གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
  • ༄༅།། བོད་ ཀྱི་ ས་ ཡོམ་ གེཊ་ ཁུལ་ དུ་ བྱེད་ ཐབས་ མང་ པོ་ སྤྱད་ ནས་ མང་ ཚོཊ་ རྣམས་ དྲོ་ སྐྱིད་ ལྡན་ པའི་ ངང་ དགུན་ སྒྲོལ་ ཐུབ་ རྒྱུའི་ འགན་ ལེན་ བྱས་ པ།

 
2016-01-06        གསར་འགྱུར་འབྱུང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།        འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།

    ཤིན་ཧྭ་གསར་འགྱུར་ཁང་དུ་གློག་འཕྲིན་འབྱོར་གསལ། གསར་འགོད་པས་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་ནས་ཤེས་རྟོགས་བྱས་པར་གཞིགས་ན། ན་ནིང་ནེ་པ་ལའི་ས་ཡོམ་རིམ་པ་8.1ཀྱི་ཤུགས་རྐྱེན་ཚབས་ཆེན་ཕོག་པའི་ས་ཡོམ་གེགས་ཁུལ་གྱི་མང་ཚོགས་རྣམས་ཟླ་10པའི་ཟླ་སྨད་ནས་བཟུང་གུར་ནས་ལས་ཤག་དང་ཉམས་གསོ་བརྟན་གཏོང་གི་ཁང་པའི་ནང་གཅིག་རྗེས་གཉིས་མཐུད་ངང་སྤོས་ཤིང་། མིག་སྔར་གཞིས་རྩེ་གྲོང་ཁྱེར་གྱི་དགུན་སྒྲོལ་དངོས་ཟོག་གྲབས་གསོག་འདང་ངེས་བྱས་ནས་གནོད་འཚེ་ཕོག་པའི་མང་ཚོགས་རྣམས་དྲོ་སྐྱིད་ལྡན་པའི་ངང་དགུན་སྒྲོལ་ཐུབ་རྒྱུའི་འགན་ལེན་བྱས་པ་རེད།

    ན་ནིང་ཟླ་4ཚེས་25ཉིན་ནེ་པ་ལར་ས་ཡོམ་རིམ་པ་8.1བརྒྱབ་ནས་བོད་ཀྱི་རྫོང་10ལྷག་ཙམ་ལ་ཤུགས་རྐྱེན་ཐེབས་པ་དང་། མི་ཁྲི་30ལྷག་ཙམ་ལ་གནོད་འཚེ་ཕོག་པ། སྡོད་ཁང་ཁྲི་4ལྷག་ཙམ་ལ་གནོད་འཚེ་ཕོག་ཡོད། དགུན་དུས་གསར་འགོད་པས་བོད་ཀྱི་ས་ཡོམ་གེགས་ཁུལ་ནས་གནས་ཚུལ་བསྐྱར་རྟོགས་བྱེད་སྐབས། གནོད་འཚེ་ཕོག་པའི་མང་ཚོགས་རྣམས་དྲོ་སྐྱིད་ལྡན་ལ་དཀར་ཆ་དོད་པའི་ཁང་པའི་ནང་སྤོས་པ་དང་། མི་རིགས་ཁག་གི་མང་ཚོགས་ཚོའི་ཐོན་སྐྱེད་དང་འཚོ་བ་གོ་རིམ་ལྡན་པའི་ངང་སླར་གསོ་ཐུབ་པ་མཐོང་བྱུང་།

    མ་གཞི་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་གྱི་དྲོད་ཚད་དམའ་ཤོས་ཀླད་ཀོར་འོག་གི་དྲོད་ཚད་བར་ཆག་ཡོད། འོན་ཀྱང་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ཀྱི“4·25”ས་ཡོམ་གྱི་གནོད་འཚེ་ཕོག་པའི་མང་ཚོགས་གཅིག་སྡུད་བཀོད་སྒྲིག་བྱས་པའི་ཁང་གླ་ཁེ་བའི་སྡོད་ཁང་གཅིག་ནང་། གཉའ་ལམ་རྫོང་འགྲམ་གྲོང་རྡལ་ཤོལ་པོ་སྒང་གྲོང་ཚོ་ཏང་ཀྲི་པུའི་ཧྲུའུ་ཅི་ཉི་མ་དོན་གྲུབ་ལས་སྒོ་འབྲེལ་བ་བྱེད་བཞིན་ཡོད།

    ས་ཡོམ་བརྒྱབ་རྗེས་ཉི་མ་དོན་གྲུབ་དང་གནོད་འཚེ་ཕོག་པའི་མང་ཚོགས་1000ལྷག་ཙམ་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ཀྱི་གཅིག་སྡུད་བཀོད་སྒྲིག་བྱ་ཡུལ་དུ་གནས་སྐབས་བཀོད་སྒྲིག་བྱས་པ་དང་། ཟླ་10པའི་ཟླ་སྨད་དུ་ཉི་མ་དོན་གྲུབ་དང་གྲོང་མི་ཚོ་བཀོད་སྒྲིག་བྱ་ཡུལ་གྱི་གུར་ནས་སྲིད་གཞུང་གིས་བཀོད་སྒྲིག་བྱས་པའི་ཁང་གླ་ཁེ་བའི་སྡོད་ཁང་ནང་སྔ་རྗེས་སུ་སྤོས་ཡོད། “རྒྱ་ཁྱོན་སྨི་གྲུ་བཞི་47ཡོད་པའི་ཐོག་སོ་ཉིས་ལྡན་གྱི་ཁང་པ་དེར་ཉལ་ཁང་དང་། མགྲོན་བསུ་ཁང་། ཐབ་ཚང་། རླངས་ཐབ། བརྙན་འཕྲིན། འཁྱག་སྒམ་བཅས་ཚང་མ་ཡོད”ཅེས་ཁོང་གིས་བཤད།

    བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་གྱི་གཉའ་ལམ་རྫོང་དང་སྐྱིད་གྲོང་རྫོང་ནི་ས་ཡོམ་ཁྲོད་གནོད་འཚེ་ཕོག་ཚབས་ཆེ་ཤོས་ཀྱི་རྫོང་གཉིས་རེད། གསར་འགོད་པས་གཉའ་ལམ་རྫོང་སྲིད་གཞུང་གཞུང་དོན་ཁང་དང་སྐྱིད་གྲོང་རྫོང་སྲིད་གཞུང་གཞུང་དོན་ཁང་ནས་ཤེས་རྟོགས་བྱས་པར་གཞིགས་ན། རྫོང་དེ་གཉིས་ཀྱིས་ལས་མཇུག་འགྲིལ་བའི་ལས་ཤག་གསར་པ་དང་། བེད་སྤྱོད་བྱེད་མྱོང་མེད་པའི་ལས་ཤག ཚོང་ལས་ཁང་པ་ཁག་གཅིག་བཅས་དགུན་སྒྲོལ་བཀོད་སྒྲིག་ཁང་པར་སྤྱད་དེ་གནོད་འཚེ་ཕོག་པའི་མང་ཚོགས་རྣམས་གུར་ནས་བཀོད་སྒྲིག་བྱས་པའི་ཁང་པ་གསར་པའི་ནང་སྤོས་པ་རེད། གཞན་ཡང་། ས་གནས་དེ་གའི་སྲིད་གཞུང་གིས་ད་དུང་གྲུབ་ཆར་གཏོར་སྐྱོན་དེ་ཙམ་ཕོག་མེད་པའི་ཁང་པ་ཁག་གཅིག་བརྟན་གཏོང་དང་ཉམས་གསོ་བྱས་པ་རེད།

    གཉའ་ལམ་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ལི་ཏུང་གིས་གསར་འགོད་པར་ས་ཡོམ་བརྒྱབ་རྗེས་འགྲམ་གྲོང་རྡལ་གྱི་གྲོང་མི་ཡོངས་རྫོགས་གཞིས་རྩེ་གྲོང་ཁྱེར་ཉེ་འདབས་ཀྱི་གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་བྱ་ཡུལ་དུ་གནས་སྤོ་བྱས་པ་དང་། གནོད་འཚེ་ཕོག་པའི་དུད་ཚང་400ལྷག་ཙམ་ཡོད་པའི་མང་ཚོགས་ཚང་མ་དགུན་ཁ་མ་ཤར་གོང་བཀོད་སྒྲིག་བྱ་ཡུལ་ནས་ཁང་གླ་ཁེ་བའི་ཁང་པ་དང་ལས་ཤག་གསར་པའི་ནང་སྤོས་པ་དང་། འགྲམ་གྲོང་རྡལ་གྱི་གཞིས་སྲུང་མི་སྣ་རྣམས་བརྟན་གཏོང་ཉམས་གསོ་བྱས་རྗེས་ཀྱི་འགྲམ་མགྲོན་ཁང་ཆེ་མོར་སྤོས་ཡོད། གཉའ་ལམ་རྫོང་གིས་ད་དུང་ལས་མཇུག་སྒྲིལ་ཉེར་ཡོད་པའི་སྲིད་གཞུང་གི་གཞུང་དོན་སྒྲུབ་ས་དེ་དགུན་དུས་སློབ་ཁྲིད་བཀོད་སྒྲིག་བྱ་ཡུལ་དུ་བསྒྱུར་ནས། བྱང་རྒྱུད་ཤང་གྲོང་སློབ་གྲྭའི་འཛིན་གྲྭར་བར་བཅུག་བྱས་པའི་རྫོང་ལྟེ་བའི་སློབ་ཆུང་གི་དགེ་སློབ་200ལྷག་ཙམ་ལ་བེད་སྤྱོད་བྱ་རྒྱུར་མཁོ་འདོན་བྱ་རྒྱུ་རེད།

    གཞན་ཡང་། ཐོན་སྲིད་པའི་གངས་སྐྱོན་གྱི་གནོད་འཚེར་ཁ་གཏད་གཅོག་ཆེད། གཉའ་ལམ་རྫོང་དང་སྐྱིད་གྲོང་རྫོང་གིས་ད་དུང་ཕྱོགས་མང་པོ་ནས་མ་དངུལ་གྲབས་གསོག་བྱས་ཏེ་སྲིང་བལ་གྱི་སྟོད་ཐུང་དང་། སྲིང་བལ་གྱི་གོས་ཐུང་། རྩམ་པ། མར། གཟན་རྩྭ་སོགས་འཕྲལ་སྡོམ་དངོས་ཟོག་ཉོས་པ་མ་ཟད། དགུན་སྒྲོལ་དངོས་ཟོག་གྲབས་གསོག་དང་། གཏོང་སྤྲོད། བེད་སྤྱོད། དེ་བཞིན་འཕྲལ་སྡོམ་དོ་དམ་སོགས་ཀྱི་ཐད་འཐུས་སྒོ་ཚང་བའི་བྱེད་ཐབས་བཟོས་པ་རེད།

མཛའ་འབྲེལ་དྲ་བ།
010020070840000000000000011100001349823881