གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
  • ༄༅།། ཁྲེན་ ཆོན་ གོས་ ལྷ་ ལྡན་ གཙུག་ ལག་ ཁང་ དུ་ དགེ་ འདུན་ པ་ དང་ དགོན་ པར་ བཅའ་ སྡོད་ ལས་ བྱེད་ པར་ གཟིཊ་ པ་ དང་ འཚམས་ འདྲི་ གནང་ བ།

 
2016-01-12        གསར་འགྱུར་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།        འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།

    ཟླ་1ཚེས་10ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོས་རང་ཉིད་ཀྱི་འབྲེལ་གཏུག་གནང་ཡུལ་དགོན་སྡེ་ལྷ་ལྡན་གཙུག་ལག་ཁང་དུ་ཕེབས་ཏེ་དགོན་སྡེའི་གྲྭ་དམངས་དང་དགོན་པར་བཅའ་སྡོད་ལས་བྱེད་པར་བྱམས་བརྩེའི་ངང་གཟིགས་པ་དང་འཚམས་འདྲི་གནང་བ་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ཏེ་ཚང་མར་བྱམས་བརྩེའི་འཚམས་འདྲི་དང་ལོ་གསར་གྱི་སྨོན་འདུན་ཞུས་གནང་བ་རེད།

    ལྷ་ལྡན་གཙུག་ལག་ཁང་གི་ཐང་ཆེན་དུ་གནས་མཇལ་དུ་ཡོང་མཁན་མི་ཚོགས་ཀྱིས་ཁེངས་པ་དང་། ཁྲེན་ཆོན་གོས་གནས་མཇལ་ལ་ཡོང་མཁན་མང་ཚོགས་དང་བྱམས་བརྩེའི་ངང་བཀའ་མོལ་གནང་བ་དང་ཕན་ཚུན་སྨོན་འདུན་ཞུས།

    ལྷ་ལྡན་གཙུག་ལག་ཁང་དུ་ལོ་བརྒྱད་བཅུར་ཕེབས་པའི་དགེ་འདུན་པ་བསྟན་པ་འཇམ་དཔལ་གྱི་གྲྭ་ཤག་ཏུ་ཁྲེན་ཆོན་གོས་ཁོང་གི་ཕྱག་ནས་འཇུས་ཏེ“སྐུ་གཟུགས་ཇི་ལྟར་འདུག་གམ། གྲྭ་ཤག་ནང་འཁྱག་གམ”ཞེས་ཐུགས་བརྩེ་ཆེན་པོས་བཀའ་འདྲི་གནང་བ་དང་། བསྟན་པ་འཇམ་དཔལ་གྱིས་སེམས་འགུལ་ཐེབས་བཞིན་དུ“ངའི་གཟུགས་པོ་ཡག་པོ་ཡོད། ཉིན་ལྟར་སྐོར་བར་འགྲོ་ཐུབ་པ་དང་དགོན་པའི་ནང་གི་དགེ་འདུན་པ་དང་ལས་བྱེད་པས་ང་ལ་ལྟ་རྟོག་ཡག་པོ་གནང་བ་དང་གྲྭ་ཤག་ཏུ་དྲོད་ལེན་ཡོ་བྱད་ཡོད་པས་ལུས་སེམས་གཉིས་ཀ་སྐྱིད་པོ་འདུག”ཅེས་ཞུས་པས་ཁྲེན་ཆོན་གོས་དགྱེས་ཚོར་ཆེན་པོས་ཁོང་ལ་ནད་མེད་ཚེ་རིང་ཡོང་བའི་སྨོན་འདུན་ཞུས།

