གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
  • ༄༅།། དྲ་ སྦྲེལ +”ཀྱི་ འཚོ་ བ་ གསར་ པར་ དགའ་ སྤྲོས་ རོལ།

 
2015-12-29        གསར་འགྱུར་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།        འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།

    ——— དྲ་སྦྲེལ་གྱིས་བོད་ལྗོངས་ཀྱི་ཆ་འཕྲིན་ཅན་འཕེལ་རྒྱས་ཀྱི་ལམ་བུར་སྣེ་ཁྲིད་བྱས་པའི་སྐོར་བཀོད་པ།

    ཟླ་12ཚེས་16ཉིན“ཕན་ཚུན་འབྲེལ་མཐུད་དང་མཉམ་སྤྱོད་མཉམ་བཅོས—དྲ་རྒྱའི་བར་མཐོངས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུ”བརྗོད་བྱ་གཙོ་བོར་བྱས་པའི་སྐབས་གཉིས་པའི་འཛམ་གླིང་དྲ་སྦྲེལ་ཚོགས་ཆེན་ཐོག་འགྲེམས་སྟོན་ནང་ཞུགས་མཁན་རང་ལྗོངས་ཀྱི་རྣམ་གྲངས་འབའ་ཞིག་ཡིན་པའི“བོད་ཀྱི་གྲོང་གསེབ་ཀྱི་ཕྱོགས་བསྡུས་ཆ་འཕྲིན་ཞབས་ཞུའི་སྟེགས་བུར”སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་མཉེས་པོ་གནང་བའི་ཁར“ཡག་པོ་འདུག ཡག་པོ་འདུག”ཅེས་གདེང་འཇོག་བཟང་པོ་གནང་ཡོད་པས་དེ་ནི་རང་ལྗོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཁྲི་300ལྷག་ཙམ་གྱི་ངོས་ནས་བརྗོད་ཚེ་ཧ་ཅང་རྩ་ཆེ་བ་ཞིག་རེད།

    བོད་ཀྱི་གྲོང་གསེབ་ཀྱི་ཕྱོགས་བསྡུས་ཆ་འཕྲིན་ཞབས་ཞུའི་སྟེགས་བུར“ཞིང་འབྲོག་པའི་ཕྱག་མཛོད”ཅེས་ཀྱང་འབོད་ཅིང་། དེ་ནི་རང་སྐྱོང་ལྗོངས་བཟོ་ལས་དང་ཆ་འཕྲིན་ཅན་ཐིང་གིས་ཀྲུང་གོ་སྒུལ་འཕྲིན་བོད་ལྗོངས་ཀུང་སི་དང་ས་གནས་དེ་གའི་ཆ་འཕྲིན་ལག་རྩལ་ཞབས་ཞུའི་ཁེ་ལས་སྒྲིག་འཛུགས་བྱས་ནས་ཞིབ་བཟོ་བྱས་པ་ཞིག་རེད། “བརྙན་ཤེལ་གཉིས་དང་། ས་ཚིགས་གཉིས། ལམ་ཐིག་གཅིག”(དྲ་ཚུགས་དང་། ལག་ཐོགས་ཁ་པར་སྤྱོད་མཁན་མཐའ་སྣེ། གྲོང་ཚོ་རིམ་པའི་ཆ་འཕྲིན་ཞབས་ཞུའི་ས་ཚིགས། སྐད་གདངས་ཐད་སྦྲེལ་ཁ་པར)སོགས་ཀྱི་ལས་སྒོའི་བརྒྱུད་རིམ་མང་པོ་བརྒྱུད་ནས་ཆ་འཕྲིན་འཚོལ་བསྡུ་དང་། འགྲེམས་བསྒྲགས། ཐག་གཅོད། གསོག་ཉར། གསར་སྤེལ་བེད་སྤྱོད་བཅས་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་བེད་སྤྱོད་ཀྱི་ཕན་ཚུན་སྦྲེལ་མཐུད་ཀྱི་སྟེགས་བུ་བཏོད་ཡོད་པ་རེད། སྟེགས་བུ་དེ་བརྒྱུད་ཞིང་འབྲོག་མང་ཚོགས་ཚོས་དུས་ཐོག་ཏུ་ཁྲོམ་རའི་དགོས་མཁོའི་གནས་ཚུལ་ཤེས་རྟོགས་ཐུབ་ནས་ཚགས་ཤ་དང་ལུག་ཤ་སོགས་ཞིང་འབྲོག་ཐོན་རྫས་འཕྲལ་དུ་ཕྱིར་ཚོང་ཐུབ་ཀྱི་ཡོད་པ་རེད། དེ་དང་ཆབས་ཅིག་སྟེགས་བུ་དེ་བརྒྱུད་ནས་ཞིང་འབྲོག་མང་ཚོགས་ཚོས་རྒྱལ་ཁབ་ཀྱི་དམངས་ཕན་སྲིད་ཇུས་དང་། སྲིད་ཇུས་དང་ཁྲིམས་སྲོལ། ཚན་རྩལ་བློ་འདྲི། ཐོན་སྐྱེད་གཉེར་སྐྱོང་། ཕྱུག་འགྱུར་ལས་ཞུགས། རིག་གནས་འཚོ་བ་སོགས་ཕྱོགས་མང་པོའི་ཆ་འཕྲིན་ཤེས་རྟོགས་ཞིབ་ཕྲ་ཐུབ་ལ་གལ་ཏེ་དོགས་གནད་འཕྲད་ཚེ་ད་དུང་ཆེད་ལས་མི་སྣས་དུས་ཐོག་ཏུ་ལན་འདེབས་ཀྱི་ཡོད་པ་རེད།

