གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
  • ༄༅།། བོད་ དུ ལོ་ ལྔ་ ཚན་ བཅུ་ གཉིས་ པའི འགན་ ལེན་ རང་ བཞིན་ གྱི་ སྡོད་ ཁང་ རྣམ་ གྲངས་ ཚད་ བརྒལ་ ངང་ ལེགས་ གྲུབ་ ཟིན་ པ།

 
2016-01-04        གསར་འགྱུར་འབྱུང་ཁུངས། མི་དམངས་ཉིན་རེའི་ཚགས་པར།        འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།

    བོད་ལྗོངས་ཆབ་མདོ་གྲོང་ཁྱེར་རུ་བཞི་ཤང་གི་ལོ་57ལ་སླེབས་པའི་ཚེ་རིང་ཆོས་འཕེལ་དང་ཁོང་གི་ནང་མི་ཚང་མ་མི་ཚེ་ཕྱེད་ཙམ“ཆུ་དཀོན་པ་དང་གློག་མེད་པའི”ཁང་པ་རྙིང་པའི་ནང་བསྡད་དེ་ད་ཆ་གཞི་ནས་ནང་མི་ཚང་མ་སྒོ་རའི་ནང་རང་འབབ་ཆུ་ཀ་ལ་ཡོད་པ་དང་གློག་འོད་རབ་ཏུ་གསལ་བའི་བོད་བཟོའི་ཁང་གསར་ནང་སྤོ་རྒྱུ་བྱུང་བ་དེ་ཁོང་གི་བསམ་ཡུལ་ལས་འདས།

    ཚེ་རིང་ཆོས་འཕེལ་གྱི་སྡོད་ཁང་ཆ་རྐྱེན་ལ་འགྱུར་ལྡོག་སོང་བ་དེ་ནི་བོད་ཀྱི་འགན་ལེན་རང་བཞིན་གྱི་བདེ་སྡོད་ལས་གྲྭ་སྐུལ་འདེད་ཤུགས་ཆེན་བཏང་བའི་བསྡུས་རིས་ཀྱི་གྲས་ཤིག་ཡིན། བོད་རང་སྐྱོང་ལྗོངས་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ཐིང་གིས་ཉེ་ཆར་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་བོད་དུ་རིགས་ཁག་གི་གྲོང་ཁྱེར་དང་གྲོང་རྡལ་གྱི་འགན་ལེན་རང་བཞིན་གྱི་བདེ་སྡོད་ལས་གྲྭ(དུད་ཚང)ཁྲི་21.54བསྐྲུན་པར་སྤྱིའི་འཛུགས་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་1253དང་མ་འཇོག་བསྡོམས་སྒོར་དུང་ཕྱུར་167.77ཟིན་ནས“ལོ་ལྔ་ཚན་བཅུ་གཉིས་པའི”འཆར་འགོད་ཀྱི་དམིགས་ཚད་ལས་འགན་ཚད་བརྒལ་ངང་ལེགས་གྲུབ་ཟིན་པ་རེད།

    བོད་རང་སྐྱོང་ལྗོངས་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ཐིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ལེགས་གྲུབ་ཟིན་པའི་རིགས་ཁག་གི་གྲོང་ཁྱེར་དང་གྲོང་རྡལ་གྱི་འགན་ལེན་རང་བཞིན་གྱི་བདེ་སྡོད་ལས་གྲྭའི་ཁྲོད་ཁང་གླ་ཁེ་བའི་སྡོད་ཁང་ཆ་ཚང་ཁྲི་0.92དང་ལས་ཤག་ཆ་ཚང་ཁྲི་5.1ཟིན་པ་དང་། སྤྱི་པའི་བོགས་གཏོང་སྡོད་ཁང་ཆ་ཚང་ཁྲི་7.11བསྐྲུན་པ(ཉོ་སྒྲུབ་དང་བསྐྱར་སྐྲུན)རིགས་ཁག་གི་སྡོད་ཁང་ཞན་གྲས་དུད་ཚང་ཁྲི་8.41སྒྱུར་བཀོད་བྱས་པ་བཅས་རེད།

