གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
  • ༄༅།། བོད་ དུ་ ཡོད་ པའི་ རྒྱལ་ ཡོངས་ མི་ དམངས་ འཐུས་ ཚོཊ་ ཀྱི་ འཐུས་ མིས་ བོད་ ལྗོངས་ ཀྱི་ ལས་ ཞུགས་ ལ་ སྐུལ་ མ་ གཏོང་ བའི་ ལས་ དོན་ ལ་ གཟིཊ་ ཞིབ་ གནང་ བ།

 
2016-01-06        གསར་འགྱུར་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།        འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།

    རྒྱལ་ཡོངས་དང་རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་སྐོང་ཚོགས་བྱེད་ཉེར་ཡོད་པའི་སྐབས་འདིར་བོད་དུ་ཡོད་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་བོད་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་གཉིས་པའི”རིང་གི་ལས་ཞུགས་ལ་སྐུལ་མ་གཏོང་བའི་ལས་དོན་གྱི་གྲུབ་འབྲས་ལ་གཟིགས་ཞིབ་གནང་བ་དང་འབྲེལ་གོམ་སྟབས་རྗེས་མའི་ལས་ཞུགས་ལས་དོན་ལ་སྐུལ་མ་གཏོང་བའི་ཚན་པ་ཁག་དང་མང་ཚོགས་ཀྱི་བསམ་འཆར་དང་གྲོས་འགྲོ་གསན་པ་རེད།

    རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཡོན་ཏན་དང་། སྐལ་བཟང་སྒྲོལ་དཀར། ཡེ་ཤེས་སྒྲོལ་དཀར། ཚེ་དབང་རིག་འཛིན་བཅས་ཀྱིས་ལྷ་ས་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་དང་། ལྷ་ས་སྤྱི་འགྲུལ་ཚོགས་པ་ཀུང་སི། རང་སྐྱོང་ལྗོངས་ལས་ཞུགས་ཅུས། བོད་ལྗོངས་ལས་རིགས་རྩལ་ནུས་གསོ་སྦྱོང་སློབ་གྲྭ་བཅས་སུ་སྔ་རྗེས་སུ་ཕེབས་ནས་ལས་དོན་སྙན་ཞུ་གསན་པ་དང་། སློབ་ཆེན་སློབ་མ་དང་ཞིང་འབྲོག་མང་ཚོགས་དང་སྤེལ་རེས་དང་ལས་ཞུགས་ལ་སྐུལ་མ་དང་ལས་ཞུགས་གསོ་སྦྱོང་སོགས་ཐད་ཀྱི་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་གནང་བ་རེད།

    ལྷ་ས་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་སུ་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་རྣམས་སྤྱི་ཚོགས་འགན་བཅོལ་དང་། སྨན་བཅོས་འགན་བཅོལ། ལས་རིགས་ངོ་སྤྲོད་ཞབས་ཞུ་ཚོམས་ཆེན་བཅས་སུ་ཕེབས་ནས་ཞབས་ཞུའི་ལས་རིམ་ཤེས་རྟོགས་དང་འབྲེལ་རང་བརྟེན་ལས་གཏོད་དང་ལས་ཞུགས་བློ་འདྲི་བྱེད་མཁན་སློབ་ཆེན་སློབ་མ་དང་གླེང་མོལ་གནང་ཞིང་། ཉི་མ་བསྟན་འཛིན་སི་ཁྲོན་སློབ་ཆེན་ཐོན་རྗེས་ཕ་ཡུལ་དུ་རང་བརྟེན་ལས་གཏོད་བྱས་པ་དང་། ད་ལྟ་ལྷ་སར་ཟ་ཁང་གི་སྣོད་ཆས་གཙང་བཀྲུའི་ལས་ཀ་བྱེད་ཀྱི་ཡོད། ཁོང་གིས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིར་མི་དམངས་འཐུས་ཚོགས་ཀྱི་འབྲེལ་ཡོད་ཚོགས་འདུར་ཞུགས་ནས་རང་ལྗོངས་ཀྱི་སློབ་ཆེན་སློབ་མའི་རང་བརྟེན་ལས་གཏོད་ཐད་ཐབས་ཇུས་འདོན་རྒྱུའི་རེ་བ་ཡོད་ཅེས་བཤད་པ་རེད།

    འཐུས་མི་ཚོས་ལྷ་ས་གྲོང་ཁྱེར་གྱིས་འབྲེལ་ཡོད་ཐོན་ལས་འཕེལ་རྒྱས་བཏང་ནས་ཞིང་འབྲོག་མང་ཚོགས་ཀྱི་ལས་ཞུགས་ལ་རོགས་རམ་དང་སློབ་ཆེན་སློབ་མའི་ལས་གཏོད་ལ་རོགས་རམ་བྱེད་པ་སོགས་ལས་ཞུགས་ལ་སྐུལ་མ་གཏོང་བའི་ལས་དོན་ལ་ཁས་ལེན་གང་ལེགས་གནང་ཞིང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཡོན་ཏན་གྱིས་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགོ་ཁྲིད་འོག་རང་ལྗོངས་ཀྱི་རིམ་ཁག་ལས་ཞུགས་སྡེ་ཚན་གྱིས་ཏང་གི་གཟིགས་སྐྱོང་ལས་ཞུགས་སྲིད་ཇུས་ཁག་ནན་ཏན་ངང་ལག་ལེན་བསྟར་བ་དང་བྱ་ཐབས་སྣ་ཚོགས་སྤྱད་ནས་ལས་ཞུགས་ལ་སྐུལ་མ་གཏོང་བའི་དམིགས་ཚད་ཁག་ཚད་ལས་བརྒལ་ནས་ལེགས་སྒྲུབ་དང་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད་ཅེས་གསུངས་པ་རེད།

    འཐུས་མི་ཚོས་བོད་ལྗོངས་ཀྱི་ལས་ཞུགས་ལ་སྐུལ་མ་གཏོང་བའི་ལས་ཀའི་གྲུབ་འབྲས་དང་། ཉམས་མྱོང་། འཕྲད་པའི་གནད་དོན་བཅས་ཕྱོགས་སྡོམ་དང་བརྟག་དཔྱད་ཞིབ་འཇུག་གི་སྙན་ཞུ་དང་གྲོས་གཞི་ཞིབ་ཕྲ་ཚན་རིག་དང་མཐུན་པ་ཞིག་གྲུབ་པ་བྱས་ནས་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་ཐོག་ཏང་དང་སྲིད་གཞུང་ལ་ཐབས་ཇུས་ཡང་དག་འགོད་རྒྱུར་གཞི་འཛིན་ས་བློས་འཁེལ་བ་ཞིག་མཁོ་འདོན་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།

མཛའ་འབྲེལ་དྲ་བ།
010020070840000000000000011100001349824031