    ལོ་82ལ་ཕེབས་པའི་དགེ་འདུན་པ་བསྟན་པ་སྒྲོན་གསལ་ནི་ལྷ་ལྡན་གཙུག་ལག་ཁང་གི་མཁན་ཟུར་ཡིན་པ་དང་། ཁྲེན་ཆོན་གོས་ཁོང་དང་བྱམས་བརྩེའི་ངང་བཀའ་མོལ་གནང་། འཕྲེད་ལྕོག་སྟེང་དུ་རང་སྐྱོང་ལྗོངས་ཀྱི་རྒྱལ་གཅེས་ཆོས་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་གྱི་ལག་ཁྱེར་བཞག་པ་གཟིགས་སྐབས་ཁྲེན་ཆོན་གོས་ཞི་མཐུན་དཔེ་བཟང་གི་དགོན་སྡེ་དང་རྒྱལ་གཅེས་ཆོས་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་གཏོད་འདེམས་བྱེད་སྒོ་སྤེལ་བ་ནི་ང་ཚོས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་ལག་ལེན་བསྟར་བའི་ཕན་ཡོད་ཀྱི་འཚོལ་ཞིབ་ཅིག་ཡིན་པ་དང་གྲུབ་འབྲས་བཟང་པོ་ཐོབ་ཡོད། ཁྱེད་ཀྱིས་མུ་མཐུད་ལེགས་ཆ་འདོན་སྤེལ་གནང་ནས་དགོན་པ་ཡོངས་ཀྱི་རྒྱ་ཆེའི་གྲྭ་དམངས་ཀྱིས་ལྗོངས་ཡོངས་ཀྱི་ཆོས་ལུགས་འཆམ་མཐུན་དང་། བསྟན་དོན་ལམ་ལྷོངས། དགོན་སྡེ་ཞི་མཐུན་བཅས་ཡོང་ཕྱིར་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུའི་སློབ་གསོ་དང་ཁྲིད་སྟོན་གནང་རྒྱུའི་རེ་བ་ཡོད་ཅེས་གསུངས།

    ཁྲེན་ཆོན་གོས་ད་དུང་ལྷ་ལྡན་གཙུག་ལག་ཁང་གི་དགེ་འདུན་པ་དང་དགོན་སྡེའི་ལས་བྱེད་པའི་འཐུས་མི་དང་བཞུགས་མོལ་གནང་། ཚང་མའི་གཏམ་བཤད་ནན་ཏན་ངང་གསན་རྗེས་ཁྲེན་ཆོན་གོས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་བོད་བརྒྱུད་ནང་བསྟན་ལ་སྔ་ཕྱི་བར་གསུམ་དུ་མཐོང་ཆེན་དང་རྒྱ་ཆེའི་སེར་སྐྱ་མང་ཚོགས་ལ་ཐུགས་ཁུར་གཟབ་བཞེས་གནང་གི་ཡོད།