    གྲོང་ཁུལ་རྙིང་པ་དང་སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད་བྱས་པའི་ཐད་མཐོང་ཆེན་བྱས་ཤིང་། འདས་ཟིན་པའི་ལོ་5རིང་བོད་ཀྱི་ས་ཁུལ་ཁག་གི་གྲོང་ཁུལ་རྙིང་པ་དང་སྡོད་ཁང་སྐྱོ་ཁུལ་གྱི་ཡུལ་མིའི་སྡོད་ཁང་ཆ་རྐྱེན་དང་དེའི་ཞོར་གཏོགས་ཀྱི་རྨང་གཞིའི་སྒྲིག་བཀོད་དང་གནས་སྡོད་ཁོར་ཡུག་ཀྱང་མངོན་གསལ་དོད་པོས་ལེགས་སུ་སོང་ཡོད།

    དུས་མཚུངས་བོད་ཀྱིས་གྲོང་ཁྱེར་གྱི་ཁོར་ཡུག་འཕྲོད་བསྟེན་ལས་བཟོ་སོགས་ཡོང་འབབ་དམའ་བའི་ཚོགས་སྤྱིའི་སྡོད་ཁང་ཆ་རྐྱེན་ལེགས་སུ་ཤུགས་ཆེན་བཏང་བ་དང་འབྲེལ་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་བརྟན་པོ་ཡོད་པའི་གྲོང་ཁྱེར་དུ་ལས་ཀ་བྱེད་པར་ཡོང་བའི་ལས་མི་སྡོད་ཁང་གི་འགན་ལེན་ཁྱབ་ཁོངས་ནང་བླུགས་པ་དེའི་ནང་ལྷ་ས་གྲོང་ཁྱེར་གྱི་ཁོར་ཡུག་འཕྲོད་བསྟེན་ལས་བཟོའི་བདེ་སྡོད་གནད་དོན་ཐག་གཅོད་བྱ་ཆེད་2015ལོའི་ལྷ་ས་གྲོང་ཁྱེར་ཁོར་ཡུག་འཕྲོད་བསྟེན་ཅུས་ཀྱིས་ཁྲེང་ཀོན་ཆུས་སུ་གསར་དུ་བསྐྲུན་པའི་ཁང་གླ་ཁེ་བའི་སྡོད་ཁང་2000ཁྲོད་ཁོར་ཡུག་འཕྲོད་བསྟེན་ལས་བཟོར་སྡོད་ཁང་1200ལྷག་ཙམ་རེ་ཞུ་བྱས་ཡོད་པ་རེད།

    “ལོ་ལྔ་ཚན་བཅུ་གཉིས་པའི”དུས་མཇུག་བར་བོད་ཀྱི་སྡོད་ཁང་འགན་ལེན་ཁྱབ་ཁོངས་དེ་ས་ཁུལ་དང་གྲོང་ཁྱེར་7དང་རྫོང(གྲོང་ཁྱེར་དང་ཆུས)74ལ་ཁྱབ་ནས་ལྗོངས་ཡོངས་ཀྱི་མ་མཐའི་འཚོ་བའི་འགན་ལེན་གྱི་སྡོད་ཁང་ཐད“འགན་ལེན་བྱེད་དགོས་རིགས་ཚང་མར་འགན་ལེན་བྱ་རྒྱུ”མངོན་འགྱུར་བྱུང་ཐོག་ཡོང་འབབ་དམའ་བའི་དུད་ཚང་གི་སྡོད་ཁང་གནད་དོན་ཐད་གཞི་རྩའི་འགན་ལེན་ཐུབ་ཡོད་པ་རེད།

མཛའ་འབྲེལ་དྲ་བ།
010020070840000000000000011100001349754201