གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
  • ༄༅།། རྒྱལ་ ཡོངས་ ཀྱིས་ བོད་ སྐྱོར་ བྱས་ ནས་ ལོ་ 20སོང་ རིང་ གྲུབ་ འབྲས་ མང་ ལ་ བློས་ གཏོང་ མང་།

 
2015-09-11        གསར་འགྱུར་འབྱུང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།        འགན་འཁུར་རྩོམ་སྒྲིག་པ། བསྟན་ཉི།

    རྩོམ་པ་པོ། ​ ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཀྲེ་ཀྲང་ཁྲེན།

    1995ལོར་ཀྲུང་དབྱང་གིས་བོད་སྐྱོར་ལས་བྱེད་པ་ཁག་དང་པོ་བོད་དུ་བཏང་བ་དང་། ལོ་20རིང་རིམ་རྩིས་བརྒྱབ་ན་ཁག་བདུན་གྱི་ལས་བྱེད་པ་དང་ཆེད་ལས་ལག་རྩལ་མི་སྣ་6000ལྷག་ཙམ་བོད་ལྗོངས་འཛུགས་སྐྲུན་ནང་ཞུགས་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད། བོད་དུ་རྒྱབ་སྐྱོར་བྱེད་པ་དང་དུས་མཚུངས། བོད་སྐྱོར་ལས་བྱེད་པའི་ཚོགས་སྤྱིར་ཡང་ཕན་པ་མི་དམན་པ་ཐོབ་ནས་གྲུབ་འབྲས་མང་ལ་བློས་གཏོང་ཡང་མང་པོ་བྱས་ཡོད།

    ནང་ས་དང་འབྲེལ་ཟམ་བཙུགས་པ།

    1994ལོར་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་པའི་ཐོག“ཁ་གཏད་བོད་སྐྱོར”གྱི་འཐབ་ཇུས་འགངས་ཆེན་བཏོན་པ་དང་། ལོ་20ལྷག་ཙམ་རིང་རིམ་རྩིས་བརྒྱབ་ན་རྣམ་གྲངས་8310དང་བོད་སྐྱོར་མ་དངུལ་སྒོར་དུང་ཕྱུར་296ས་མཐོར་དོན་འཁྱོལ་བྱས་ཏེ། བོད་ཀྱི་དཔལ་འབྱོར་ལོ་6བསྟུད་མར་དུང་ཕྱུར་བརྒྱ་རིམ་པའི་འཕར་ཚད་མངོན་འགྱུར་ལ་སྐུལ་འདེད་བཏང་ཡོད།

    ཀྲུང་དབྱང་དང་ཞིང་ཆེན་དང་གྲོང་ཁྱེར་ཁག་གིས་རྒྱབ་སྐྱོར་ནུས་ལྡན་བྱས་ནས་བོད་ཀྱི་འགྲིམ་འགྲུལ་དང་། ཆུ་བེད། གློག་ཤུགས་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་དཀའ་གནད་སེལ་རོགས་བྱས་པ་མ་ཟད། ད་དུང་དམངས་འཚོའི་ཕྱུག་འགྱུར་རྣམ་གྲངས་གཅིག་མིན་གཉིས་མིན་དུ་ལག་བསྟར་བྱ་རྒྱུར་སྐུལ་ཁྲིད་བྱས་ཐོག པ་སྣམ་གྱི་སྔོ་ཚལ་དང་། ཉིང་ཁྲིའི་ཁྱིམ་ཚང་མགྲོན་ཁང་། མངའ་རིས་སྐར་ཚོགས་ཡུལ་སྐོར། ལྷ་སའི་ས་གཙང་ལྷད་མེད་ཐོན་ལས་སོགས་ས་མཐོའི་ཐོན་ལས་ཀྱི་མིང་ཤོག་བཏོད་དེ། བོད་ཀྱི་ཞིང་འབྲོག་པའི་འབབ་འཕར་ཕྱུག་འགྱུར་གྱི་འཇོན་ཐང་ནུས་ལྡན་ངང་ཆེ་རུ་བཏང་ཡོད།