    “འགོ་ཚུགས་མཛད་སྒོའི་ཐོག་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་འབྱུང་འགྱུར་གོ་ལ་ཧྲིལ་པོའི་དྲ་རྒྱ་འཕེལ་རྒྱས་ཐད་དྲ་རྒྱའི་བདག་དབང་ལ་བརྩི་འཇོག་བྱེད་པ་དང་། ཞི་བདེའི་བདེ་འཇགས་སྲུང་སྐྱོང་བྱེད་པ། སྒོ་དབྱེ་མཉམ་ལས་ལ་སྐུལ་འདེད་གཏོང་བ། སྒྲིག་ལམ་བཟང་པོ་གཏོད་པ”བཅས་ཀྱི་རྩ་དོན་ཁག་བཞི་བཏོན་གནང་བ་རེད། ད་ཐེངས་ཀྱི་ཚོགས་འདུའི་སྐོར་གླེང་སྐབས་རང་ལྗོངས་ཀྱི“ཞིང་འབྲོག་ཕྱག་མཛོད”ཅེས་འབོད་པའི་རྣམ་གྲངས་ཀྱི་ལས་དོན་མི་སྣ་ཀྲེང་ཧྥེ་ཆིང་སྔར་བཞིན་དགའ་སྤྲོས་མྱོས་ཤིང་། ཁོང་གིས“འཛམ་གླིང་དྲ་སྦྲེལ་ཚོགས་ཆེན་ལ་ཐེངས་དང་པོ་ཞུགས་མཁན་བོད་ཀྱི་རྣམ་གྲངས་འབའ་ཞིག་དེར་ཀྲུའུ་ཞི་ཞིས་ཅིན་ཕིང་གི་བསྔགས་བརྗོད་ཐོབ་པ་དེ་ཐོག་ནས་ལོ་མང་རིང་སྒོ་དབྱེ་མཉམ་ལས་ཐད་སྐུལ་མ་གཏོང་བའི་རིང་རང་ལྗོངས་ཀྱི་དྲ་སྦྲེལ་ལ་གྲུབ་འབྲས་ཆེན་པོ་ཐོབ་ལུགས་གང་ལེགས་མངོན་ཡོད་ལ་སྒོ་དབྱེ་མཉམ་ལས་ལ་སྐུལ་སྤེལ་གཏོང་བའི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་ཀྱང་རེད”ཅེས་བཤད།

