གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
  • ༄༅།། བོད་ ཀྱི་ འཕེལ་ རྒྱས་ ཡར་ ཐོན་ ནི་ སྐྱེ་ བོ་ ཀུན་ གྱིས་ མཐོང་ གསལ་ རེད།

 
2015-09-10        གསར་འགྱུར་འབྱུང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།        འགན་འཁུར་རྩོམ་སྒྲིག་པ། བསྟན་ཉི།

    དཔལ་འབྱོར་འཕེལ་རྒྱས་ལ་གྲུབ་འབྲས་ཆེན་པོ་ཐོབ་པ།

    1965ལོའི་ཟླ་9པར་བོད་རང་སྐྱོང་ལྗོངས་དབུ་བརྙེས་པ་དང་ས་མཐོའི་ས་གཞི་ཆེ་མོར་ལོ་རྒྱུས་ཀྱི་ལེའུ་གསར་པ་ཕྱེ་ཡོད། ལོ་ངོ་50ཡི་ནང་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་བོད་དུ་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ་དང་བོད་འདི་ཉིད“དུས་ཐུང་ལོ་བཅུ་གྲངས་ནང་ལོ་ངོ་སྟོང་གི་མཆོང་སྐྱོད”ཀྱི་འཕེལ་རྒྱས་ཀྱི་མྱུར་བགྲོད་ལམ་བུར་བསྐྱོད་པ་དང་བོད་དར་དམངས་ཕྱུག་གི་གྲུབ་འབྲས་ཐོབ་པ་ནི་སྐྱེ་བོ་ཀུན་གྱིས་མཐོང་གསལ་རེད།

    2014ལོའི་སྟོན་དུས་སུ་སུའེ་ཙེར་གྱི་བསླབ་བགྲེས་གསར་འགོད་པ《སྐབས་དོན་ཚགས་པར》གྱི་རྒྱལ་སྤྱིའི་པར་ངོས་ཀྱི་དེ་སྔའི་རྩོམ་སྒྲིག་པ་གཙོ་བོ་ཧྥེ་ལུའེ་ཏེ་ལི་ཁེ·ཁོའོ་ལེ་གདན་ཞུས་ལྟར་བོད་དུ་བཅར་འདྲིར་ཡོང་མྱོང་ཡོད་པ་དང་། ཁོང་བོད་ཀྱི་ལྟེ་བའི་གྲོང་ཁྱེར་ལྷ་སའི་འཕེལ་རྒྱས་ཆེ་བའི་གྲུབ་འབྲས་ལ་ཧང་སངས་ནས། “ང་ལྷ་སར་ཐེངས་དང་པོ་ཡོང་དུས་1997ལོར་རེད། ལོ་བཅུ་གྲངས་སོང་བའི་ད་ཆའི་ལྷ་སའི་འགྲིམ་འགྲུལ་དང་། ཆུ་གློག གྲོང་ཁྱེར་གྱི་རྣམ་པ་སོགས་དེང་རབས་ཅན་གྱི་འཕེལ་རྒྱས་ཆེན་པོས་ང་ལ་བག་ཆགས་ཟབ་མོ་བཞག་བྱུང”ཞེས་བཤད་པ་རེད།

    འཇར་མན་ཤིས་མོན་ཙེ་ཀུང་སིའི་ལག་རྩལ་ཆེ་མོ་བ་ཨེ་པོ་ཧཱ་ཏེ·ཕ་ཁྲ་ཁེ་འདི་ལོ་ལོ་64ལ་སླེབས་པ་དང་2005ལོར་ཁོང་བོད་དུ་རྟོག་ཞིབ་དང་ཡུལ་སྐོར་ལ་ཉིན་20ཡོང་མྱོང་། ཁོང་གིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར“ས་གནས་ཀྱི་གཞུང་ལམ་དྲ་བ་དང། འཕྲིན་གཏོང་དྲ་བ། གློག་དྲ། ལྕགས་ལམ་དྲ་བ་བཅས་ལས་་ཀྲུང་དབྱང་སྲིད་གཞུང་གིས་བོད་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་མ་དངུལ་ཧ་ཅང་ཆེན་པོ་བཏང་བ་ཤེས་ཐུབ། འཕེལ་རྒྱས་ཆེན་པོ་དེ་ལྟ་བུ་ཡོང་བར་ས་གནས་ཀྱི་སྟོབས་ཤུགས་ཁོ་ནར་བརྟེན་ན་ཡོང་མི་སྲིད་པ་ཤེས་གསལ་རེད”ཅེས་བཤད་པ་རེད།

