གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
  • ༄༅།། སྐྱིད་ གྲོང་ འགག་ སྒོ་ སླར་ གསོ་ ཐུབ་ རྗེས་ ནེ་ པ་ ལ་ དང་ ཉོ་ ཚོང་ སྤེལ་ རེས་ བྱེད་ འགོ་ ཚུགས་ པ།

 
2016-01-06        གསར་འགྱུར་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།        འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།

    ས་ཡོམ་གྱི་གནོད་འཚེ་བྱུང་ནས་འགག་སྒོ་ལོ་ཕྱེད་ཙམ་སྒོ་རྒྱག་དགོས་བྱུང་བའི་སྐྱིད་གྲོང་འགག་སྒོ་དེ་2015ལོའི་ཟླ་10ཚེས་13ཉིན་འགག་སྒོ་སླར་གསོ་ཐུབ་ཚུན་ནེ་པ་ལ་དང་ཉོ་ཚོང་སྤེལ་རེས་རིམ་པས་སླར་གསོ་བྱུང་བཞིན་ཡོད། ལྷ་ས་འགག་སྒོས་བསྡོམས་རྩིས་བྱས་པར་གཞིགས་ན། 2015ལོའི་ཟླ་11ཚེས་10ཉིན་ནས་ཟླ་12ཚེས་10ཉིན་བར་འགག་སྒྲོལ་སྙན་ཞུ་དངོས་སུ་དང་ལེན་བྱས་པའི་སྐྱིད་གྲོང་འགག་སྒོས་ཕྱིར་གཏོང་འགག་སྒྲོལ་སྙན་ཞུ་ཁག་179དང་ལེན་བྱས་པ་དང་། ཕྱིར་གཏོང་ཟོག་འདྲེན་གྱི་སྤྱིའི་རིན་ཐང་མི་དམངས་ཤོག་སྒོར་དུང་ཕྱུར་2.6ཟིན་ནས་ཟོག་འདྲེན་བསྡོམས་འབོར་ཏུན་5965ཟིན་ཡོད་པ་རེད།

    ལྷ་ས་འགག་སྒོས་འགག་སྒོ་སྤྱི་ཁྱབ་ཧྲུའུ་དང་རང་སྐྱོང་ལྗོངས་ཀྱི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་སྐྱིད་གྲོང་འགག་སྒོ་གེགས་རྗེས་སླར་གསོ་བསྐྱར་སྐྲུན་ཡོང་བར་སྐུལ་མ་ཧུར་ཐག་བཏང་ནས་དུས་ཐུང་ནང་སྐྱིད་གྲོང་འགག་སྒོ་རིམ་འཕར་བྱུང་རྗེས་ཀྱི་སྒྲིག་གཞི་བཀོད་སྒྲིག་དང་མི་སྣ་ལེགས་སྒྲིག་སོགས་ལེགས་གྲུབ་བྱུང་ཡོད། མིག་སྔར་སྐྱིད་གྲོང་འགག་སྒོར་ནེ་པ་ལའི་མཐའ་མཚམས་ཉོ་ཚོང་གི་ཕྱིར་གཏོང་ལས་སྒོ་རྒྱུན་གཏན་ཅན་དུ་འགྱུར་ནས་སྣུམ་དང་འབྲུ་རིགས་སོགས་ནེ་པ་ལར་རོགས་སྐྱོར་བྱེད་པའི་དངོས་ཟོག་འབོར་ཆེན་དང་དེ་བཞིན་ནེ་པ་ལ་ཕྱོགས་ལ་མཁོ་བའི་འཁེལ་འཐག་ཐོན་རྫས་དང་། ཁྱིམ་སྤྱོད་གློག་ཆས་ཆུང་གྲས། ཚོང་ཟོག་ཙག་ཙིག་སོགས་བདེ་བླག་ངང་ཕྱིར་གཏོང་བྱས་ཡོད། མིག་སྔར་སྐྱིད་གྲོང་འགག་སྒོ་འདི་ཉིད་ཀྲུང་གོ་དང་ནེ་པ་ལ་ཕྱོགས་གཉིས་དབར་མཐའ་མཚམས་ཉོ་ཚོང་སྤེལ་རེས་བྱེད་ལམ་གཙོ་བོར་གྱུར་པ་དང་འབྲེལ་གོམ་སྟབས་རྗེས་མར་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་བཀོད་སྒྲིག་གཞིར་བཟུང“ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་སྒོ་དབྱེའི་བགྲོད་ལམ་གལ་ཆེན”གཏོད་རྒྱུའི་གྲ་སྒྲིག་ལས་དོན་ཡག་པོ་བྱེད་བཞིན་ཡོད་པ་རེད།

མཛའ་འབྲེལ་དྲ་བ།
010020070840000000000000011100001349823961