གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
  • ༄༅།། བོད་ ཀྱིས ལོ་ ལྔ་ ཚན་ བཅུ་ གསུམ་ པའི རིང་ སློབ་ གསོ་ དེང་ རབས་ ཅན་ ལ་ སྐུལ་ འདེད་ མགྱོགས་ པོ་ གཏོང་ རྒྱུ་ ཡིན་ པ།

 
2016-01-06        གསར་འགྱུར་འབྱུང་ཁུངས། མི་དམངས་ཉིན་རེའི་ཚགས་པར།        འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།

    ཉེ་ཆར་གསར་འགོད་པར་རང་སྐྱོང་ལྗོངས་སློབ་གསོ་ཐིང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་བོད་ཀྱི་སློབ་གསོའི་བྱ་གཞག་ལ་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་ཡོད། “ལོ་ལྔ་ཚན་བཅུ་གསུམ་པའི”བོད་ཀྱི་སློབ་གསོ་དེང་རབས་ཅན་དུ་འགྱུར་རྒྱུར་སྔར་བས་སྐུལ་མ་མགྱོགས་པོ་གཏོང་རྒྱུ་ཡིན་པ་དང་ལྷག་པར་དུ་གྲོང་གསེབ་ཀྱི་སློབ་གྲྭ་དང་། ས་བབ་མཐོ་བའི་སློབ་གྲྭ མཐའ་མཚམས་ཀྱི་སློབ་གྲྭ་བཅས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ཉམས་ཞན་སློབ་གྲྭ་མཐའ་གཅིག་ཏུ་མེད་པ་བཟོ་རྒྱུ་རེད།

    “ལོ་ལྔ་ཚན་བཅུ་གསུམ་པའི”རིང་བོད་ལྗོངས་སློབ་གསོ་ཐིང་གིས་འོས་འགན་སློབ་གསོའི་ཆུ་ཚད་མཐོ་རུ་བཏང་སྟེ་ལས་ཞུགས་ལ་སྐུལ་མ་གཏོང་རྒྱུ་ཁྲིད་སྟོན་དུ་བྱས་ནས་དེང་རབས་ལས་རིགས་སློབ་གསོ་འཕེལ་རྒྱས་མགྱོགས་པོ་གཏོང་རྒྱུ་ཡིན་པ་དང་། ཚན་ཁག་ཆེད་ལས་བཀོད་སྒྲིག་དང་ཤེས་ལྡན་མི་སྣ་གསོ་སྐྱོང་གི་ལམ་སྲོལ་ལེགས་སུ་མགྱོགས་པོ་གཏོང་རྒྱུ་ཡིན་པ། དགེ་རྒན་གྱི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ནས་སྐད་གཉིས་ཀྱི་སློབ་གསོའི་སློབ་ཁྲིད་སྤུས་ཚད་མཐོ་རུ་གཏོང་རྒྱུ་ཡིན་པ། སྤུས་ལེགས་སློབ་གསོའི་ཐོན་ཁུངས་དེ་གྲང་ངར་ཆེ་ཞིང་ས་བབ་མཐོ་བ་དང་ས་ཐག་རིང་ཞིང་དཀའ་ཚེགས་ཆེ་བའི་ས་ཁུལ་དང་ཞིང་འབྲོག་ཁུལ་ལ་གཟིགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་པ་བཅས་རེད།

    བོད་ལྗོངས་སློབ་གསོ་ཐིང་གི་ཐིང་ཀྲང་མ་ཧྲེང་ཁྲང་གིས་ངོ་སྤྲོད་བྱས་པར་གཞིགས་ན།“ལོ་ལྔ་ཚན་བཅུ་གཉིས་པའི”རིང་བོད་ཀྱི་སློབ་གསོའི་བྱ་གཞག་ལ་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་སྟེ་བུ་བཅོལ་ཁང་119ནས་882བར་མང་དུ་སོང་བ་དང་བུ་བཅོལ་ཁང་དུ་ཞུགས་ཚད་61.47%ཟིན་གྱི་ཡོད། འོས་འགན་སློབ་གསོའི་དུས་མཚམས་ཀྱི་སྲ་བརྟན་བྱུང་ཚད་སྔར་བས་མཐོ་རུ་སོང་བ་དང་མཐོ་རིམ་སློབ་འབྲིང་དུས་མཚམས་སུ་ན་འདྲེས་སློབ་ཞུགས་བྱེད་ཚད་74.47%ཟིན་གྱི་ཡོད། རྫོང་20ལ་རྒྱལ་ཁབ་ཀྱི་འོས་འགན་སློབ་གསོའི་དྲང་སྙོམས་འཕེལ་རྒྱས་ཚོད་སྐོར་གྱི་ཞིབ་བཤེར་རྩིས་ལེན་བྱས་པ་རེད།

མཛའ་འབྲེལ་དྲ་བ།
010020070840000000000000011100001349824171