གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
  • ༄༅།། བོད་ རང་ སྐྱོང་ ལྗོངས་ དབུ་ བརྙེས་ ནས་ ལོ་ 50འཁོར་ བའི་ རྟེན་ འབྲེལ་ ཚོགས་ ཆེན་ ལ་ ཞུགས་ མཁན་ མི་ རིགས་ ཁག་ གི་ མང་ ཚོགས་ ཀྱི་ སེམས་ གཏིང་ གི་ སྐད་ ཆ།

 
2015-09-09        གསར་འགྱུར་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།        འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།

    ཟླ་9ཚེས་8ཉིན་བོད་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་འཛོམས་ནས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བར་རྟེན་འབྲེལ་ཞུས་པ་རེད།

    ཞོགས་པ་སྔ་པོ་ནས་ལོ་51ལ་སླེབས་པའི་དབྱི་སི་ལམ་ཕྱག་ཁང་ཆེ་མོའི་ཨ་ཧོང་གཞོན་པ་དབྱི་སི་ཧ་ཁེ་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བའི་རྟེན་འབྲེལ་ཚོགས་ཆེན་ལ་ཞུགས་ཤིང་། “རང་ཉིད་རྟེན་འབྲེལ་མཛད་སྒོ་གཟབ་རྒྱས་དེ་འདྲའི་ནང་ཞུགས་ཐེངས་དང་པོ་ཡིན། དངོས་གནས་དགའ་པོ་འདུག དེ་ནི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་དོན་ཆེན་དང་བཀྲ་ཤིས་པའི་བྱ་བ་ཞིག་རེད། ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གིས་གསུང་བཤད་གནང་སྐབས་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་ཏན་ཏིག་རྒྱག་དགོས། མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ནི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་རྩ་བའི་ཁེ་ཕན་གནས་ས་ཞིག་ཡིན་པ་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱ་རྒྱུ་དེ་སྲོག་རྩར་བརྩིས་ནས་ཏང་གི་མི་རིགས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དང་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། འབྲེལ་འདྲིས་བཅས་ལ་སྐུལ་འདེད་གཏོང་དགོས་ཞེས་གསུངས་ཤིང་། དབྱི་སི་ལམ་གྱི་ཆོས་དད་པ་ཞིག་ཡིན་པའི་ང་ཚོས་རང་ཉིད་ཀྱི་མིག་འབྲས་ལ་གཅེས་སྤྲས་བྱེད་པ་ལྟར་མི་རིགས་མཐུན་སྒྲིལ་ལ་གཅེས་སྤྲས་བྱེད་པ་དང་རང་ཉིད་ཀྱི་ཚེ་སྲོག་ལ་སྣང་ཆེན་བྱེད་པ་ལྟར་མི་རིགས་མཐུན་སྒྲིལ་ལ་སྣང་ཆེན་བྱས་ཏེ་ལས་སླ་པོར་བྱུང་བ་ཞིག་མིན་པའི་ད་ཆའི་བདེ་སྐྱིད་འཚོ་བར་གཅེས་སྤྲས་བྱ་རྒྱུ་ཡིན”ཞེས་དབྱི་སི་ཧ་ཁེ་ཡིས་བཤད།

    རྟེན་འབྲེལ་ཚོགས་ཆེན་ལ་ཞུགས་རྗེས་ལྷ་ས་གྲོང་ཁྱེར་ཉང་བྲན་ཤང་ཚེ་གསུམ་ཐང་གྲོང་མི་ཨུ་ལྷན་གྱི་གྲོང་མི་མིག་དམར་རྡོ་རྗེས་དགའ་སྤྲོའི་ངང“ང་1965ལོར་སྐྱེས་པས་རང་སྐྱོང་ལྗོངས་དང་ན་ཟླ་ཡིན། རང་སྐྱོང་ལྗོངས་ཀྱི་ལོ་50ཡི་འཕེལ་རྒྱས་དང་ཡར་ཐོན་བརྒྱུད་མྱོང་བའི་ངས་བོད་ཀྱི་སྐྱེ་སྟོབས་ཀྱི་དཔལ་འབར་བའི་རྣམ་པ་མཐོང་བྱུང་བས་དངོས་གནས་དགའ་པོ་འདུག ལོ་50ཡི་རིང་བོད་ཀྱི་འཕེལ་རྒྱས་དང་འཛུགས་སྐྲུན་ཐད་གཡུར་ཟའི་གྲུབ་འབྲས་ཐོབ་པ་དང་མང་ཚོགས་ཀྱི་འཚོ་བ་སྔར་བས་བདེ་སྐྱིད་ལྡན་པ་དེ་ཏང་དང་སྲིད་གཞུང་གི་དམངས་ཕན་བྱ་ཐབས་ཁག་དོན་འཁྱོལ་ཏན་ཏིག་བྱས་པ་ལས་བྱུང་བ་ཞིག་རེད”ཅེས་བརྗོད་བྱུང་།