    ནེ་པ་ལའི་ཚོང་ལས་དང་མཁོ་སྒྲུབ་པུའི་པུའུ་ཀྲང་གཞོན་པ་ཝུའུ་ཕ་ཏི་ཡེ་ཡིས་2007ལོ་ནས་2011ལོ་བར་ལྷ་སར་བཅའ་སྡོད་ནེ་པ་ལའི་གཞུང་ཚང་པ་བྱས་པ་དང་ལོ་བཞིའི་ནང་ཝུའུ་ཕ་ཏི་ཡེ་ཡིས་བོད་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཉིན་རེ་བཞིན་རྣམ་པ་གསར་པ་ཐོན་པ་བདེན་དཔང་བྱས་པ་རེད། “བོད་དུ་ལོ་ཕྱེད་བསྡད་ཚེ་ཁྱེད་ཀྱིས་དེའི་འཕོ་གྱུར་ཚོར་ཐུབ་པ་དེ་ནི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་འཕེལ་རྒྱས་མྱུར་པོ་དང་དཔལ་འབྱོར་འཕེལ་རྒྱས་མྱུར་པོ་བྱུང་བ་དེ་རེད”ཅེས་བཤད་པ་རེད།

    སློབ་གསོ་དང་རིག་གནས་འཕེལ་རྒྱས་ཆེན་པོ་བྱུང་བ།

    པེར་ཀྲེམ་གྱི་གྲགས་ཅན་བོད་རིག་པ་མཁས་ཅན་ཨན་ཏེ་ལེ·ལ་ཁེ་ལུའུ་ཝ་བོད་དུ་ས་གནས་ས་ཐོག་ཏུ་རྟོག་ཞིབ་བྱེད་པར་ཐེངས་མང་ཡོང་མྱོང་ཡོད། ཁོང་གིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་ཞུ་སྐབས། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50ཡི་ནང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འཕོ་འགྱུར་ཆེན་པོ་བྱུང་བ་དང་བོད་ཀྱི་མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཀྱང་ཧ་ཅང་མཐོ་རུ་ཕྱིན་པ་ནི་གདོན་མི་ཟ་བ་ཞིག་རེད་ཅེས་བཤད་པ་རེད།

    ལ་ཁེ་ལུའུ་ཝ་ཡིས་ཀྲུང་གོ་སྲིད་གཞུང་གིས་བོད་ཀྱི་རིག་གནས་ལ་སྲུང་སྐྱོབ་ཤུགས་ཆེན་བྱས་ནས་བོད་རིག་པའི་ཞིབ་འཇུག་སུའོ་མང་པོ་བཙུགས་ཡོད་ལ་ལྷག་པར་དུ་བོད་སྐད་ཡིག་འཕེལ་རྒྱས་ལ་དོ་སྣང་ཆེན་པོ་བྱེད་ཀྱི་འདུག “ཁོང་ཚོའི་སྐད་ཡིག་ལ་དམིགས་བསལ་གྱི་སྲུང་སྐྱོབ་ཐོབ་པ་དེ་ནི་ཡོ་རོབ་དང་འཛམ་གླིང་ཐོག་གི་གྲངས་ཉུང་མི་རིགས་མང་པོའི་སྐད་ཡིག་ལས་ལྷག་པ་ཡོད”ཅེས་བཤད་པ་རེད། ལ་ཁེ་ལུའུ་ཝ་ཡིས་བོད་སྐད་ཡིག་ནི་སློབ་ཆུང་སྐབས་ངེས་པར་དུ་སྦྱོང་དགོས་པའི་སློབ་ཚན་ཡིན་པ་དང་གང་སར་བོད་རིགས་བྱིས་པས་བོད་ཡིག་སློབ་དེབ་ཀློག་གི་ཡོད་པ་དོ་སྣང་ཆེན་པོ་བྱུང་། “བོད་ཀྱི་ས་ཕྱོགས་གང་དུ་སྐྱོད་ཀྱང་བོད་ཀྱི་རིག་གནས་ལ་གསོན་ཤུགས་ཆེན་པོ་ལྡན་པའི་ཚོར་སྣང་ཟབ་མོ་བྱུང”ཞེས་བཤད།