    2015ལོའི་ཟླ་6པར་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པའི་གུས་མཇལ་དང་ལེན་གནང་ནས་ཁོང་ལ་བོད་བརྒྱུད་ནང་བསྟན་གྱི་རྒྱལ་གཅེས་ཆོས་གཅེས་ཀྱི་གཟི་བརྗིད་སྲོལ་རྒྱུན་མུ་མཐུད་རྒྱུན་འཛིན་དང་བོད་བརྒྱུད་ནང་བསྟན་གྱི་སྡིག་སྤོང་དགེ་སྒྲུབ་དང་། འདྲ་མཉམ་བཟོད་བསྲན། དབུལ་སྐྱོར་དཀའ་སེལ་སོགས་དགེ་མཚན་ལྡན་པའི་དགོངས་པ་དར་སྤེལ་གཏོང་བ་དང་འབྲེལ་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་སྐུ་ཡོན་འཕེལ་བ་དང་མཛད་པ་ལམ་ལྷོངས་ཡོང་བའི་སྨོན་འདུན་ཞུས་པ་དེ་ནི་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་འཚར་ལོངས་ལ་ཐུགས་ཁུར་ཟབ་བཞེས་དང་རྒྱ་ཆེའི་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་མི་སྣར་རེ་བ་ནན་པོ་བཅོལ་བ་ཞིག་ཀྱང་རེད། ལྗོངས་ཡོངས་ཀྱི་རྒྱ་ཆེའི་གྲྭ་བཙུན་ཚོས་ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་ཐུགས་ཁུར་དང་བྱམས་སྐྱོང་བློ་ལ་ངེས་པ་དང་ཞི་མཐུན་བརྟན་ལྷིང་གི་དུས་བབ་བཟང་པོ་གཅེས་སྤྲས་བྱས་ནས་བློ་བརྟན་འགྱུར་མེད་ངང་ཏང་གི་རྗེས་སུ་འབྲངས་ཏེ་བོད་བརྒྱུད་ནང་བསྟན་གྱི“རྒྱལ་གཅེས་ཆོས་གཅེས་དང་། སྒྲིག་བཀུར་ཁྲིམས་སྲུང་། སྡིག་སྤོང་དགེ་སྒྲུབ། ཞི་མཐུན་གོང་བཀུར། ཞི་བདེར་རེ་སྨོན”བཅས་ཀྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱི་ཁ་ཕྲལ་དང་། སིམ་འཛུལ། གཏོར་བཤིག་བཅས་ཀྱི་བྱེད་སྤྱོད་ལ་འཐབ་རྩོད་མཐའ་གཅིག་ཏུ་བྱས་ནས་ཆོས་ལུགས་ཀྱི་ཤེས་བྱ་དང་ཀུན་སྤྱོད་བློ་སྦྱོང་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་བ་དང་འདུལ་ཁྲིམས་དང་བསྟན་དོན་ལ་དུས་རབས་ཀྱི་ཡར་ཐོན་བླང་བྱ་དང་འཚམ་པའི་དགོངས་འགྲེལ་བྱས་ནས་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་སྐུལ་མ་གཏོང་བ་དང་བོད་འདི་ཉིད་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་པ་བྱེད་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད། ཁྲེན་ཆོན་གོས་ཆོས་ལུགས་ལས་དོན་གྱི་ངོ་བོ་ནི་མང་ཚོགས་ལས་དོན་ཡིན་པས་ལྗོངས་ཡོངས་ཀྱི་རྒྱ་ཆེའི་དགོན་སྡེར་བཅའ་སྡོད་ལས་བྱེད་པས་སྔ་ཕྱི་བར་གསུམ་དུ་གྲྭ་བཙུན་རྣམས་སྤྱི་དམངས་དང་། གཉེན་ཉེ། གྲོགས་པོ་བཅས་ལ་བརྩི་བ་དང་ཏང་གི་མང་ཚོགས་ལམ་ཕྱོགས་ལག་ལེན་བྱས་ཏེ“ནན་གསུམ་དྲང་གསུམ”གྱི་བླང་བྱ་ལྟར་དགོན་སྡེར་གཞི་ཚུགས་ནས་བྱང་ཚད་མཐོ་རུ་གཏོང་བ་དང་། སྤྱོད་ཚུལ་ལེགས་སུ་གཏོང་བ། ཤེས་བྱ་འཕེལ་བ་བཅས་བྱས་ཏེ་བརྩེ་སེམས་དང་བྱམས་སྐྱོང་བཅངས་ནས་དགོན་ཕན་གྲྭ་ཕན་གྱི་སྲིད་ཇུས་ཁག་དོན་འཁྱོལ་ཡག་པོ་དང་གྲྭ་བཙུན་གྱི་དཀའ་ངལ་དངོས་ཐག་གཅོད་ཡག་པོ་བྱས་ཏེ་ཏང་དང་སྲིད་གཞུང་གི་དྲོ་སྐྱིད་རྒྱ་ཆེའི་གྲྭ་བཙུན་ཚོས་ཚོར་ཐུབ་པ་བྱེད་དགོས་ཞེས་གསུངས་པ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཆེ་དགྲ་ལྷ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་དྲུང་ཆེ་ཝང་རུའེ་ལན་ལྷན་དུ་འཚམས་འདྲིར་ཕེབས་པ་རེད།

མཛའ་འབྲེལ་དྲ་བ།
010020070840000000000000011100001350009221