གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
  • ༄༅།། རང་ སྐྱོང་ ལྗོངས་ སྲིད་ གཞུང་ གིས སྲིད་ གཞུང་ གི་ ལས་ དོན་ སྙན་ སྒྲོན ཐད་ ཀྱི་ སྤྱི་ ཚོཊ་ ལས་ རིཊ་ ཁག་ གི་ བསམ་ འཆར་ དང་ གྲོས་ འགོ་ བསྡུ་ ལེན་ བྱས་ པ།

 
2016-01-12        གསར་འགྱུར་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།        འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།

    ཚེས་10ཉིན་གྱི་སྔ་དྲོ་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་ཁྲིམས་འཛིན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་བཅས་ཡིན་པའི་ཏེང་ཞའོ་ཀང་གིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་དང་སྲིད་གྲོས་ཆེད་དོན་ཨུ་ཡོན་ལྷན་ཁང་གི་འགན་འཁུར་བློ་མཐུན་དང་། མང་ཚོགས་རང་བཞིན་གྱི་ཚོགས་པའི་རྩ་འཛུགས་དང་། སློབ་ཆེན། ཚན་ཞིབ་སྒྲིག་གཞི་བཅས་ཀྱི་རིགས་གཅིག་མཁས་ཅན་དང་མཁས་དབང་། གཞུང་ཁོངས་ཁེ་ལས་དང་དམངས་གཉེར་ཁེ་ལས་ཀྱི་འཐུས་མི་བཅས་གདན་དྲངས་ནས་2016ལོའི《སྲིད་གཞུང་གི་ལས་དོན་སྙན་སྒྲོན》(བསམ་འཆར་བསྡུ་ལེན་མ་ཟིན)ཐད་བསམ་འཆར་དང་གྲོས་འགོ་གང་ཡོད་པ་དྲིས་པ་རེད།

    ཏེང་ཞའོ་ཀང་གིས་དང་ཐོག་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣར་ལོ་མང་རིང་སྲིད་གཞུང་གི་ལས་དོན་ལ་སེམས་ཁུར་དང་རྒྱབ་སྐྱོར་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས་དེ་རིང་བསམ་འཆར་དང་གྲོས་འགོ་བསྡུ་ལེན་གྱི་བཞུགས་མོལ་ཚོགས་འདུ་འཚོགས་པ་ནི《སྲིད་གཞུང་གི་ལས་དོན་སྙན་སྒྲོན》གྱི་འཆར་ཟིན་འགོད་པའི་ལྷུ་ཚིགས་གལ་ཆེན་ཞིག་དང་དམངས་གཙོའི་སྒོ་ནས་ཐབས་ཇུས་གཏན་འབེབས་དང་། ཚན་རིག་དང་མཐུན་པའི་སྒོ་ནས་ཐབས་ཇུས་གཏན་འབེབས། ཁྲིམས་ལུགས་ལྟར་ཐབས་ཇུས་གཏན་འབེབས་བཅས་བྱེད་པའི་མཚོན་ཚུལ་ཞིག་ཡིན། དེས་ན་ཁྱེད་ཚོས་དམངས་གཙོའི་ལྟ་སྐུལ་དང་། ཆབ་སྲིད་གྲོས་མོལ། སྲིད་ཞུགས་སྲིད་གླེང་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་བློ་བསྡུས་དགེ་འཚོལ་དང་ཐབས་འདོན་ཇུས་འདོན་བྱེད་དགོས་པ་མ་ཟད། ད་དུང་རྩ་ཆེའི་བསམ་འཆར་མང་ཙམ་བཏོན་ནས《སྲིད་གཞུང་གི་ལས་དོན་སྙན་སྒྲོན》སྔར་བས་ཕུན་སུམ་ཚོགས་སུ་དང་འཐུས་སྒོ་ཚང་དུ་གཏོང་དགོས་ཞེས་གསུངས་པ་རེད།

