གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
  • ༄༅།། བོད་ ཀྱི་ སྦྲག་ སྲིད་ ལས་ རིགས་ འཕེལ་ རྒྱས་ མྱུར་ པོ་ བྱུང་ བ།

 
2016-01-12        གསར་འགྱུར་འབྱུང་ཁུངས། མི་དམངས་ཉིན་རེའི་ཚགས་པར།        འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།

    བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། 2015ལོའི་ཟླ་6ཚེས་10ཉིན་བོད་ཀྱི་སྦྲག་སྲིད་ཅུས་སུའོ་མེད་པའི་ཤང་གྲོང་565ཡི་སྦྲག་སྲིད་ཅུས་སུའོ་ཚང་མ་སྐྲུན་མཇུག་འགྲིལ་ནས་ལས་གཉེར་བྱེད་འགོ་ཚུགས་ཏེ་ལོ་ཕྱེད་ཀྱི་སྔ་སྣུར་དུ་བོད་ཀྱི་ཤང་གྲོང་རིམ་པར་སྦྲག་སྲིད་ཀྱིས་ཞབས་འདེགས་ཞུ་རྒྱུ་ཁྱོན་ཡོངས་ལ་ཁྱབ་པས་བོད་ཀྱི་རྫོང་མན་གྱི་ཞིང་འབྲོག་ཁུལ་དུ་སྦྲག་སྲིད་ཞབས་ཞུའི་སྒྲིག་གཞི་མེད་པའི་གནས་ཚུལ་ལ་རྦད་དེ་འགྱུར་ལྡོག་བྱུང་ཡོད་པ་རེད།

    སྔོན་དཔག་ལྟར་ན་2015ལོར་ལྗོངས་ཡོངས་ཀྱི་སྦྲག་སྲིད་ཁེ་ལས་དང་གཞི་ཁྱོན་ལྡན་པ་ཡན་གྱི་མྱུར་སྐྱེལ་ཞབས་ཞུའི་ཁེ་ལས་ཀྱི་ལས་སྒོའི་བསྡོམས་འབོར་རིམ་རྩིས་བྱས་ན་སྒོར་དུང་ཕྱུར་2.56ཟིན་ནས་དུས་མཚུངས་ལས་6.67%འཕར་རྒྱུ་དང་ལས་སྒོའི་ཡོང་འབབ(སྦྲག་སྲིད་གསོག་འཇོག་དངུལ་ཁང་གིས་ཐད་ཀར་ལས་གཉེར་བྱས་པའི་ཡོང་འབབ་ཚུད་མེད་པ)རིམ་རྩིས་བྱས་ན་སྒོར་དུང་ཕྱུར་3.98ཟིན་ནས་དུས་མཚུངས་ལས་1.27%འཕར་རྒྱུ་ཡིན་པ་རེད།

    “ལོ་ལྔ་ཚན་བཅུ་གཉིས་པའི”དུས་མཇུག་ཏུ་སླེབས་སྐབས་བོད་ཀྱི་སྦྲག་སྲིད་ལས་རིགས་ཀྱི་ལས་སྒོའི་བསྡོམས་འབོར་རིམ་རྩིས་བྱས་ན་སྒོར་དུང་ཕྱུར་2.98ཟིན་རྒྱུ་དང་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར་4.6ཟིན་རྒྱུ་ཡིན་ཞིང་།དེའི་ནང་མྱུར་སྐྱེལ་ལས་སྒོའི་བསྐུར་མ་སྐྱེལ་ཚད་ཁྲི་658.04ཟིན་པར་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར་2.02བྱུང་ནས“ལོ་ལྔ་ཚན་བཅུ་གཉིས་པའི”འཕེལ་རྒྱས་དམིགས་ཚད་ཚད་ལས་བརྒལ་བའི་ལེགས་གྲུབ་བྱུང་ཡོད་པ་རེད།

