གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
  • ༄༅།། བོད་ ཀྱི་ ལྕགས་ ལམ་ སྤྱི་ བདེ་ ཁྲུའུ་ ཡིས་ དཔྱིད་ གསར་ སྐྱེལ་ འདྲེན་ རིང་ སྤ་ སེ་ གླགས་ ཚོང་ ལ་ ཞིབ་ བཤེར་ ནན་ པོ་ བྱེད་ པ།

 
2016-01-11        གསར་འགྱུར་འབྱུང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།        འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་བ་གཞིར་བཟུང་། དཔྱིད་གསར་སྐྱེལ་འདྲེན་འཆར་ཉེའི་མཚམས་སུ་བོད་དུ་སྤ་སེ་གླགས་ཚོང་གི་སྤྱོད་ངན་ཇེ་མང་དུ་གྱུར། ལྷ་སའི་ལྕགས་ལམ་སྤྱི་བདེ་ཁྲུའུ་ཡིས་ཉིན་100རིང་གི“རྔོན་ཁྲ—2016”བྱ་སྤྱོད་སྤེལ་འགོ་བཙུགས་ཏེ་སྤ་སེ་གླགས་ཚོང་གི་ཁྲིམས་འགལ་ཉེས་གསོག་བྱེད་སྒོར་རྡུང་རྡེག་ནན་པོ་གཏོང་གི་ཡོད་པ་རེད།

    ཤེས་རྟོགས་བྱུང་བ་ལྟར་ན། ལྷ་སའི་ལྕགས་ལམ་སྤྱི་བདེ་ཁྲུའུ་ཡིས་སྤ་སེ་འཚོང་ཡུལ་དང་། འཁོར་སྒུག་ཁང་། བབས་ཚུགས་ཀྱི་འཛུལ་ཐོན་སྒོ། འགྲུལ་པ་དང་མེ་འཁོར། དེ་བཞིན་རླངས་འཁོར་བབས་ཚུགས་ཀྱི་ཉེ་འཁོར་དྲ་ཁང་། ཟ་ཁང་སོགས་གཙོ་གནད་དུ་སྤ་སེའི་ཡོང་ཁུངས་བརྟག་དཔྱད་ཀྱི་ལས་དོན་སྒྲུབ་པ་དང་། སྤ་སེ་འཚོང་སའི་སྒེའུ་ཁུང་དུ་སྤ་སེ་འཚོང་སྐབས་ཡང་ཡང་བང་སྒྲིག་པ་དང་བར་ལ་འཚང་བའི་སྤ་སེ་ཉོ་མཁན་ལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་ཞིབ་བཤེར་བྱེད་པ་དང་། སྤ་སེ་གླགས་ཚོང་མཁན་གྱིས་སྤ་སེ་ཉོ་བར་ནན་འགོག་བྱེད་ཀྱི་ཡོད་པ་རེད།

    དྲ་རྒྱའི་སྤ་སེ་གླགས་ཚོང་གི་བྱེད་སྤྱོད་ལ་མི་དམངས་ཉེན་རྟོག་པས་དྲ་སྦྲེལ་སྐོར་ཞིབ་ཀྱི་ལྟ་སྡོམ་བྱས་པ་དང་། དྲ་རྒྱ་ནས་སྤ་སེ་ཉོ་བ་དང་ཁ་པར་ནས་སྤ་སེ་མངགས་པའི་ཐད་ལྟ་སྡོམ་བྱེད་ཀྱི་ཡོད། གཞན་ཡང་སྤ་སེ་ཕྱིར་སློག་དང་དུས་ཚོད་ཕྱིར་སྣུར། ཞིང་པ་ལས་མི་དང་སློབ་མའི་སྤ་སེ་ཆེད་ཚོང་། རང་འགུལ་སྤ་སེ་ལེན་ཆས་སོགས་སྒེའུ་ཁུང་དུ་ཉེན་རྟོག་པ་མངགས་ནས་སྤ་སེ་མང་པོ་ལེན་པ་དང་མི་གཞན་གྱི་ཐོབ་ཐང་ལག་ཁྱེར་ལ་བརྟེན་པ་སོགས་ཀྱི་དོགས་ཅན་མི་སྣར་ཞིབ་བཤེར་ནན་པོ་བྱེད་པ་དང་། སྤ་སེ་ཕྱིར་སློག་དང་སྤ་སེ་གཞན་ཚོང་མི་སྣར་ཁྱོན་ཡོངས་ནས་གཙང་སེལ། སྤ་སེ་གླགས་ཚོང་མཁན་གྱི་སྤ་སེ་ཐོབ་ལམ་ནན་བཤེར་བཅས་བྱེད་ཀྱི་ཡོད་པ་རེད།

མཛའ་འབྲེལ་དྲ་བ།
010020070840000000000000011100001349977011