གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
  • ༄༅།། ལྷ་ ས་ གྲོང་ ཁྱེར་ གྱི་ 12345སྲིད་ གཞུང་ གི་ ཞབས་ ཞུའི་ ཐད་ སྦྲེལ་ ཁ་ པར་ ཚོད་ ལྟ་ བེད་ སྤྱོད་ བྱས་ རྗེས་ དངོས་ སུ་ ཤར་ གཏོང་ ཐུབ་ པ།

 
2016-01-04        གསར་འགྱུར་འབྱུང་ཁུངས། བོད་ལྗོངས་འཕྲིན་དྲ།        འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།

    གསར་འགོད་པས་ཉིན་ཤས་གོང་འཚོགས་པའི་ལྷ་ས་གྲོང་ཁྱེར་སྲིད་གཞུང་གི་12345སྲིད་གཞུང་གི་ཞབས་ཞུའི་ཐད་སྦྲེལ་ཁ་པར་དངོས་སུ་བེད་སྤྱོད་བྱེད་པའི་གསར་འགྱུར་འགྲེམས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་ས་གྲོང་ཁྱེར་གྱི་12345སྲིད་གཞུང་གི་ཞབས་ཞུའི་ཐད་སྦྲེལ་ཁ་པར་ལོ་ཕྱེད་རིང་ཚོད་ལྟའི་བེད་སྤྱོད་བྱས་རྗེས་དངོས་སུ་ཤར་གཏོང་ཐུབ་ཡོད།

    12345སྲིད་གཞུང་གི་ཞབས་ཞུའི་ཐད་སྦྲེལ་ཁ་པར་ནི་སྲིད་དོན་ཞབས་ཞུ་དང་སྤྱི་པའི་དོ་དམ་གྱི་ཁོངས་སུ་གཏོགས་པས་ཛ་དྲག་པོ་མེད་པའི་རིགས་ཀྱི་སྲིད་དོན་ཞབས་ཞུའི་ཐད་སྦྲེལ་ཁ་པར་ཞིག་རེད། མང་ཚོགས་ཀྱིས་བློ་འདྲི་དང་ཞུ་གཏུགས། བསམ་འཆར་འདོན་པ་སོགས་བྱེད་རྒྱུར་སྟབས་བདེ་བསྐྲུན་གང་ཐུབ་བྱེད་པ་དང་མང་ཚོགས་ཀྱི་རེ་ཞུའི་ཐབས་ལམ་འཁོན་ཐོགས་མེད་པར་ཤར་བགྲོད་ཐུབ་ཆེད། ཚན་རིག་དང་མཐུན་པའི་སྒོ་ནས་བདག་སྤྲོད་དང་གཉེར་སྒྲུབ་བྱེད་རྒྱུར་སྤྲོད་པ། ལྡོག་འདྲེན། ངོ་བཅར་ཞུ་ལན། སྒྲུབ་ཟིན་པ་སོགས་ལས་ཀའི་བརྒྱུད་རིམ་ཁག་ལྔ་བཀོད་སྒྲིག་བྱས་ཡོད།

མཛའ་འབྲེལ་དྲ་བ།
010020070840000000000000011100001349754271