    ཧའོ་ལའེ་ཝུའུ་ཡི་དངོས་མཚོན་གློག་བརྙན《བོད་ལྗོངས་ངོ་མ》ཞེས་པའི་འཁྲབ་ཁྲིད་པ་ནཱ་པེས་ད་ཆ་བོད་ལྗོངས་སུ་དཔལ་འབྱོར་དང་། དམངས་འཚོ། རྨང་གཞིའི་སྒྲིག་བཀོད། སློབ་གསོ་བཅས་ལ་འཕེལ་རྒྱས་མངོན་གསལ་དོད་པོ་བྱུང་བ་མ་ཟད། རིག་གནས་དང་ཆོས་ལུགས་བྱེད་སྒོར་དེ་བས་སྲུང་སྐྱོབ་དང་བརྩི་འཇོག་ཐོབ་ཡོད་ཅེས་བཤད་པ་རེད།

    ཡུལ་སྐོར་ལས་རིགས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ།

    ཟླ་བ་གཅིག་ཙམ་གྱི་གོང་དུ་རྒྱ་གར་གྱི་དབྱི་ཧུའི་གྲོས་ཚོགས་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང(གྲོས་ཁང་གོང་མའི)གི་གྲོས་མི་ཐཱ་ལུན•ཝུའེ་ཅ་དབྱི་བོད་ཀྱི་མ་ཕམ་གཡུ་མཚོ་དང་གངས་རིན་པོ་ཆེར་གནས་སྐོར་དུ་བསྐྱོད་མྱོང་ཡོད་པ་དང་བོད་ཀྱི་རང་བྱུང་ཁོར་ཡུག་ཡག་པོས་ཁོང་ལ་བརྗེད་པར་དཀའ་བའི་བག་ཆགས་བཞག་པ་མ་ཟད། ཁོང་གིས“བོད་ལྗོངས་ནི་ཨེ་ཤེ་ཡའི་ཆུ་བོ་མང་པོའི་འབྱུང་ཁུངས་ཤིག་ཡིན་ཞིང་། རྒྱ་གར་སོགས་རྒྱལ་ཁབ་ཀྱི་རང་བྱུང་ཁོར་ཡུག་ལ་ཐད་ཀར་ཤུགས་རྐྱེན་ཐེབས་ཀྱི་ཡོད། བོད་ཀྱི་རང་བྱུང་ཁོར་ཡུག་ལ་སྲུང་སྐྱོབ་ཡག་པོ་ཐུབ་པ་དེ་ཨེ་ཤེ་ཡའི་རྒྱལ་ཁབ་ཁག་གི་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་ཞིག་རེད”ཅེས་བཤད་པ་རེད།

    བོད་ཀྱི་དྲི་མེད་དྭངས་གཙང་གི་རང་བྱུང་ཁོར་ཡུག་གིས་སུའེ་ཙེར་བ་ཁོའོ་ལེར་སེམས་འགུལ་ཆེན་པོ་ཐེབས་ནས“མི་རྣམས་ཀྱིས་བཤད་པ་བཞིན་བོད་དུ་ཁྱེད་ཀྱིས་ལག་པ་བརྐྱངས་པ་དང་དགུང་སྔོན་རེག་ཐུབ་པ་ལྟ་བུ་ཞིག་ཡོད”ཅེས་བཤད་པ་དང་ཁོང་གི་ངོས་ནས་བརྗོད་ན་བོད་ཀྱི་ཐུན་མོང་མ་ཡིན་པའི་ས་མཐོའི་ཡུལ་ལྗོངས་དང་གངས་ལྗོངས་ཀྱི་རིག་གནས་ཀྱིས་བོད་འདི་ཉིད་ནུབ་ཕྱོགས་ཡུལ་སྐོར་བའི་དད་མོས་བྱེད་པའི་ཡུལ་སྐོར་གྱི་གནས་མཆོག་ཏུ་གྱུར་པ་མ་ཟད། ཀྲུང་གོའི་ནང་སའི་ཡུལ་སྐོར་བ་མང་པོའི་ཡིད་ཀྱི་འདུན་པ་འཕྲོག་ཡོད་པས་ཡུལ་སྐོར་ནི་འཛམ་གླིང་གིས་བོད་ལྗོངས་གསར་པ་ཤེས་རྟོགས་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཏུ་གྱུར་ཡོད་རེད།

མཛའ་འབྲེལ་དྲ་བ།
010020070840000000000000011100001346100441