    “གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྤྱི་ཚོགས་རྒན་གསོ་འགན་བཅོལ་དེ་རྒྱལ་ཡོངས་ཀྱི་སྔོན་དུ་ཁྱབ་ཐུབ་པ་བྱུང་བ་དང་། གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་ལམ་ལུགས་གསར་པའི་ནང་ཞུགས་ཚད་100%ཟིན་པ་དང་། ཞིང་འབྲོག་མང་ཚོགས་ཁྲི་230ལྷག་ཙམ་བདེ་འཇགས་དང་སྤྱོད་གོ་ཆོད་པའི་སྡོད་ཁང་ནང་སྤོས་པ། རྒྱལ་ཡོངས་ཀྱི་སྔོན་དུ་ལོ་བཅོ་ལྔའི་རིང་གི་སློབ་ཡོན་མི་དགོས་པའི་སློབ་གསོ་སོགས་མངོན་འགྱུར་བྱུང་བ། གྲོང་ཁྱེར་ནས་གྲོང་གསེབ་བར་བོད་ཀྱི་ཕྱོགས་ཁག་ཚང་མར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འཕོ་འགྱུར་བྱུང་བ་བཅས་མིག་ལྡན་ཀུན་གྱི་མཐོང་ཆོས་སུ་གྱུར་ཡོད”ཅེས་བརྗོད་བྱུང་། བོད་ཀྱི་འཕོ་འགྱུར་སྐོར་གླེང་སྐབས་མིག་དམར་རྡོ་རྗེས་དགའ་སྤྲོའི་ངང“ང་ཚོའི་ཁྱིམ་ཚང་ལ་དཔེ་བཞག་ན་ཕྲུ་གུ་སློབ་གྲྭར་བཏང་ཡང་སློབ་ཡོན་སྤྲོད་མི་དགོས་པར་བརྟེན་ཁྱིམ་ཚང་གི་ཁུར་པོ་ཡང་དུ་ཕྱིན་སོང་། དེ་སྔ་ང་ཚོའི་ཞིང་ལས་ཐོན་སྐྱེད་མི་ཕྱུགས་ལ་བརྟེན་དགོས་པ་མ་ཟད། སྐྱེལ་འདྲེན་ཡང་མི་ཕྱུགས་ལ་བརྟེན་དགོས་ཀྱི་ཡོད། རྒྱལ་ཁབ་ཀྱིས་ཞིང་སྐྱོར་སྲིད་ཇུས་ལག་བསྟར་བྱས་རྗེས་ཞིང་ལས་འཕྲུལ་ཆས་གསར་པ་རིམ་གྱིས་དར་བ་དང་དེང་རབས་ཞིང་ལས་འཕྲུལ་ཆས་གྲོང་གསེབ་ཏུ་རྒྱུན་དུ་སྤྱོད་པའི་ཐོན་སྐྱེད་ཡོ་ཆས་སུ་གྱུར་བའི་ཐོག་ངལ་རྩོལ་གྱི་ཁུར་པོ་ཡང་དུ་ཕྱིན་པར་བརྟེན་ཞིང་འབྲོག་མང་ཚོགས་ཀྱི་ལས་རོགས་ཡག་ཤོས་སུ་གྱུར་ཡོད”ཅེས་བརྗོད་བྱུང་།

    རྟེན་འབྲེལ་ཚོགས་ཆེན་ལ་ཞུགས་མཁན་མི་རིགས་ཁག་གི་མང་ཚོགས་ཚོས་བོད་ཀྱི་ལོ་50ཡི་དཔལ་འབྱོར་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ཚོར་བ་དང་ཆབས་ཅིག་ཚང་མར་ཐུན་མོང་གི་འདུན་པ་ཞིག་ཡོད་པ་སྟེ། འགོ་འཛུགས་ས་གསར་པའི་ཐོག་བོད་ཀྱིས་འོད་སྟོང་གསར་པ་གཏོད་རྒྱུའི་རེ་བ་བྱེད་པ་དེ་ཡིན།

    བོད་དུ་ཚོང་བརྒྱབ་ནས་ལོ་30སོང་བའི་དམངས་གཉེར་ཁེ་ལས་མཁས་ཅན་ཝུའེ་ཀྲའོ་ཧྥང་གིས་མྱོང་ཚོར་ཟབ་མོས“ང་ཚོ་མི་རབས་གསུམ་ལྷ་སར་ལས་ཀ་བྱེད་ཀྱི་ཡོད། དམངས་གཉེར་ཁེ་ལས་མཁས་ཅན་ཞིག་ཡིན་པའི་ངོས་ནས་བོད་ཀྱི་འཕེལ་རྒྱས་ལ་ལེགས་སྐྱེས་ཕུལ་བར་སྤོབས་པ་སྐྱེ་གི་འདུག”ཅེས་བརྗོད་བྱུང་།

    “བོད་ཀྱི་འཕེལ་རྒྱས་དེ་མི་རིགས་ཁག་གི་མཐུན་སྒྲིལ་དང་ཁ་འབྲལ་ཐབས་མེད། དམངས་གཉེར་ཁེ་ལས་པ་ཞིག་ཡིན་པའི་ང་ཚོས་འབྱུང་འགྱུར་བོད་ཀྱིས་སྤུས་ལེགས་ཀྱི་ཞབས་ཞུ་སྔར་བས་མཁོ་འདོན་དང་མ་འཇོག་གི་སྟེགས་བུ་དེ་བས་ལེགས་པོ་གཏོད་ནས་བོད་འདི་ཉིད་དམངས་གཉེར་ཁེ་ལས་ཀྱི་ཐོན་ལས་དང་ས་ཁོངས་གྲུབ་ཆ་ལེགས་སྒྲིག་གི་གར་སྟེགས་ཆེན་པོ་ཞིག་ཏུ་འགྱུར་རྒྱུའི་རེ་བ་ཡོད”ཅེས་ཝུའེ་ཀྲའོ་ཧྥང་གིས་བརྗོད་བྱུང་།

མཛའ་འབྲེལ་དྲ་བ།
010020070840000000000000011100001346052991