གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
  • ༄༅།། བོད་ དུ་ མི་ བརྒྱ་ ཡི་ ནང་ ཁ་ པར་ སྤྱོད་ མཁན་ 97ཡོད་ པ།

 
2016-01-13        གསར་འགྱུར་འབྱུང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།        འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། 2015ལོའི་ཟླ་12ཟླ་མཇུག་བར་བོད་དུ་ཁ་པར་སྤྱོད་མཁན་ཁྱོན་ཁྲི་308.5ཟིན་ནས་ཁ་པར་ཁྱབ་ཚད་དེ“ལོ་ལྔ་ཚན་བཅུ་གཅིག་པའི”དུས་མཇུག་གི་མི་བརྒྱ་ཡི་ནང་ཁ་པར་སྤྱོད་མཁན་70ནས་97བར་མང་དུ་ཕྱིན་ཏེ་མིག་སྔར་སྒུལ་བདེའི་འཕྲིན་གཏོང་བརྡ་རྟགས་བོད་ཀྱི་སྲིད་འཛིན་གྲོང་ཚོ་ཡོངས་སུ་ཁྱབ་ཡོད་པ་རེད། གསར་འགོད་པར་བོད་ལྗོངས་ཆ་འཕྲིན་འཕྲིན་གཏོང་ལྟ་སྐུལ་དོ་དམ་ལས་དོན་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་བོད་ཀྱི་འོད་སྐུད་ཀྱི་རིང་ཚད་སྤྱི་ལེ་ཁྲི་11.4ཟིན་པ་དེ“ལོ་ལྔ་ཚན་བཅུ་གཅིག་པའི”དུས་མཇུག་ལས་ལྡབ་2རིང་དུ་སོང་ཡོད་པ་རེད། སྒུལ་བདེའི་འཕྲིན་གཏོང་སྦྲེལ་ཚུགས་ཁྲི་1.6ཡོད་པ་དེ“ལོ་ལྔ་ཚན་བཅུ་གཅིག་པའི”དུས་མཇུག་ལས་ལྡབ་2.5མང་དུ་ཕྱིན་ཡོད་ཅིང་། ལོ་ལྔའི་རིང་སྒུལ་བདེའི་ཁ་པར་ཁྱབ་ཚད་དེ་མི་བརྒྱ་ཡི་ནང་ཁ་པར་སྤྱོད་མཁན་55ནས་86.1བར་མང་དུ་ཕྱིན་ཡོད་པ་རེད།

    བོད་རང་སྐྱོང་ལྗོངས་འཕྲིན་གཏོང་དོ་དམ་ཅུས་ཀྱི་ཅུས་ཀྲང་ཆིང་ཆི་ཡིས“ལོ་ལྔ་ཚན་བཅུ་གཉིས་པའི”རིང་། བོད་ཀྱིས་འཕྲིན་གཏོང་གྲོང་ཚོ་ཀུན་ཁྱབ་འདུ་འགོད་དང་། སྒུལ་བདེའི་དྲ་བ་ཁྱོན་ཡོངས་ལ་ཁྱབ་པའི་འདུ་འགོད། འཕྲལ་སྡོམ་འཕྲིན་གཏོང་འདུ་འགོད། དྲ་ཆེན་འཕྲིན་གཏོང་འདུ་འགོད། མཐའ་མཚམས་སུ་འཕྲིན་གཏོང་ཁྱབ་པའི་འདུ་འགོད་སོགས་ཀྱི་གཙོ་གནད་རྣམ་གྲངས་ལག་ལེན་བསྟར་བ་བརྒྱུད། ཆ་འཕྲིན་འཕྲིན་གཏོང་ལས་རིགས་ལ་ཁྱོན་གཏན་འཇགས་རྒྱུ་ནོར་གྱི་མ་རྩ་སྒོར་དུང་ཕྱུར་103བཏང་ཡོད་པ་དེ“ལོ་ལྔ་ཚན་བཅུ་གཅིག་པ”ལས་68%མང་དུ་ཕྱིན་ཡོད། གྲོང་གསེབ་ཀྱི་འཕྲིན་གཏོང་གྱོང་གུན་ཁ་གསབ་བྱ་ཆེད། འཕྲིན་གཏོང་དོ་དམ་ཅུས་ཀྱིས་ཁེ་ལས་ལ་ལོ་ལྟར་སྒོར་ཁྲི་7000ཡི་འཕྲིན་གཏོང་འཕེལ་རྒྱས་ཀྱི་ཆེད་དམིགས་མ་དངུལ་བརྩོན་ལེན་བྱེད་ཀྱི་ཡོད་ཅེས་བརྗོད།

    གསར་འགོད་པར་ཤེས་རྟོགས་བྱུང་གསལ། གློག་འཕྲིན་གཉེར་སྐྱོང་ཚན་པ་ཁག་གིས་གཏན་འཇགས་ཁ་པར་གྱི་དྲ་བ་དང་། སྒུལ་བདེའི་Gདྲ་Cདྲ། སྲུང་སྐར་འཕྲིན་གཏོང་དྲ་བ་སོགས་འཕྲིན་གཏོང་ལག་རྩལ་གྱི་བྱ་ཐབས་སྣ་ཚོགས་བརྒྱུད་དེ“སྒུལ་བདེའི་འཕྲིན་གཏོང་ཡོངས་སུ་ཁྱབ་པའི”འདུ་འགོད་ལག་ལེན་བསྟར་བ་བརྒྱུད། ལྗོངས་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ་5261ལ་སྒུལ་བདེའི་འཕྲིན་གཏོང་བརྡ་རྟགས་ཁྱབ་པ་བྱས་པ་དང་། ཤང་གྲོང་668ལ་འོད་སྐུད་ཁྲིད་ནས་ཤང་གྲོང་དུ་འོད་སྐུད་ཁྲིད་ཚད་100%ཟིན་ཡོད་པ་རེད། “2016ལོར་གློག་འཕྲིན་གཉེར་སྐྱོང་ཚན་པ་ཁག་གིས་སྲིད་འཛིན་གྲོང་ཚོར་སྒུལ་བདེའི་འཕྲིན་གཏོང་ཁྱོན་ཡོངས་ཁྱབ་པ་བྱེད་པའི་རྨང་གཞིའི་ཐོག་རིམ་པས་རང་བྱུང་གྲོང་ཚོར་རྒྱ་བསྐྱེད་བཏང་ནས་ཆ་རྐྱེན་འཛོམས་པའི་རང་བྱུང་གྲོང་ཚོ་300ལ་སྒུལ་བདེའི་འཕྲིན་གཏོང་ཁྱབ་པ་བྱ་རྒྱུ་རེད། འཕྲིན་གཏོང་དོ་དམ་ཅུས་ཀྱིས་ད་དུང་གློག་འཕྲིན་ཡོངས་ཁྱབ་ཞབས་ཞུའི་ཁ་གསབ་ལམ་སྲོལ་ལ་སྐུལ་འདེད་ཧུར་ཐག་བཏང་ནས་ཞིང་འབྲོག་ཁུལ་གྱི་འཕྲིན་གཏོང་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཡིན”ཞེས་ཆིང་ཆི་ཡིས་བརྗོད།

མཛའ་འབྲེལ་དྲ་བ།
010020070840000000000000011100001350049551