གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
  • ༄༅།། ཁྲེན་ ཆོན་ གོས་ ཝང་ དབྱི་ དང་ ཀྲང་ ཡེ་ སུའེ་ བཅས་ པ་ དང་ མཇལ་ འཛོམས་ གནང་ བ།

 
2016-01-04        གསར་འགྱུར་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།        འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།

    2015ལོའི་ཟླ་12ཚེས་31ཉིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོས་ཕྱི་འབྲེལ་པུའི་པུའུ་ཀྲང་ཝང་དབྱི་དང་ཕྱི་འབྲེལ་པུའི་ཏང་ཨུད་ཀྱི་ཧྲུའུ་ཅི་ཀྲང་ཡེ་སུའེ་བཅས་པ་དང་མཇལ་འཛོམས་གནང་བ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཏིང་ཡེ་ཤན་དང་ཕྱི་འབྲེལ་པུའི་པུའུ་ཀྲང་གི་ལས་རོགས་ལི་ཧུའེ་ལའེ་མཇལ་འཛོམས་གནང་སྐབས་ལྷན་དུ་ཕེབས་ཡོད་པ་རེད།

    ཁྲེན་ཆོན་གོས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་དུས་ཡུན་རིང་པོའི་ནང་ཕྱི་འབྲེལ་པུའུ་ཀྲང་གིས་བོད་ཀྱི་འཕེལ་རྒྱས་བརྟན་ལྷིང་གི་བྱ་གཞག་ཁག་དང་ལྷག་པར་དུ་བོད་འབྲེལ་ཕྱི་ཕྱོགས་ལས་དོན་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད།

    ཁྲེན་ཆོན་གོས་བོད་འབྲེལ་ཕྱི་ཕྱོགས་ལས་དོན་དེ་རྒྱལ་ཁབ་ཀྱི་ཕྱི་འབྲེལ་སྤྱི་ཡོངས་དང་འབྲེལ་བ་ཡོད་པས་ང་ཚོས་ངེས་པར་དུ་ཏང་དང་རྒྱལ་ཁབ་ཀྱི་ཕྱི་འབྲེལ་ལས་དོན་གྱི་བྱེད་ཕྱོགས་སྲིད་ཇུས་ལག་བསྟར་ནན་ཏན་དང་ཀྲུང་དབྱང་གི་མཐའ་འཁོར་ཕྱི་འབྲེལ་ལས་དོན་བཞུགས་མོལ་ཚོགས་འདུ་དང་ཀྲུང་དབྱང་གི་ཕྱི་ཕྱོགས་ལས་དོན་ཚོགས་འདུ་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ནས་རྒྱལ་ཁབ་ཀྱི་སྤྱི་ཡོངས་ཕྱི་འབྲེལ་ལ་རང་རྟོགས་ངང་ཞབས་འདེགས་ཞུ་བ་དང་། ཕྱི་ཕྱོགས་སྤེལ་རེས་མཉམ་ལས་རྒྱ་ཁྱབ་ངང་བྱེད་པ། ཉེ་འཁོར་རྒྱལ་ཁབ་དབར་གྱི་མཛའ་གྲོགས་འབྲེལ་བ་སྲ་བརྟན་དང་འཕེལ་རྒྱས་གཏོང་བ། བོད་འབྲེལ་ལས་དོན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་བཅས་བྱས་ཏེ་བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་ཆེད་ཁོར་ཡུག་བཟང་པོ་ཞིག་གཏོད་པ་དང་རྒྱལ་ཁབ་ཀྱི་སྤྱི་ཡོངས་ཕྱི་འབྲེལ་ལས་དོན་ལ་དགེ་མཚན་ལྡན་པའི་ལེགས་སྐྱེས་འབུལ་རྒྱུ་ཡིན།