    སྡོད་ཁང་འཛུགས་སྐྲུན་པུའུ་ཡི་བོད་སྐྱོར་ལས་བྱེད་པ་ལིའུ་ཤིན་ཕུང་གིས། བོད་སྐྱོར་ལས་བྱེད་པ་ཞིག་གི་ངོས་ནས་བོད་ལ་མ་དངུལ་དང་། རྣམ་གྲངས། ལག་རྩལ་བཅས་ཀྱི་རྒྱབ་སྐྱོར་བྱེད་པ་ཕུད། དེ་བས་གལ་ཆེ་བ་ནི་མི་རིགས་ཁག་དབར་གྱི་རིག་གནས་བརྒྱུད་སྤེལ་དང་། མི་རིགས་དབར་གྱི་སྤེལ་རེས་དང་། འགྲོ་འོང་། མཉམ་འདྲེས་བཅས་ལ་རྒྱབ་སྐྱོར་བྱ་རྒྱུ་དེ་རེད། “བོད་སྐྱོར་ལས་བྱེད་པ་བོད་དུ་སླེབས་རྗེས། ནང་ས་དང་འབྲེལ་ཟམ་བཙུགས་ནས་བོད་ཀྱི་ལས་བྱེད་པ་མང་ཚོགས་དང་མཉམ་དུ་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་བསྐྲུན་ཡོད”ཅེས་བཤད།

    བོད་སྐྱོར་གྱི་རྣམ་གྲངས་དང་མ་དངུལ་གྱིས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་བཏང་བས། གཞི་རིམ་གྱི་སྤྱི་པའི་ཞབས་ཞུའི་ནུས་པ་གོང་མཐོར་ཕྱིན་པ་དང་། ཁྱད་ལྡན་ལེགས་ལྡན་ཐོན་ལས་གསར་སྤེལ་ལ་སྐུལ་མ་ཐེབས་པ། ཞིང་འབྲོག་པའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་ནུས་ལྡན་ཕྱིན་ཡོད། གཞན་ཡང་བོད་སྐྱོར་ལས་བྱེད་པ་མི་ཉུང་བ་ཞིག་གིས་སེར་སྣ་སྤུ་ཙམ་མེད་པར་ཆ་སྒྲིག་གཉེན་འཚོལ་བྱས་ནས་བོད་རིགས་སློབ་མར་ནད་བཅོས་པ་དང་སློབ་མ་དབུལ་པོར་རོགས་རམ་བྱས་ཐོག གནད་ཀྱིས་གནད་དང་གཅིག་གིས་གཅིག་ལ་རོགས་རམ་བྱས་ནས་ས་ཆ་དེ་གའི་མི་སེར་གྱི་འཚོ་བའི་དཀའ་ངལ་དང་དཔལ་འབྱོར་གྱི་གནོན་ཤུགས་མི་ཉུང་བ་ཞིག་སེལ་རོགས་བྱས་ཡོད།

    བོད་སྐྱོར་ལས་བྱེད་པ་ཁག་བདུན་པའི་སྤྱི་ཁྱབ་རུ་སྣེ་ཁྲིད་མཁན་ཝང་ཕུང་ཁྲའོ་ཡིས“ཀྲུང་དབྱང་གིས་བོད་སྐྱོར་སྲིད་ཇུས་ལག་བསྟར་བྱས་ཏེ་བོད་ལྗོངས་དང་ནང་སའི་དབར་ཕན་ཚུན་སྤེལ་རེས་དང་། འབྲེལ་གཏུག མཉམ་འདྲེས་བཅས་ལ་སྐུལ་འདེད་བཏང་བ་དང་། མི་རིགས་ཁག་དབར་མཐུན་སྒྲིལ་མཉམ་འདྲེས་ལ་སྐུལ་འདེད་བཏང་བ། བོད་ཀྱི་སྤྱི་ཚོགས་ལེགས་ལ་མྱུར་བའི་ངང་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད”ཅེས་བཤད།

    དཀའ་སྤྱད་བློས་གཏོང་བྱས་པ་ཞིག་ཡིན་ལ་སྦྱོང་བརྡར་ཧུར་ཐག་བྱས་པ་ཞིག་དེ་བས་རེད།

    “ངའི་ངོས་ནས་བཤད་ན་བོད་སྐྱོར་ཞེས་པ་ནི་གཉིས་མོས་རོགས་སྐྱོར་བྱས་པ་ཞིག་རེད” ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་གི་བོད་སྐྱོར་ལས་བྱེད་པ་ཀྲོའུ་གོ་ལེང་གིས། “བོད་སྐྱོར་ལས་བྱེད་པས་བོད་ལ་རྣམ་གྲངས་དང་མ་དངུལ་དོན་འཁྱོལ་བྱས་པ་དང་། ཡུན་རིང་བོད་དུ་སྡོད་པའི་ལས་བྱེད་པ་དང་མང་ཚོགས་ཀྱི་སྙིང་སྟོབས་ཀྱིས་བོད་སྐྱོར་ལས་བྱེད་པར་དུས་དང་རྣམ་པ་ཀུན་ཏུ་ཤུགས་རྐྱེན་ཐེབས་ཀྱི་ཡོད”ཅེས་བཤད།

