན་ བཞིན་ ཡོད་ པ།

 
2015-09-02        གསར་འགྱུར་འབྱུང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།        འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

    མཇུག་འགྲིལ་མ་ཐག་པའི་པེ་ཅིང་དུ་གཉེར་བའི་འཛམ་གླིང་མཆོང་རྒྱུག་འཕེན་གསུམ་གྱི་ལེགས་སྐྱེས་འགྲན་ཚོགས་ཐོག་ཀྲུང་གོའི་རུ་ཁག་གི་བོད་རིགས་བདམས་ཐོན་པ་སྟོབས་རྒྱལ་ལ་མི་རྣམས་ནས་དོ་ཁུར་ཆེན་པོ་བྱས་ཡོད། དོན་དངོས་ཐོག་ཁོ་པས་གཙོ་བོར་བྱས་པའི་བོད་ལྗོངས་ཀྱི་འབྲིང་རྒྱུག་དང་རྒྱང་རྒྱུག་གི་སྐྱེས་པའི་ལུས་རྩལ་པར་ཉེ་བའི་ལོ་ཤས་རིང་རྒྱལ་ནང་གི་འགྲན་བསྡུར་ཆེ་ཁག་ཁྲོད་གྲུབ་འབྲས་ཅུང་བཟང་པོ་ཐོབ་ཡོད་པ་དང་། དེའི་ཐོག་ནས་བོད་ལྗོངས་ནས་འབྲིང་རྒྱུག་དང་རྒྱང་རྒྱུག་འགྲན་བསྡུར་གྱི་ཕུལ་བྱུང་ལུས་རྩལ་པ་ཁག་གཅིག་ཐོན་བཞིན་པ་མཚོན་ཡོད།

    ན་ནིང་སྟོབས་རྒྱལ་ལ་རྒྱལ་ཡོངས་ཀྱི་མཆོང་རྒྱུག་འཕེན་གསུམ་གྱི་བྱ་དགའ་ཆེན་མོའི་འགྲན་བསྡུར་ཐོག་སྐྱེས་པའི་སྨི་5000དང་10000གི་ཨང་དང་པོ་ཐོབ་པ་དང་། ད་དུང་རྒྱལ་ཡོངས་ཀྱི་མཆོང་རྒྱུག་འཕེན་གསུམ་གྱི་ཨང་དང་པོའི་འགྲན་བསྡུར་ཐོག་སྐྱེས་པའི་སྨི་5000གི་ཨང་དང་པོ་ཐོབ་ཡོད། འདི་ལོའི་ལོ་སྟོད་དུ་གཉེར་བའི་རྒྱལ་ཡོངས་ཀྱི་ཐང་རྒྱུག་ལེགས་སྐྱེས་འགྲན་བསྡུར་ཐོག་བོད་ལྗོངས་ཀྱི་ལུས་རྩལ་པ་9ཡིས་རིགས་ཁག་གི་འགྲན་བསྡུར་7ནང་ཞུགས་པ་དང་། གསེར་གྱི་རྟགས་མ་4དང་དངུལ་གྱི་རྟགས་མ་2 ཟངས་ཀྱི་རྟགས་མ་3བཅས་བླངས་ཡོད། ལས་རིགས་གཅིག་པའི་མི་སྣས། བོད་ལྗོངས་ཀྱི་འབྲིང་རྒྱུག་དང་རྒྱང་རྒྱུག་ལུས་རྩལ་པའི་དཔུང་ཁག་གི་འགྲན་ནུས་མི་དམན་པར་གྱུར་བ་དང་ལོ་ཚད་མི་འདྲ་བའི་ལུས་རྩལ་པ་དག་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཀྱི་ཡོད་ཅེས་བཏོན་ཡོད།

    རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱི་མཆོང་རྒྱུག་འཕེན་གསུམ་ལུས་རྩལ་དོ་དམ་ལྟེ་གནས་ཀྱིས་བོད་ལྗོངས་ཀྱི་འབྲིང་རྒྱུག་དང་རྒྱང་རྒྱུག་རྣམ་གྲངས་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱས་ཤིང་། 2011ལོར་ས་མཐོའི་དབུགས་ཐག་གསར་སྤེལ་འཆར་འགོད་ལག་བསྟར་བྱས་ཚུན། བོད་ལྗོངས་ཀྱི་འབྲིང་རྒྱུག་དང་རྒྱང་རྒྱུག་ལུས་རྩལ་པའི་དཔུང་ཁག་ལ་མ་དངུལ་གཏོང་ཤུགས་ཟམ་མི་ཆད་པར་མང་དུ་བཏང་ཡོད། 2014ལོའི་ལོ་མཇུག་བར་ཁྱོན་མ་དངུལ་སྒོར་ཁྲི་324བཏང་བ་དང་། བོད་ལྗོངས་ཀྱི་ལུས་རྩལ་པ་ཨེ་སེ་ཨོ་ཕི་ཡར་སྦྱོང་བརྡར་བྱེད་པར་བཏང་ཡོད། ད་དུང་སྟོབས་རྒྱལ་སོགས་ལུས་རྩལ་པ་རྒྱལ་སྤྱི་དང་གླིང་ཆེན་དབར་གྱི་འགྲན་བསྡུར་ཆེ་གྲས་ནང་ཞུགས་རྒྱུ་བཀོད་སྒྲིག་བྱས་ཡོད་པ་རེད།  

མཛའ་འབྲེལ་དྲ་བ།
010020070840000000000000011100001345800011