གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
  • ༄༅།། བོད་ ལྗོངས་ ཀྱི་ ཁྱད་ ལྡན་ ཚོང་ འདུས་ གྲོང་ རྡལ་ གྱི་ དཔེ་ སྟོན་ ས་ ཚིགས་ ཐོག་ མ་ དེ་ སྐྲུན་ འགོ་ ཚུགས་ པ།

 
2016-01-07        གསར་འགྱུར་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།        འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།

    ཉེ་དུས“པང་གདན་གྱི་ཕ་ཡུལ”ཞེས་བརྗོད་པའི་ལྷོ་ཁ་ས་ཁུལ་གོང་དཀར་རྫོང་ལྕེ་བདེ་ཞོལ་གྲོང་རྡལ་དུ་ལྕེ་བདེ་ཞོལ་སྡེ་ཁུལ་གྲོང་ལྷན་ཏང་ཀྲི་པུའི་ཧྲུའུ་ཅི་ཟླ་བས་གྲོང་མིའི་སྣེ་ཁྲིད་དེ་སྔ་ས་ནས་གྲོང་ལྷན་གྱི་སྒོ་རའི་ནང་ཡོང་སྟེ་ལྕེ་བདེ་ཞོལ་གྱི་ཁྱད་ལྡན་ཚོང་འདུས་གྲོང་རྡལ་སྐྲུན་འགོ་ཚུགས་པའི་མཛད་སྒོར་ཞུགས་པ་རེད། ལྕེ་བདེ་ཞོལ་གྱི་ཁྱད་ལྡན་ཚོང་འདུས་གྲོང་རྡལ་སྐྲུན་འགོ་ཚུཌ་པ་དེ་ཐོག་ནས་རང་ལྗོངས་ཀྱི་ཁྱད་ལྡན་ཚོང་འདུས་གྲོང་རྡལ་གྱི་དཔེ་སྟོན་ས་ཚིཌ་བསྐྲུན་རྒྱུ་ཚོང་འདུས་ངོ་བོའི་རང་བཞིན་གྱི་དུས་མཚམས་སུ་སླེབས་པ་མཚོན་བཞིན་ཡོད།

    2015ལོའི་ཟླ་5ཚེས་8ཉིན་རང་སྐྱོང་ལྗོངས་སྲིད་གཞུང་གཞུང་ལས་ཐིང་གིས《བོད་རང་སྐྱོང་ལྗོངས་ཀྱི་ཁྱད་ལྡན་ཚོང་འདུས་གྲོང་རྡལ་གྱི་དཔེ་སྟོན་ས་ཚིགས་སྐྲུན་པའི་ལས་དོན་གྱི་ལག་བསྟར་ཇུས་གཞི》གཤམ་སྤྲོད་བྱས་ཏེ་རང་ལྗོངས་ཀྱིས་མ་དངུལ་སྒོར་དུང་ཕྱུར་10བཏང་ནས་ས་གནས་སུ་ཁྱད་ལྡན་ཚོང་འདུས་གྲོང་རྡལ་གྱི་དཔེ་སྟོན་ས་ཚིགས་སྐྲུན་རྒྱུར་རྒྱབ་སྐྱོར་བྱས་ཤིང་། ཁྱད་ཆོས་མངོན་གསལ་དོད་པ་དང་། ནུས་པ་ཆ་ཚང་བ། ལེགས་བསྡུས་གྲོན་ཆུང། སྡོད་གནས་དང་། ལས་རིཌ། ཡུལ་སྐོར་བཅས་དང་འཚམས་པའི་སྤྱིའི་བླང་བྱར་གཞིགས་ནས་2015ལོ་ནས་2017ལོ་བར་སོ་སོར་ཁྱད་ཆོས་ལྡན་པའི་ཚོང་འདུས་གྲོང་རྡལ་གྱི་དཔེ་སྟོན་ས་ཚིཌ་ཁག་གཅིག་གཙོ་གནད་ཐོག་བཏོད་དེ་ལྗོངས་ཡོངས་ཀྱི་ཚོང་འདུས་གྲོང་རྡལ་འཛུགས་སྐྲུན་ཐད་ཉམས་མྱོང་གསོག་པ་དང་ཐབས་ལམ་འཚོལ་ཞིབ་བྱ་རྒྱུ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཁྱད་ལྡན་གྲོང་རྡལ་བསྐྲུན་པའི་ཁྲོད། ད་ཡོད་ཀྱི་རི་ཆུ་སོགས་དམིགས་བསལ་ཁྱད་ཆོས་ལྡན་པའི་ཡུལ་ལྗོངས་ལ་བརྟེན་ནས་ལྗང་མདོག་སྣོད་བཅུད་མངོན་གསལ་དོད་པ་དང་ཤིང་གཅོད་མི་ཆོག་པ་དང་། རི་འདྲུ་མི་ཆོག་པ། མཚེའུ་རྒྱོང་མི་ཆོག་པ། ཁང་པ་ཉུང་ཙམ་བཤིག་པ་བཅས་ཀྱི་རྩ་དོན་མཐའ་འཁྱོངས་ཀྱིས་སྣོད་བཅུད་ཤེས་དཔལ་གྱི་འདུ་ཤེས་ཁྱད་ལྡན་ཚོང་འདུས་གྲོང་རྡལ་བསྐྲུན་པའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱ་རྒྱུ་རེད།

མཛའ་འབྲེལ་དྲ་བ།
010020070840000000000000011100001349864691