    བོད་སྐྱོར་བྱེད་པའི་ལོ་གཉིས་ནང་ཀྲོའུ་གོ་ལེང་གིས་བོད་ཀྱི་རྫོང་50ལྷག་ཙམ་དུ་བསྐྱོད་ནས་ས་ཆ་དེ་གའི་ལས་བྱེད་པ་དང་མང་ཚོགས་ཀྱི་དཀའ་ཚེགས་ཆེན་པོར་ཇི་མི་སྙམ་པའི་སྙིང་སྟོབས་ལ་སེམས་འགུལ་ཆེན་པོ་ཐེབས་ཡོད། “ས་བབ་མཐོ་ཚད་དང་བསམ་བློའི་བྱང་ཚད་བསྡུར་བ་དང་། གངས་རི་དང་དྭངས་གཙང་བསྡུར་བ། བྱེ་རླུང་དང་སྙིང་སྟོབས་བསྡུར་བ། རྩྭ་ཐང་དང་སེམས་ཁོངས་བསྡུར་བ་བཅས་ལས་ངའི་མི་ཚེ་ཧྲིལ་པོར་ཕན་པ་མི་དམན་པ་ཞིག་ཐོབ་སྲིད”

    བོད་དུ་གནམ་གཤིས་ཞན་པ་དང་། ནག་ཆུ་ས་ཁུལ་བོད་ཀྱི་ཆ་རྐྱེན་ཞན་ཤོས་ཀྱི་ས་ཁུལ་ཡིན་པ་ཚང་མས་ཁས་ལེན་གྱི་ཡོད་མོད། དེ་སྔ་ནག་ཆུ་ས་ཁུལ་འབྲི་རུ་རྫོང་སྟག་ལྷས་གྲོང་ཚོར་ལོ་ཕྱེད་ལྷག་ཙམ་བཅའ་སྡོད་བྱས་པའི་བོད་སྐྱོར་ལས་བྱེད་པ་ལི་ཞའོ་ནན་ལ་དེར་དཀའ་ངལ་ཆེན་པོ་ཡོད་པའི་སྣང་བ་སྤུ་ཙམ་ཡང་འབྱུང་མྱོང་མེད། “ཆུ་དང་གློག་དཀོན་པའི་གནས་ཚུལ་འོག ཡུལ་དེའི་ལས་བྱེད་པ་དང་མང་ཚོགས་རྣམས་སྣང་བ་སྐྱིད། ཁོང་ཚོའི་སྙིང་སྟོབས་ལས་ངར་སྐུལ་ལྕག་ཐེབས་བྱུང”ཞེས་ལི་ཞའོ་ནན་གྱིས་བཤད།

    གོང་རིམ་སྡེ་ཚན་གྱི་བཀོད་སྒྲིག་ལྟར་པེ་ཅིང་ཞེ་ཧོ་སྨན་ཁང་གི་ཡོའན་ཀྲང་ལས་རོགས་པ་ཧན་ཏིང་གིས་སྨན་བཅོས་ཚོགས་པའི་སྣེ་ཁྲིད་དེ་བོད་དུ“ཚོགས་པ་ཅན་གྱི་བོད་སྐྱོར”ཟླ་བ་གཅིག་ཙམ་བྱས་ཤིང་། རིགས་གཅིག་མཁས་ཅན་ལ་ལས་གསང་སྤྱོད་ཀྱང་མེད་པའི་ཁང་པར་བསྡད་ཀྱང་། འཁང་ར་གཅིག་ཀྱང་བྱེད་མྱོང་མེད། ཧན་ཏིང་གིས“བོད་སྐྱོར་ལ་ཡོང་སྟེ་བོད་ཀྱི་སྨན་བཅོས་བྱ་གཞག་འཕེལ་རྒྱས་ལ་སྟོབས་ཤུགས་སྐྱེས་སུ་འབུལ་འདོད་པ་དང་དུས་མཚུངས། ང་ཚོའི་ངོས་ནས་བཤད་ན། འདི་ནི་གཞི་རིམ་དུ་བསྐྱོད་པ་དང་གཞི་རིམ་ཤེས་རྟོགས་བྱེད་པའི་གོ་སྐབས་ཡག་ཤོས་ཤིག་རེད”ཅེས་བཤད།

