གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
  • ༄༅།། བོད་ རང་ སྐྱོང་ ལྗོངས་ ཀྱི་ སློབ་ ཆེན་ སློབ་ མའི་ ལས་ གཏོད་ སྐྱོང་ གསོའི་ རྟེན་ གཞི་ ཐོག་ མ་ སྒོ་ བྱང་ བཀལ་ བ།

 
2016-01-06        གསར་འགྱུར་འབྱུང་ཁུངས། མི་དམངས་ཉིན་རེའི་ཚགས་པར།        འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།

    བོད་ལྗོངས་ཚོང་འཕྲིན་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར་བོད་རང་སྐྱོང་ལྗོངས་ཀྱི་སློབ་ཆེན་སློབ་མའི་ལས་གཏོད་སྐྱོང་གསོའི་རྟེན་གཞི་ཐོག་མའི་སྒོ་བྱང་བོད་ལྗོངས་མི་རིགས་སློབ་ཆེན་དུ་བཀལ་བ་དེས་བོད་དུ་ལས་གཏོད་སྐྱོང་གསོའི་རྟེན་གཞི་མེད་པའི་སྟོང་ཆ་བསྐངས་པ་དེ་ཐོག་ནས་བོད་རང་སྐྱོང་ལྗོངས་ཀྱི་སློབ་ཆེན་སློབ་མའི་ལས་གཏོད་ལས་ཀ་དེ་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་པ་མཚོན་གྱི་ཡོད།

    སྟེགས་བུ་དེས་སྤྱི་པའི་ཞབས་ཞུའི་ཐོན་ཁུངས་དང་སློབ་གྲྭའི་དགེ་མཚན་ལྡན་པའི་ཚན་ཞིབ་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱས་ཏེ་ཞབས་ཞུ་སྒྲུབ་སྟངས་གསར་གཏོད་ཀྱིས་ལས་གཏོད་སློབ་ཆེན་སློབ་མར་དོ་དམ་དང་གཉེར་སྐྱོང་ལ་མཁོ་བའི་ས་ཆ་དང་སྒྲིག་ཆས་རིན་མེད་ངང་མཁོ་འདོན་དང་ལས་གཏོད་མཛུབ་ཁྲིད་དང་། ལས་གཏོད་རོགས་སྐྱོར་ཐེབས་རྩའི་སྐྱེད་མེད་དངུལ་བུན། ཁེ་ལས་དོ་དམ་གྱི་ཤེས་ལྡན་པ་གསོ་སྐྱོང་སོགས་ཀྱི་ཞབས་ཞུ་ཁག་རིན་མེད་ངང་བསྒྲུབ་རྒྱུ་ཡིན་པ་དེས་ལོ་དེ་གའི་སློབ་ཐོན་སློབ་མས་ལས་གཏོད་བྱེད་སྐབས་མ་དངུལ་མ་འདང་བ་དང་། ཉམས་མྱོང་མེད་པ། གནོན་ཤུགས་ཆེ་བ་སོགས་ཀྱི་དཀའ་གནད་ཞི་ལྷོད་དུ་ཤུགས་ཆེན་འགྲོ་རྒྱུ་རེད།

    བོད་ལྗོངས་མི་རིགས་སློབ་ཆེན་གྱི་སློབ་མའི་ལས་གཏོད་སྐྱོང་གསོའི་རྟེན་གཞིས་སྲིད་གཞུང་གི་སྲིད་ཇུས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་ལ་བརྟེན་ནས་ལས་གཏོད་ཀྱིས་ལས་ཞུགས་ལ་ཁྲིད་སྟོན་བྱས་ཏེ་ལྗོངས་ནང་ཁུལ་གྱི་སློབ་ཆེན་སློབ་མ་དེ་བས་མང་བ་ལས་གཏོད་མཁན་ལ་འགྱུར་རྒྱུར་སྐུལ་ཁྲིད་ཐུབ་པ་བྱ་རྒྱུ་ཡིན་པ་རེད།

མཛའ་འབྲེལ་དྲ་བ།
010020070840000000000000011100001349824021