    ལོ་ལྔའི་རིང་བོད་ཀྱི་སྦྲག་སྲིད་དོ་དམ་སྡེ་ཚན་གྱིས་སྦྲག་སྲིད་ཀྱིས་རྨང་གཞིའི་སྒྲིག་བཀོད་ལ་ཡོངས་ཁྱབ་ཞབས་འདེགས་ཞུ་བ་དང་མཐའ་སྣེའི་ཞབས་ཞུའི་མ་ལག་བསྐྲུན་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་ཡོད། མིག་སྔའི་བར་སྦྲག་སྲིད་ཅུས(སུའོ)771ཟིན་པ་དང་། མཁའ་འགྲུལ་སྦྲག་ལམ་15བར་མང་དུ་ཕྱིན་པ། སྲིད་འཛིན་གྲོང་ཚོར་སྦྲག་སྲིད་ཁྱབ་ཚད་91.6%ཡན་ཟིན་པ། ལྗོངས་ཡོངས་ཀྱི་སྦྲག་སྲིད་ཅུས་སུའོ་མེད་པའི་ཤང་གྲོང་565ཡི་སྦྲག་སྲིད་ཅུས་སུའོ་ཚང་མ་སྐྲུན་མཇུག་འགྲིལ་ནས་ལས་གཉེར་བྱེད་འགོ་ཚུགས་པ་བཅས་ལས་ཤང་གྲོང་རིམ་པར་སྦྲག་སྲིད་ཀྱིས་ཡོངས་ཁྱབ་ཞབས་འདེགས་ཞུ་ཐུབ་ཡོད་པ་རེད།

    སྦྲག་སྲིད་མིན་པའི་མྱུར་སྐྱེལ་ཁེ་ལས་ཞབས་ཞུའི་དྲ་རྒྱ་རྒྱུན་ཆད་མེད་པར་འཐུས་ཚང་དུ་འགྲོ་བཞིན་ཡོད་པ་དང་2006ལོར་སྦྲག་སྲིད་མྱུར་སྐྱེལ་ཁེ་ལས་ཀྱི་ལས་གཉེར་དྲ་ཚིགས་གཅིག་ལས་མེད་པ་ནས་ད་ཆ་ཁྱོན་སྤུས་རྟགས་མྱུར་སྐྱེལ་ཁེ་ལས་21དང་ལས་གཉེར་དྲ་ཚིགས་182བར་འཕེལ་རྒྱས་བྱུང་སྟེ་ལྗོངས་ཡོངས་ཀྱི་གྲོང་ཁྱེར(ས་ཁུལ)7དང་རྫོང་27ལ་ཁྱབ་ཐོག་མྱུར་སྐྱེལ་ཁེ་ལས་གཞི་རིམ་དུ་ཕྱོགས་པའི་རྣམ་པ་རྒྱུན་ཆད་མེད་པར་ལེགས་སུ་འགྲོ་བཞིན་ཡོད་པ་རེད། སྦྲག་སྲིད་ཡོངས་ཁྱབ་ཞབས་ཞུ་དོ་སྙོམས་ཅན་དང་མྱུར་སྐྱེལ་ལས་དོན་གཞི་རིམ་དུ་བརྟན་པོའི་ངང་སྤེལ་བཞིན་ཡོད་པ་དེས་རྒྱ་ཆེའི་མི་དམངས་མང་ཚོགས་ཚོའི་སྦྲག་སྤྱོད་ཁོར་ཡུག་ལེགས་སུ་ཆེས་ཆེར་ཕྱིན་ནས་སྦྲག་སྲིད་ལས་རིགས་ཀྱིས“ཞིང་གསུམ”ལ་ཞབས་འདེགས་ཞུ་བ་དང་ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ལ་ཕན་པ་འདོགས་ཕྱིར་རྨང་གཞི་བརྟན་པོ་བཏིང་ཡོད་པ་རེད།

མཛའ་འབྲེལ་དྲ་བ།
010020070840000000000000011100001350009631