    ནག་ཆུའི་བོད་སྐྱོར་ལས་བྱེད་པ་ཡུས་ཧྥུང་གིས་དུས་ཡུན་ལོ་གཉིས་ལྷག་ཙམ་གྱི་བོད་སྐྱོར་འཚོ་བ་བརྒྱུད། གཞི་རིམ་མང་ཚོགས་ཀྱི་བསམ་བློ་བཏང་ཡུལ་སྔར་བས་ཤེས་རྟོགས་ཐུབ་པ་དང་མཐའ་མཚམས་ས་ཁུལ་གྱི་གནས་བབ་ལ་དེ་བས་གཏིང་ཟབ་པའི་ངོས་འཛིན་ཐུབ་པ་རེད། “རང་ཉིད་ཀྱིས་གཞི་རིམ་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ནུས་པ་གོང་མཐོར་སོང་བ་དང་རང་ཉིད་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་སུ་ཕྱིན་ནས་འཚོ་བར་འཛིན་པའི་རྣམ་འགྱུར་སྔར་བས་བག་ཕེབས་པར་གྱུར”ཞེས་ཡུས་ཧྥུང་གིས་བཤད།

    “བོད་སྐྱོར་ནི་དཀའ་སྤྱད་དང་ལེགས་སྐྱེས་འབུལ་བ་ཙམ་མ་ཡིན་པར། དེ་ནི་སྦྱོང་བརྡར་དང་མཉམ་བསྲེས་བྱེད་པ་ཞིག་རེད” བོད་དུ་སླེབས་ནས་ལོ་གཉིས་ཙམ་སོང་བའི་ཝང་ཕུང་ཁྲའོ་ཡིས་བོད་དུ་བོད་རིགས་དྭ་ཕྲུག་གཉིས་གསོས་པ་དང་། རྒྱུན་དུ་ཁོང་ཚོ་ཁྱིམ་དུ་ཁྲིད་ཀྱི་ཡོད། བོད་ལ་བཅངས་པའི་བརྩེ་སེམས་སྐོར་གླེང་སྐབས། ཁོང་གིས“བོད་ཀྱི་དཀའ་ཚེགས་ཆེ་བའི་ཁོར་ཡུག་གིས་སྔར་བས་སྲ་ཞིང་བརྟན་པའི་སྙིང་སྟོབས་ཞུན་བརྡར་བྱེད་པ་དང་། ང་ཚོར་མི་ཚང་མ་མེས་རྒྱལ་གྱི་གནས་ཚད་དང་ས་མཚམས་རྡོ་རིང་ཡིན་པའི་ཚོར་སྣང་ཡོང་གི་འདུག”ཅེས་བཤད།

    ངའི་སེམས་ནང་གི་མེས་རྒྱལ་གྱི་གནས་བབ་སྔར་བས་གལ་འགངས་ཆེ་རུ་ཕྱིན་སོང་།

    “ཕ་ཡུལ་ལ་ལེགས་སྐྱེས་འབུལ་བ་ཙམ་མིན་པར། གངས་ལྗོངས་སུ་དེ་བས་ལེགས་སྐྱེས་འབུལ་མཁོ་ཆེ”ཞེས་ཁག་བདུན་པའི་བོད་སྐྱོར་ལས་བྱེད་པ་བོད་རང་སྐྱོང་ལྗོངས་སྒྲིག་ཨུད་གྱོད་གཞི་ཞིབ་གཅོད་ཁང་གི་ཀྲུའུ་རེན་གྱི་འགན་འཁུར་མུས་ཡིན་པའི་ཉིང་ཏུང་ཧྲེན་གྱིས་རང་ཉིད་ཀྱི་ཉིན་ཐོ་ཚང་མའི་མདུན་ཤོག་ཏུ་སྐད་ཆ་དེ་བྲིས་ཡོད།