    ཕྱི་འབྲེལ་པུས་མུ་མཐུད་བོད་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་ནས་བོད་འབྲེལ་ཕྱི་ཕྱོགས་ལས་དོན་ཡག་པོ་སྒྲུབ་པ་དང་། བོད་ཀྱི་ཕྱི་ཕྱོགས་འགྲོ་འོང་བྱེད་ཟབ་ཏུ་གཏོང་བ། བོད་ཀྱི་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་གཏོང་བ་སོགས་ཐད་མཛུབ་ཁྲིད་དང་རོགས་རམ་དེ་བས་མང་བ་གནང་རྒྱུའི་རེ་བ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།

    ཝང་དབྱི་དང་ཀྲང་ཡེ་སུའེ་ཡིས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པར་བཀྲ་ཤིས་བདེ་ལེགས་ཞུས་པ་མ་ཟད། བོད་ཀྱིས་བོད་འབྲེལ་ཕྱི་ཕྱོགས་ལས་དོན་ཡག་པོ་སྒྲུབ་པ་དང་རྒྱལ་ཁབ་ཀྱི་སྤྱི་ཡོངས་ཕྱི་འབྲེལ་ལ་གཞོགས་འདེགས་ནུས་ལྡན་བྱེད་པའི་ཐད་ལེགས་སྐྱེས་ཕུལ་བར་ཁས་ལེན་གང་ལེགས་གནང་ཞིང་། ཁོང་རྣམ་གཉིས་ཀྱིས་ཕྱི་འབྲེལ་པུས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྤྱི་ཡོངས་ཀྱི་མཐོ་ཚད་ཐོག་ནས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་ནན་ཏན་བྱས་ནས། བོད་ཀྱི་བོད་འབྲེལ་ཕྱི་ཕྱོགས་ལས་དོན་ཡག་པོ་བསྒྲུབ་རྒྱུར་རྒྱབ་སྐྱོར་ཧུར་ཐག་བྱས་ཏེ་ཕྱི་འབྲེལ་ཁོར་ཡུག་བཟང་པོ་ཞིག་གཏོད་རྒྱུ་དང་། བོད“རྒྱུད་གཅིག་ལམ་གཅིག”འཛུགས་སྐྱོང་ནང་ཞུགས་རྒྱུར་རྒྱབ་སྐྱོར་བྱས་ནས་ཉེ་འཁོར་རྒྱལ་ཁབ་དབར་ཕན་ཚུན་འབྲེལ་མཐུད་ཡོང་རྒྱུར་ཤུགས་སྣོན་རྒྱག་རྒྱུ། བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་ནས་བོད་ཀྱི་ཁྱད་ལྡན་ཐོན་ལས་འཛམ་གླིང་གི་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་མ་གཏོང་རྒྱུ། བོད་ཀྱི“ནང་དུ་གདན་དྲངས་བ་དང་ཕྱིར་སྐྱོད་པའི”ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་རོགས་བྱས་ནས་དངོས་ཡོད་དང་། དར་རྒྱས། གོང་འཕེལ་བཅས་ཀྱི་བོད་ཅིག་འཛམ་གླིང་གིས་ཤེས་རྟོགས་ཐུབ་པ་བྱ་རྒྱུ། བོད་ཀྱི་ཉེ་འཁོར་ཕྱི་འབྲེལ་ལས་དོན་ཡག་པོ་བསྒྲུབ་རྒྱུར་རྒྱབ་སྐྱོར་བྱས་ནས་རྒྱལ་ཁབ་ཀྱི་སྤྱི་ཡོངས་ཕྱི་འབྲེལ་ལ་ཞབས་ཞུ་དེ་བས་ལེགས་པ་ཞུ་རྒྱུ། བོད་ཀྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་མྱུར་པོ་གཏོང་རྒྱུར་རྒྱབ་སྐྱོར་བྱས་ནས་འཛམ་གླིང་གི་ཡུལ་སྐོར་དམིགས་ས་གཏོད་རྒྱུ་བཅས་ཡིན་ཞེས་གསུངས་པ་རེད།

མཛའ་འབྲེལ་དྲ་བ།
010020070840000000000000011100001349754251