གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
  • ༄༅།། བོད་ ལྗོངས་ ཀྱི་ བོད་ ལུགས་ གསོ་ རིག་ དང་ བོད་ སྨན་ གྱི་ ཐོན་ ལས་ མ་ ལག་ གཞི་ རྩའི་ ཆ་ ནས་ གྲུབ་ པ་ དང་ ལོ་ རེའི་ ཐོན་ སྐྱེད་ རིན་ ཐང་ སྒོར་ དུང་ ཕྱུར་ 8ཙམ་ ཟིན་ པ།

 
2015-10-08        གསར་འགྱུར་འབྱུང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།        འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

    གསར་འགོད་པས་བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའི་ཨུ་ཡོན་ལྷན་ཁང་ནས་ཤེས་རྟོགས་བྱུང་བར། བོད་ལྗོངས་ཀྱི་བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཐོན་ལས་མ་ལག་གཞི་རྩའི་ཆ་ནས་གྲུབ་པ་དང་ལོ་རེའི་བོད་སྨན་ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར་8ཙམ་ཟིན་ནས་ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་བོད་སྨན་དེ་གངས་ལྗོངས་ས་མཐོ་ནས་རིམ་བཞིན་ནང་སའི་ཁྲོམ་རའི་ཐོག་སྐྱོད་བཞིན་ཡོད།

    བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཕུར་བུ་སྒྲོལ་མས་གསར་འགོད་པར། བོད་ལྗོངས་ཀྱི་བོད་སྨན་ཐོན་སྐྱེད་དེ་ལག་ཤེས་བཟོ་ཁང་ནས་བཟོ་ལས་ཅན་གྱི་ཐོན་སྐྱེད་བར་རིམ་བཞིན་གོང་འཕེལ་སྟོབས་ཆེར་ཕྱིན་ནས་བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཐོན་ལས་མ་ལག་གཞི་རྩའི་ཆ་ནས་གྲུབ་ཡོད། མིག་སྔར། ལྗོངས་ཡོངས་སུ་བོད་སྨན་ཐོན་སྐྱེད་ཁེ་ལས་18བར་གོང་འཕེལ་ཕྱིན་པ་དང་ཚང་མར་རྒྱལ་ཁབ་ཀྱི་GMPཁས་ལེན་ཐོབ་པ། བོད་སྨན་གྱི་ལོ་རེའི་ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར་8ཙམ་ཟིན་གྱི་ཡོད་ཅེས་གསུངས།

    ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལུགས་གསོ་རིག་དང་བོད་སྨན་དེ་གངས་ལྗོངས་ས་མཐོར་ལོ་ངོ་2000ཙམ་རྒྱུན་འཛིན་བྱས་པ་དང་མིག་སྔར་ཀྲུང་གོའི་ཆེས་ཆ་ཚང་ཞིང་ཤུགས་རྐྱེན་ལྡན་པའི་མི་རིགས་ཀྱི་གསོ་བ་རིག་པའི་གྲས་ཤིག་ཡིན། མིག་སྔར་བོད་ལུགས་གསོ་རིག་དང་བོད་སྨན་འདི་ཉིད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་ནང་རེ་ཞུ་བྱེད་བཞིན་ཡོད་པ་རེད།  

 

མཛའ་འབྲེལ་དྲ་བ།
010020070840000000000000011100001346931261