གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
  • ༄༅།། བོད་ ཀྱི་ གློག་ དྲ་ གཙོ་ བོ་ རྫོང་ 58ལ་ ཁྱབ་ པ།

 
2016-01-07        གསར་འགྱུར་འབྱུང་ཁུངས། མི་དམངས་ཉིན་རེའི་ཚགས་པར།        འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།

    2015ལོའི་ཟླ་12ཚེས་30ཉིན་ནག་ཆུ་ས་ཁུལ་འབྲི་རུ་རྫོང་གི་ཆན་ཕུའུ་110ཡི་གློག་སྐྱེལ་གློག་སྒྱུར་ལས་གྲྭ་དངོས་སུ་འཁོར་རྒྱུག་བྱེད་འགོ་ཚུགས་ནས་བོད་དུ“ལོ་ལྔ་ཚན་བཅུ་གཉིས་པའི”རིང་གི་གློག་དྲ་གཙོ་བོའི་ཁྱབ་རྒྱ་རྫོང་58དུ་མཆེད་པའི་དམིགས་ཚད་ལས་འགན་ཁྱོན་ཡོངས་ནས་ལེགས་གྲུབ་ཟིན་པ་རེད།

    གློག་མེད་པའི་ས་ཁུལ་དུ་གློག་ཤུགས་འཛུགས་སྐྲུན་དང་གྲོང་གསེབ་ཀྱི་གློག་དྲ་སྒྱུར་བཀོད་རིམ་སྤོར་ལས་གྲྭ་ལག་ལེན་བསྟར་བ་དེ་ནི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཞིག་ཡིན་ལ་རྒྱལ་ཁབ་གློག་དྲ་ཀུང་སིས་གློག་ཤུགས་རྒྱ་ཁྱབ་ངང་སྤྱི་ཚོགས་ལ་ཞབས་ཞུ་བྱེད་པའི་ལས་འགན་གལ་ཆེན་ཞིག་ཀྱང་ཡིན། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིས་མ་དངུལ་སྒོར་དུང་ཕྱུར་90.84བཏང་སྟེ་གྲོང་གསེབ་ཀྱི་གློག་དྲ་སྒྱུར་བཀོད་རིམ་སྤོར་དང་གློག་མེད་པའི་ས་ཁུལ་གྱི་གློག་ཤུགས་འཛུགས་སྐྲུན་ལས་གྲྭ་ལག་ལེན་བསྟར་ཡོད། ལོ་5ཡི་རིང་བོད་ཀྱི་གློག་དྲ་གཙོ་བོའི་ཁྱབ་རྒྱ་དེ“ལོ་ལྔ་ཚན་བཅུ་གཅིག་པའི”དུས་མཇུག་གི་རྫོང་32ཀྱི་རྨང་གཞིའི་ཐོག་རྫོང་26གསར་དུ་བསྣན་པ་དང་དུད་ཚང་ཁྲི་12དང་མི་ཁྲི་47གྱི་གློག་སྤྱོད་པའི་གནད་དོན་ཐག་གཅོད་དང་ལེགས་སུ་བཏང་ཡོད། གྲོང་གསེབ་ཀྱི་གློག་དྲ་ཆན་ཕུའུ་110དང་དེ་མན་གྱི་གློག་སྐུད་སྟོང་སྨི་ཁྲི་1.8གསར་དུ་སྒྲིག་སྦྱོར་བྱས་པར་བོད་ཀྱི་གྲོང་གསེབ་གློག་དྲའི་གློག་གཏོང་བདེ་འཇགས་རང་བཞིན་དང་གློག་སྤྱོད་སྤུས་ཚད་མཐོ་རུ་ཆེས་ཆེར་སོང་ནས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་བ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་བོད་ལྗོངས་སྐྲུན་ཐུབ་པ་བྱ་རྒྱུར་སྐུལ་འདེད་གཏོང་ཆེད་སྲ་ཞིང་བརྟན་པའི་གློག་ཤུགས་འགན་ལེན་བྱས་པ་རེད།

མཛའ་འབྲེལ་དྲ་བ།
010020070840000000000000011100001349864711