    2013ལོར་ཉིང་ཏུང་ཧྲེན་ཚན་པ་ནས་མངགས་པ་བརྒྱུད། བོད་དུ་སླེབས་ནས་རང་སྐྱོང་ལྗོངས་སྒྲིག་ཨུད་གྱོད་གཞི་ཞིབ་གཅོད་ཁང་གི་ཀྲུའུ་རེན་གྱི་འགན་ཁུར་ཞིང་། ལོ་གཉིས་རིང་ཁོང་གིས་སྒྲིག་ཁྲིམས་སྒྲིག་ལམ་བརྟན་པོ་སྲུང་བ་དང་གནོན་ཤུགས་ཆེན་པོའི་འོག་ལས་བྱེད་པའི་སྒྲིག་འགལ་གྱོད་གཞི་བཅུ་ཕྲག་ཁ་ཤས་ཞིབ་གཅོད་བྱས། “བོད་དུ་གཟུགས་གཞི་དང་སེམས་ཁམས་ལ་དཀའ་ངལ་ཕྲད་མོད། འོན་ཀྱང་གྲུབ་འབྲས་དེ་བས་གལ་འགངས་ཆེ་བ་ཡོད། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་འཐབ་ཕྱོགས་དང་པོར་གནས་པའི་རྐྱེན་གྱིས། རང་ཉིད་ཀྱི་སྲ་ཞིང་བརྟན་པའི་དད་སེམས་དང་ཏང་ལ་འཛིན་པའི་ལྷག་བསམ་ཟོལ་མེད་ཀྱི་བསམ་པ་སྔར་བས་ཟབ་ཏུ་སོང”ཞེས་ཉིང་ཏུང་ཧྲེན་གྱིས་བཤད།

    ལིའུ་ཤིན་ཧྥུང་གིས“བོད་སྐྱོར་ལོ་གཉིས་བྱེད་རིང་། གཟུགས་གཞིར་ངལ་བ་ཕྲད་མོད། འོན་ཀྱང་སེམས་ཁམས་དག་པ་དང་སྙིང་སྟོབས་འཕེལ་ཡོད། གྲུབ་འབྲས་ཆེ་ཤོས་ནི་རྒྱལ་ཁབ་དང་ཀྲུང་ཧྭ་མི་རིགས་ལ་ངོས་འཛིན་སྔར་བས་གཏིང་ཟབ་ཏུ་སོང་བ་དང་རྒྱལ་ཁབ་སེམས་ལ་སྔར་བས་གལ་འགངས་ཆེ་བར་གྱུར་པ་དེ་རེད”ཅེས་བཤད།

    སྔ་ཕྱི་བར་གསུམ་དུ་འཐབ་ཕྱོགས་གཅིག་གྱུར་ལས་ཀ་བྱེད་ཀྱི་ཡོད་མོད། འོན་ཀྱང་བོད་སྐྱོར་ལས་བྱེད་པ་ཧྲི་ཀོང་ཆང་གིས་དེ་སྔ་གཞུང་དོན་ཁང་དུ་ཡིག་ཆ་འབྲི་སྐབས་མི་རིགས་ས་ཁུལ་གྱི་གནས་བབ་ཤེས་རྟོགས་བྱེད་ཚད་ཤིན་ཏུ་ཉུང་། ཁོང་གིས་བོད་དུ་སླེབས་པ་འདི་ངའི་ངོས་ནས་བཤད་ན་འཚར་ལོངས་དང་གོང་མཐོར་སོང་བ་ཞིག་ཡིན་པ་དང་། “གཞི་རིམ་གྱི་གནས་ཚུལ་དང་ལྷག་པར་དུ་མཐའ་མཚམས་གནས་ཚུལ་ལ་ཤེས་རྟོགས་ཐུབ་ཚད་ཆེས་ཆེར་འཕར་ཡོད་པའི”ངོས་འཛིན་བྱེད།

    བོད་དུ་ཡོད་པའི་ལས་བྱེད་པ་དང་མང་ཚོགས་ཚོའི་འབོད་སྐུལ་དང་སྙིང་སྟོབས་ཀྱི་ཤུགས་རྐྱེན་ཐེབས་པ་དང་ས་མཐོར་དགའ་ཞེན་ཆེན་པོ་ཡོད་པའི་དབང་གིས། དེ་སྔའི་ཁག་བཞི་པའི་བོད་སྐྱོར་ལས་བྱེད་པ་པའོ་ཏུང་གིས་ཆ་སྙོམས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4500ཡོད་པའི་ནག་ཆུར་བསྡད་ཡོད། “བོད་ཀྱིས་རང་ཉིད་ཀྱི་མི་ཚེ་ཧྲིལ་པོར་ཤུགས་རྐྱེན་ཐེབས་བྱུང་བས། ངས་རང་ཉིད་ཀྱི་ལང་ཚོ་བོད་ལ་ལེགས་སྐྱེས་ཕུལ་ཏེ་མེས་རྒྱལ་གྱི་མཐའ་མཚམས་འཛུགས་སྐྲུན་ལ་སྟོབས་ཤུགས་དེ་བས་ཆེ་བ་སྐྱེས་སུ་འབུལ་ཐུབ་རེ་ཡོད”ཅེས་པའོ་ཏུང་གིས་བཤད།

མཛའ་འབྲེལ་དྲ་བ།
010020070840000000000000011100001346138271