གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
  • ༄༅།། ཁྲུང་ ཆིང་ གི་ བོད་ སྐྱོར་ ཁག་ བདུན་ པས་ མིག་ སྔར་ མ་ དངུལ་ སྒོར་ དུང་ ཕྱུར་ 6.2དོན་ འཁྱོལ་ བྱས་ ཟིན་ པ།

 
2015-12-21        གསར་འགྱུར་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།        འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།

    ཁྲུང་ཆིང་གྲོང་ཁྱེར་གྱིས་བོད་སྐྱོར་ཁག་བདུན་པའི་ལས་དོན་སྤེལ་ནས་ལོ་2ལྷག་ཙམ་སོང་ཚུན། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དར་སྤེལ་ཤུགས་ཆེན་གཏོང་བ་དང་། ལས་འགན་འཁུར་བ། རང་འགུལ་ངང་མཉམ་འདྲེས་བྱེད་པ། ཆབ་མདོ་དེ་ཉིད་ཕ་ཡུལ་དུ་བརྩི་བ། བོད་རིགས་སྤུན་ཟླ་གཉེན་ཉེར་བརྩི་བ། ལྟེ་བའི་ལས་དོན་གཉིས་ཡིན་པའི་བརྟན་ལྷིང་དང་འཕེལ་རྒྱས་ལ་དམ་པོར་དམིགས་པ་བཅས་བྱས་ནས་མིག་སྔར་ཚད་འབེབས་བྱེད་ཆོག་པའི་མ་དངུལ་སྒོར་དུང་ཕྱུར་6.2མཐུན་སྦྱོར་དང་དོན་འཁྱོལ་བྱས་པའི་ནང་འཆར་གཞི་ཕུད་པའི་མ་དངུལ་སྒོར་དུང་ཕྱུར4.1དེ་འཆར་གཞིའི་མ་དངུལ་གྱི་ལྡབ་1.95ཡིན་པ་དེས་ཆབ་མདོའི་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་ཐུབ་ཡོད་པ་རེད།

    རིག་ནུས་བོད་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ཞིང་། 2014ལོ་ནས་བཟུང་། ལོ་ལྟར་བོད་ལྗོངས་འཛིན་གྲྭ་གཅིག་གསར་དུ་བསྣན་ནས་ཐེམ་ཐོ་ཆབ་མདོ་ནས་ཡིན་པའི་དམའ་རིམ་སློབ་འབྲིང་གི་སློབ་མ་ཁྲུང་ཆིང་བོད་ལྗོངས་སློབ་འབྲིང་དུ་བསྡུ་བ་དང་། ཁྲུང་ཆིང་གི་གཙོ་གྲོང་ཁུལ་གྱི་གཙོ་གནད་སློབ་གྲྭ་འབྲིང་ཆུང་22དང་མཐུན་སྦྱོར་བྱས་ནས་ཆབ་མདོའི་འབྲེལ་ཡོད་སློབ་གྲྭར་རོགས་སྐྱོར་བྱེད་པ། ཆབ་མདོར་དགེ་རྒན་1680གསོ་སྦྱོང་བྱེད་རོགས་བཅས་བྱས་ཡོད། ཏང་སྲིད་ལས་བྱེད་པ་དང་ཆེད་ལས་ལག་རྩལ་མི་སྣ་2000ཙམ་སྒྲིག་འཛུགས་བྱས་ནས་ཁྲུང་ཆིང་དུ་གསོ་སྦྱོང་སྤེལ་རེས་དང་ཏང་སྲིད་ལས་བྱེད་པ་དང་ཆེད་ལས་ལག་རྩལ་མི་སྣ་660ཙམ་སྒྲིག་འཛུགས་བྱས་ནས་ཁྲུང་ཆིང་དུ་གནས་སྦྱར་སྦྱོང་བརྡར་བྱས་ཡོད།