    འཁྲུག་ཆ་ཤིན་ཏུ་དོད་པའི་བཞུགས་མོལ་ཚོགས་འདུའི་ཐོག་འཐུས་མི་36གིས་དུས་ཡུན་ཆུ་ཚོད་གསུམ་ལྷག་ཙམ་རིང་རང་རང་སོ་སོའི་བསམ་ཚུལ་ལྷུག་པོར་གླེང་ཞིང་། 2016ལོའི《སྲིད་གཞུང་གི་ལས་དོན་སྙན་སྒྲོན》(བསམ་འཆར་བསྡུ་ལེན་མ་ཟིན)ནང“ལོ་ལྔ་ཚན་བཅུ་གཉིས་པའི”ལས་དོན་ལ་ཕྱོགས་སྡོམ་བྱས་པ་དེ་དོན་དངོས་དང་མཐུན་ལ་ཆ་ཚང་བ་དང་། བདེན་པ་བདེན་ཐུབ། གྲངས་གཞི་ཞིབ་ཅིང་ཕྲ་བ་བཅས་ཡོད་པ་དང“ལོ་ལྔ་ཚན་བཅུ་གསུམ་པའི”ལས་དོན་བཀོད་སྒྲིག་བྱས་པ་དེ་ཀྲུང་དབྱང་གི་དགོངས་དོན་ལ་དམ་པོར་དམིགས་པ་དང་། བོད་ཀྱི་དོན་དངོས་དང་རྦད་དེ་མཐུན་པ། བསམ་ཕྱོགས་ཞིབ་ཅིང་ཕྲ་བ། དམིགས་ཚད་ཁ་གསལ་བ། གཙོ་གནད་མངོན་གསལ་དོད་པ། བྱེད་ཐབས་ནུས་ལྡན། མི་སེམས་རབ་ཏུ་འགུལ་བ་བཅས་ཡོད་ཅིང་། དེ་ཐོག་ནས་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱི་བསམ་འདུན་དང་རེ་སྒུག་གང་ལེགས་མཚོན་པ་མ་ཟད། ད་དུང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་སེམས་ཤུགས་གཅིག་ཏུ་བསྒྲིལ་ནས་བོད་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་དང་ཡུན་རིང་བདེ་འཁོད་ཡོང་བ་བྱ་རྒྱུར་སྐུལ་འདེད་གཏོང་བའི་འཐབ་ཇུས་འདོད་འདུན་དང་སྲ་ཞིང་བརྟན་པའི་ཆོད་སེམས་ཀྱང་མཚོན་པའི་ངོས་འཛིན་མགྲིན་གཅིག་ཏུ་གནང་བ་རེད།

    ཏེང་ཞའོ་ཀང་གིས་གཏམ་བཤད་ནན་ཏན་ངང་གསན་གྱིན་གཙོ་གནད་ཟིན་འགོད་གནང་བ་དང་སྦྲགས་འཐུས་མི་ཚོ་དང་དགོངས་འཆར་བརྗེ་རེས་ཀྱང་གནང་ཞིང་། ཚོགས་འདུ་གྲོལ་རྗེས་ཁོང་གིས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་འཐུས་མི་ཚོས་བཏོན་པའི་བསམ་འཆར་དང་གྲོས་འགོར་ཞིབ་འཇུག་ནན་ཏན་བྱེད་པ་དང་ཆབས་ཅིག་བསྡུ་ལེན་གང་ལེགས་བྱས་ནས་2016ལོའི《སྲིད་གཞུང་གི་ལས་དོན་སྙན་སྒྲོན》དེས“ལོ་ལྔ་ཚན་བཅུ་གསུམ་པའི”དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་འགན་གཙོ་བོར་དམ་པོར་དམིགས་ཐུབ་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན། ཏང་གི་བོད་སྐྱོང་ཇུས་ཆེན་བཅས་ཏན་ཏིག་མཚོན་ཐུབ་པ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བསམ་ཕྱོགས་གསར་པ་དང་། བསམ་གཞི་གསར་པ། བྱེད་ཐབས་གསར་པ་བཅས་ཏན་ཏིག་མཚོན་ཐུབ་པ། བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་བསམ་འདུན་དང་རེ་སྒུག་ཏན་ཏིག་མཚོན་ཐུབ་པ་བཅས་ཀྱི་འབད་བརྩོན་ལྷོད་མེད་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།

    མཇུག་ཏུ་ཏེང་ཞའོ་ཀང་གིས་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣས་སྲིད་གཞུང་གི་ལས་དོན་ལ་མུ་མཐུད་སེམས་ཁུར་དང་རྒྱབ་སྐྱོར་གྱིས་རང་ལྗོངས་ཀྱི་ཡུན་རིང་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་ཕྱིར་ཐབས་དང་ཇུས་འདོན་རྒྱུ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་གསར་རྩོམ་ཕྱིར་ལེགས་སྐྱེས་སྔར་བས་ཆེན་པོ་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

མཛའ་འབྲེལ་དྲ་བ།
010020070840000000000000011100001350009601