    དེ་སྔ་དྲ་ཐོག་ཉོ་ཚོང་དེ་ཉིད་རང་ལྗོངས་ཀྱི་མི་སེར་ཚོས་རྒྱུས་མངའ་དེ་ཙམ་མེད་མོད། འོན་ཀྱང་ད་ཆ་དྲ་སྦྲེལ་དང་ཟོག་འགྲེམས་ལས་རིགས་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས་དྲ་སྦྲེལ་ལ་བརྟེན་ནས་འཚོ་བར་རོལ་མཁན་བོད་རིགས་མང་ཚོགས་མང་དུ་འགྲོ་བཞིན་མཆིས། མི་ཚོས་དྲ་ཐོག་ཉོ་ཚོང་གི་སྟབས་བདེ་སྤྱོད་པ་དང་དུས་མཚུངས་ཁག་གཅིག་ལ་ཚོང་གཉེར་གྱི་གོ་སྐབས་གསར་པ་རྙེད། 2013ལོར་རང་ལྗོངས་སུ་ཐའོ་པའོ་དྲ་ཚིགས་ཐོག་འཛད་སྤྱོད་དངུལ་སྒོར་ཁྲི་བརྒྱ་ཡན་ཟིན་པའི་ཚོང་པ་མི་བདུན་ཡོད། 2015ལོའི་ཟླ་12ཚེས་4ཉིན་ནོར་དཔལ་འཕྲིན་ལམ་ནས་གསར་འགྱུར་ཁྱབ་བསྒྲགས་བྱས་པའི་ནང་ཨ་རི་ཡོངས་ཀྱི་ལོ་གཅིག་དུས་གཅིག་གི་ཉོ་ཚོང་དུས་ཚིགས་ཀྱི“ཟོག་གོང་གཅོག་པའི་རེས་གཟའ་པ་སངས”ཉིན་མི་རེའི་ཆ་སྙོམས་འཛད་སྤྱོད་བྱེད་ཚད་མཐོ་ཤོས་ཡིན་པའི་ཀྲུང་གོའི་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་གྲོང་ཁྱེར་ལྔའི་ཁྲོད་བོད་ལྗོངས་བང་རིམ་དང་པོར་སླེབས་ཡོད། དེ་དང་དུས་མཚུངས་འབྲེལ་ཡོད་གྲངས་གཞི་ལས་མངོན་དོན། 2013ལོར་ཐོ་འགོད་བྱེད་ས་བོད་ནས་ཡིན་པའི་ཐའོ་པའོ་ཡི་ཚོང་བྲིན་ཁ་རྒྱུག་པའི་ཚོང་ཁང་1216ཟིན་པ་དག་གཙོ་བོ་ལྷ་ས་དང་ཉིང་ཁྲི་གྲོང་ཁྱེར་གཉིས་སུ་ཁྱབ་ཡོད། ཚགས་ཤ་དང་། མཱ་ཁ། སྤོས། ཁ་ཆེ་ཤ་སྐམ། ཤ་མོ། བོད་སྨན་སོགས་བོད་ཀྱི་ཁྱད་ལྡན་ཐོན་རྫས་དྲ་ཐོག་ཏུ་བྲིན་ཁ་རྒྱུག་པོ་ཡོད་པ་དེ་ཐོག་ནས་བོད་ཀྱི་ཁྱད་ལྡན་ཐོན་རྫས་དྲ་ཐོག་ཚོང་ལས་ཀྱི་དུས་རབས་སུ་སླེབས་པ་མཚོན་གྱི་ཡོད་པ་རེད།

    དྲ་སྦྲེལ་རང་ལྗོངས་སུ་ཁྱབ་གདལ་བེད་སྤྱོད་ཐུབ་པས་རང་ལྗོངས་དང་ཕྱི་ཕྱོགས་དབར་གྱི་བར་ཐག་ཐུང་དུ་ཕྱིན་ནས་སྤེལ་རེས་ལ་འགྱུར་ལྡོག་ཕྱིན་ཡོད་པ་རེད། མིག་སྔའི་བར་བོད་ཀྱི་དྲ་སྦྲེལ་སྤྱོད་མཁན་བསྡོམས་འབོར་ཁྲི་217ཟིན་པ་དེའི་ནང་གཏན་འཇགས་དྲ་སྦྲེལ་དྲ་ཆེན་ཁྱིམ་ཚང་དུ་སྤྱོད་ཚད་32%ཟིན་ཡོད། འདི་ལོ་བོད་ཀྱིས་ཤང་དུ་འོད་སྐུད་ཁྲིད་ཚད་98%ལས་བརྒལ་རྒྱུ་དང་། སྲིད་འཛིན་གྲོང་ཚོ་396ཏུ་དྲ་ཆེན་མཐུད་པའི་ནུས་པ་ལྡན་པ་བྱ་རྒྱུ། གྲོང་ཚོར་དྲ་ཆེན་ཁྱབ་ཚད་80%ཡན་ཟིན་རྒྱུ་རེད། རང་ལྗོངས་ཀྱི་ཐག་རིང་གྲོང་ཚོ་དང་རྒྱ་ཆེའི་འབྲོག་ཁུལ་གྱི་ཞིང་འབྲོག་མང་ཚོགས་ཚང་མས་སྤྱིར་ན་ལག་ཐོགས་ཁ་པར་ཐོག་ནས་འཛམ་གླིང་དང་དུས་ངེས་མེད་ངང་འབྲེལ་བ་བྱེད་ཐུབ་ཀྱི་ཡོད།

    གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་མི་དམངས་སྨན་ཁང་གི་སྒྲ་བརྙན་སྨྱན་སྦྱོར་ཁང་དུ་སྨན་དོན་མི་སྣས་གློ་སྙིང་སླར་གསོའི་སྐོར་གྱི་ཧྲང་ཧའེ་གྲོང་ཁྱེར་ཕུའུ་ཏུང་ཁུལ་གསར་མི་དམངས་སྨན་ཁང་གི་ཆེད་ལས་སྨན་པའི་གསོ་སྦྱོང་སློབ་ཚན་ཉན་བཞིན་ཡོད། ཧྲང་ཧའེ་གྲོང་ཁྱེར་ཕུའུ་ཏུང་ཁུལ་གསར་མི་དམངས་སྨན་ཁང་གི་སྨན་དོན་ཁོའོ་ཡི་ཀྲུའུ་རེན་ཧོའུ་ཁུན་གྱིས“ང་ཚོའི་རྒྱང་ཁྲིད་གསོ་སྦྱོང་གི་སྒྲིག་ཆས་ནི་ན་ནིང་ཟླ་བརྒྱད་པར་སྤྱོད་འགོ་ཚུགས་པ་ཞིག་ཡིན་པ་དང་མིག་སྔར་དེར་བརྟེན་ནས་གཙོ་གནད་ཐོག་གསོ་རིག་ཐད་ཀྱི་སློབ་གསོ་དང་གསོ་སྦྱོང་བྱེད་ཀྱི་ཡོད། སླད་ཕྱིན་ང་ཚོས་སྒྲིག་ཆས་དེ་ནད་དཔེ་རྒྱང་ཁྲིད་མཉམ་བསྡུས་ནད་དཔྱད་བྱེད་པའི་ཐད་སྤྱོད་རྒྱུ་དང་ལྷག་དོན་དུ་བཅོས་དཀའ་བའི་ནད་དཔེ་དང་གཤགས་བཅོས་མ་བྱས་གོང་གི་ནད་དཔེར་སྤྱོད་རྒྱུ་ཡིན”ཞེས་བཤད།

    སྐབས་གཉིས་པའི་འཛམ་གླིང་དྲ་སྦྲེལ་ཚོགས་ཆེན་འཚོགས་པ་དང་བསྟུན་ནས་གོ་རིམ་ལྡན་ལ་སྒོ་དབྱེ་དང་མཉམ་སྤྱོད་ཀྱི་ཀྲུང་གོའི་དྲ་སྦྲེལ་ཁོར་ཡུག་གིས་མ་འོངས་པ་སྣེ་ཁྲིད་ཐུབ་རྒྱུ་རེད། གོ་རིམ་ལྡན་ལ་སྒོ་དབྱེ་དང་མཉམ་སྤྱོད་དྲ་སྦྲེལ་གྱི་བསམ་བློ་རང་ལྗོངས་ཀྱི་ས་ཕྱོགས་གང་སར་རིམ་བཞིན་ཁྱབ་རྒྱུ་དང“དྲ་སྦྲེལ+”ཀྱི་འཕེལ་རྒྱས་གཏོང་སྟངས་ཀྱིས་རང་ལྗོངས་མི་སེར་གྱི་འཚོ་བ་དེ་བས་ཕུན་སུམ་ཇེ་ཚོགས་སུ་འགྲོ་ངེས་ཡིན་པའི་ཡིད་ཆེས་ཡོད།

མཛའ་འབྲེལ་དྲ་བ།
010020070840000000000000011100001349610441