    ཆབ་མདོའི་དཔལ་འབྱོར་གསར་སྤེལ་ཁུལ་བསྐྲུན་རྒྱུར་རྒྱབ་སྐྱོར་ཧུར་ཐག་བྱས་ཤིང་། ཁྲུང་ཆིང་བྱང་རྒྱུད་ཁུལ་གསར་གྱིས་ཆབ་མདོའི་དཔལ་འབྱོར་གསར་སྤེལ་ཁུལ་ལ་ཁ་གཏད་རོགས་སྐྱོར་བྱ་རྒྱུར་སྐུལ་འདེད་བཏང་བ་དང་མ་དངུལ་སྒོར་ཁྲི་7450རོགས་སྐྱོར་བྱས་ཏེ་ཆབ་མདོའི་དཔལ་འབྱོར་གསར་སྤེལ་ཁུལ་བདེ་བླག་ངང་བསྐྲུན་རྒྱུར་སྲ་ཞིང་བརྟན་པའི་རྨང་གཞི་བཏིང་བ་དང་། སྒོར་དུང་ཕྱུར་1.8བཏང་ནས་ཆབ་མདོ་གྲོང་ཁྱེར་སྲིད་འཛིན་ལྟེ་གནས་བསྐྲུན་ཏེ་ཆབ་མདོ་གྲོང་ཁྱེར་སྲིད་འཛིན་ལྟེ་གནས་དུས་བཀག་ནང་སྤྱོད་རྒྱུའི་འགན་ལེན་བྱས་པ། ཁྲུང་ཆིང་དུ་ཡོད་པའི་ཆབ་མདོའི་ལས་བཟོའི་ལས་འཁྱུར་དང་རྒན་གསོའི་རྟེན་གཞི་བསྐྲུན་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། ཞིབ་ཕྲའི་གནས་དོན་འཁྱོལ་བྱེད་པ། ཆབ་མདོ་གྲོང་ཁྱེར་གྱི་ལས་བྱེད་པ་དང་ལས་བཟོའི་ཁང་ཉོའི་འདོད་མོས་དགོས་མཁོ་བརྟག་དཔྱད་དང་འཕེལ་སྒྱུར་ཨུ་ལྷན་གྱི་རྣམ་གྲངས་འཛུགས་རྒྱུ་ལེགས་སྒྲུབ་བྱེད་པ། འཆར་འགོད་ཀུང་སིས་དུས་འགོའི་འཆར་འགོད་ལས་དོན་སྤེལ་བཞིན་པ་ཡོད་པ་རེད། སྨན་བཅོས་བོད་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་འཆར་གཞི་ཕུད་པའི་མ་དངུལ་སྒོར་ཁྲི་4500གྲབས་གསོག་བྱས་ཏེ་ཆབ་མདོ་གྲོང་ཁྱེར་མི་དམངས་སྨན་ཁང་ལ་རིམ་གསུམ་ཕྱོགས་བསྡུས་རང་བཞིན་སྨན་ཁང་བསྐྲུན་རྒྱུར་རྒྱབ་སྐྱོར་བྱེད་པ་བཅས་རེད།

    ཆབ་མདོ་དང་ཁྲུང་ཆིང་གི་གནམ་གྲུ་ཐད་འཕུར་མཁའ་ལམ་བསྐྲུན་རྒྱུར་སྐུལ་འདེད་བཏང་ཞིང། 2014ལོའི་ཟླ་4པར་ཆབ་མདོ་དང་ཁྲུང་ཆིང་བར་གནམ་གྲུ་ཐད་འཕུར་ཐུབ་ནས་ཉིན་ལྟར་ཕར་འཕུར་ཚུར་འཕུར་གྱི་དུས་གཏན་གནམ་གྲུ་རེ་ཡོད། ཕྱོགས་མང་མཐུན་སྦྱོར་གྱིས་ཁྲུང་ཆིང་ཀྲུང་གོ་ངར་ལྕགས་ཚོགས་པ་སོགས་གྲགས་ཅན་ཁེ་ལས་ཆབ་མདོར་རྟོག་ཞིབ་དང་ངོ་འཕྲད་གྲོས་མོལ་བྱ་རྒྱུར་ཡིད་དབང་བཀུག་ནས་ཆབ་མདོའི་ཁྱད་ལྡན་ཐོན་ལས་ཐོན་ཁུངས་ཐུན་མོང་ཐོག་གསར་སྤེལ་དང་ཇ་རྟའི་ཚོང་ལམ་ཡུལ་སྐོར་སྤྲོ་འཆམ་སོགས་ཐོན་ལས་བཏོད་ཡོད། ཁྲུང་ཆིང་ངོ་འཕྲད་གྲོས་མོལ་ཚོགས་འདུ་དང་ཀྲུང་གོ་རྒྱལ་སྤྱིའི་མཐོ་གསར་ལག་རྩལ་གྲུབ་འབྲས་ཚོང་དོན་ཚོགས་འདུ་སོགས་ཚོང་འགུགས་སྟེགས་བུ་སྤྱོད་པ་དང་། ཚོང་འགུགས་མ་འདྲེན་དང་དྲིལ་བསྒྲགས་དང་འོས་སྦྱོར་ངོ་སྤྲོད་སྒྲིག་འཛུགས་དང་སྤེལ་བ། སྔ་རྗེས་སུ་ཁེ་ལས་38དང་། རྣམ་གྲངས་45 གྲོས་མཐུན་མ་དངུལ་སྒོར་དུང་ཕྱུར་40བཅས་ནང་འདྲེན་བྱས་ཡོད།

མཛའ་འབྲེལ་དྲ་བ།
010020070840000000000000011100001349369781