གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
  • ༄༅།། བོད་ ལྗོངས་ སུ་ དམངས་ འཚོ་ དངུལ་ ཁང་ གི་ དྲ་ ཚུགས་ ཉིང་ ལག་ དངུལ་ ཁང་ གསུམ་ པ་ ལས་ གཉེར་ བྱེད་ འགོ་ ཚུགས་ པ།

 
2016-01-05        གསར་འགྱུར་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།        འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།

    གནམ་ལོ་གསར་ཚེས་ཀྱི་སྐབས་སུ་ཀྲུང་གོ་དམངས་འཚོ་དངུལ་ཁང་ལྷ་ས་གཡུ་ཐོག་ལམ་ཉིང་ལག་དངུལ་ཁང་གིས་གྲ་སྒྲིག་གང་ལེགས་བྱས་པ་བརྒྱུད། 2015ལོའི་ཟླ་12ཚེས་30ཉིན་དངོས་སུ་ཕྱི་ཕྱོགས་སུ་ལས་གཉེར་བྱེད་འགོ་ཚུགས་པ་དང་། དེ་ནི་ཀྲུང་གོ་དམངས་འཚོ་དངུལ་ཁང་ལྷ་སའི་ཡན་ལག་དངུལ་ཁང་གི་ལས་གཉེར་ཁང་དང་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱི་ཉིང་ལག་དངུལ་ཁང་ཕུད་པའི་རང་ལྗོངས་སུ་བཙུགས་པའི་དྲ་ཚུགས་ཨང་གསུམ་པ་དེ་ཡིན་པ་རེད། གཡུ་ཐོག་ལམ་ཉིང་ལག་དངུལ་ཁང་ནི་དམངས་འཚོ་དངུལ་ཁང་ལྷ་ས་ཡན་ལག་དངུལ་ཁང་གིས་སྤྱི་ཁྱབ་དངུལ་ཁང་གི“ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ལ་མ་འཇོག་བྱེད་པའི་དངུལ་ཁང”གི་འཐབ་ཇུས་ངེས་གནས་དང་ལེན་ཧུར་ཐག་ཞུས་པའི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ཞིག་ཡིན་ལ། དམངས་འཚོ་དངུལ་ཁང་བཙུགས་ནས་ལོ་20འཁོར་བར་ལག་རྟགས་ཕུལ་བ་ཞིག་ཀྱང་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། གཡུ་ཐོག་ལམ་ཉིང་ལག་དངུལ་ཁང་ལས་གཉེར་བྱེད་འགོ་ཚུགས་རྗེས། མཐའ་འཁོར་ཚོང་སྐོར་འཕེལ་རྒྱས་གཏོང་ཡུལ་གཙོ་བོར་བྱས་ནས་ཚོང་སྐོར་ནང་གི་ཁེ་ལས་འབྲིང་གྲས་དང་། ཆུང་གྲས། ཆེས་ཆུང་གྲས་བཅས་ཀྱི་སྤྱོད་མཁན་གཙོ་གནད་ཐོག་སྐྱེད་སྲིང་བྱ་རྒྱུ་མ་ཟད། དམངས་འཚོ་དངུལ་ཁང་གི་ཐོན་ཁུངས་ལེགས་ཆ་འདོན་སྤེལ་གང་ལེགས་དང་ཚོང་སྐོར་བྲིན་ཚོང་ནང་ཞུགས་གང་ཐུབ་བྱས་ཏེ་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་སྤྱོད་མཁན་ཅིང་ལིའི་དོ་དམ་ཚོགས་པ་དང་། རྒྱུ་ནོར་དོ་དམ་རྩེར་སོན་ཚོགས་པ། ཚོམས་ཆེན་གཉེར་སྐྱོང་ཚོགས་པ་བཅས་དང་དེ་བཞིན་སྤྱོད་མཁན་གཉེར་སྐྱོང་རིག་ནུས་ཞབས་ཞུར་འགྱུར་རྒྱུར་བརྟེན་ནས་སྤྱོད་མཁན་མི་གྲངས་མང་དུ་གཏོང་བ་དང་སྐད་གྲགས་ཆོད་ཤུགས་ཆེ་རུ་བཏང་སྟེ་གངས་ལྗོངས་ས་མཐོའི་ཐོག་དམངས་འཚོའི་དངུལ་ཁང་གི་སྤུས་རྟགས་ཆུང་གྲས་གཏོད་རྒྱུ་ཡིན་པ་རེད།

མཛའ་འབྲེལ་དྲ་བ།
010020070840000000000000011100001349788501