གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
  • ༄༅།། 2015ལོར་ ཆབ་ མདོའི་ དཔལ་ འབྱོར་ གྱི་ སྤྱི་ འབོར་ སྒོར་ དུང་ ཕྱུར་ 136ལས་ བརྒལ་ བ།

 
2016-01-13        གསར་འགྱུར་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།        འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།

    2015ལོར་ཆབ་མདོ་གྲོང་ཁྱེར་གྱིས་བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་ཀྱིས“སྟོབས་ཆེའི་བཟོ་ལས་ཀྱིས་གྲོང་ཁྱེར་དར་རྒྱས་གཏོང་བ་དང་། ཤར་ནུབ་འཕེལ་རྒྱས་གཏོང་བ། རྟེན་གཞི་འཛུགས་སྐྲུན་བྱེད་པ། རྨང་གཞི་གསུམ་བརྟན་དུ་གཏོང་བ”བཅས་ཀྱི་འཕེལ་རྒྱས་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱས་ཏེ་འཕར་རྒྱུ་བརྟན་པོ་དང་། གྲུབ་ཆ་ལེགས་སྒྲིག སྒྱུར་བཅོས་ལ་སྐུལ་འདེད། དམངས་འཚོར་ཕན་འདོགས་པ། བརྟན་ལྷིང་སྲུང་སྐྱོང་བཅས་ཀྱི་སྲིད་ཇུས་དང་བྱ་ཐབས་རབ་དང་རིམ་པ་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་པས་སྔོན་དཔག་བྱས་ན་གྲོང་ཁྱེར་དེ་ཡོངས་ཀྱི་ཐོན་སྐྱེད་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་136ཟིན་ཏེ་དུས་མཚུངས་ལས་16.1%འཕར་ནས་ལོ་འཁོར་གྱི་དམིགས་ཚད་ལས་འགན་ཚད་བརྒལ་ལེགས་གྲུབ་ཐུབ་སྟེ“ལོ་ལྔ་ཚན་བཅུ་གཉིས་པའི”མཇུག་འགྲིལ་ལས་དོན་ཕུན་སུམ་ཚོགས་པོའི་ངང་གྲུབ་ཡོད།

    དཔལ་འབྱོར་གྱི་སྟོན་རྟགས་གཙོ་བོ་རྒྱུན་མཐུད་མྱུར་པོའི་ངང་འཕར་ཞིང་། སྔོན་དཔག་བྱས་ན་2015ལོར་གྲོང་ཁྱེར་དེ་ཡོངས་ཀྱི་ཐོན་སྐྱེད་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་136ཟིན་ཏེ་དུས་མཚུངས་ལས་16.1%འཕར་བའི་ནང་། ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར་21.6དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར་55.2 ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར་59.2བཅས་ཟིན་ཡོད། གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད་སྒོར་དུང་ཕྱུར་172ཟིན་པ་དང་། སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་པོའི་སིལ་ཚོང་སྤྱི་འབོར་སྒོར་དུང་ཕྱུར་38.5ཟིན་པ། སྤྱི་པའི་ནོར་སྲིད་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་10.2ཟིན་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་ཡུལ་མིའི་མི་རེའི་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྔོན་དཔག་བྱས་ན་སྒོར་ཁྲི་2.15ཟིན་རྒྱུ། གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྔོན་དཔག་བྱས་ན་སྒོར་7650ཟིན་རྒྱུ་བཅས་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད་2.5%ནང་ཚུན་དུ་ཚོད་འཛིན་ཐུབ་པ་དང་གྲོང་མིའི་འཛད་སྤྱོད་རིན་གོང་གི་སྟོན་གྲངས་དེ་103.5ནང་ཚུན་དུ་ཚོད་འཛིན་ཐུབ་པ་བཅས་རེད།

    མ་འཇོག་སྐུལ་ཁྲིད་ཀྱི་ཕན་འབྲས་མངོན་གསལ་དོད་པ་དང་ཐོན་ལས་གསར་སྤེལ་འཕེལ་རྒྱས་འགྲོ་ཚུལ་མགྱོགས་ཤིང་། རྒྱལ་ལམ་317ལམ་རྒྱུད་ཀྱི་སྔས་ལ་དང་འབྲུག་མགོ་ལའི་ཕུག་ལམ་སོགས་འགྲིམ་འགྲུལ་རྣམ་གྲངས་གལ་ཆེན་བསྐྲུན་མགྱོགས་སུ་བཏང་བ་དང་། ལོ་ཧྲིལ་པོར་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཚད་སྤྱི་ལེ་650གསར་དུ་བསྣན་པ། གཙོ་རྐང་གློག་དྲ་དང་ལེ་ལག་ཚང་བའི་གློག་དྲ་འཛུགས་སྐྲུན་དང་སྒྱུར་བཀོད་ལ་སྐུལ་འདེད་མགྱོགས་མྱུར་བཏང་བས་མི་ཁྲི་11.2ཀྱི་གློག་གི་གནད་དོན་ཐག་གཅོད་ཐུབ་ཡོད། ཞིང་ནང་ཆུ་འདྲེན་རྒྱ་ཁྱོན་4.43གསར་སྣོན་དང་ལེགས་བཅོས་བྱས་པ་དང་། ཤང་དང་གྲོང་རྡལ་དུ་འོད་སྐུད་ཤར་གཏོང་ཐུབ་ཚད་98%ཟིན་པ། སྲིད་འཛིན་གྲོང་ཚོར་དྲ་ཆེན་ཤར་གཏོང་ཐུབ་ཚད་80%ཟིན་པ་བཅས་རེད། འབྲུ་རིགས་ཐོན་ཚད་ཏུན་ཁྲི་18ནས་མི་ཆག་པ་དང་ཞིང་འབྲོག་ལས་ཐོན་ལས་ཅན་གཉེར་སྐྱོང་བྱེད་ཚད་40%ཟིན་ཞིང་། མགོ་རྡོག་དང་བརྗོད་པའི་གློག་ཁང་གི་འཕྲུལ་ཙུའུ་ཐོག་མ་དེ་ནས་གློག་གཏོང་འགོ་ཚུགས་པ་དང་། གཡུ་ལུང་ཟངས་གཏེར་གྱི་དུས་ཐེངས་གཉིས་པའི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད། ཡུལ་སྐོར་བ་མི་ཐེངས་ཁྲི་145སྣེ་ལེན་ཞུས་པར་ཡོང་འབབ་སྒོར་དུང་ཕྱུར་11.8བྱུང་ཡོད། གྲོང་ཁུལ་རྙིང་པ་ཁྱོན་ཡོངས་ནས་སྒྱུར་བཀོད་བྱེད་འགོ་ཚུགས་པ་དང་། ཤང་དང་གྲོང་རྡལ་གྱི་ལས་བྱེད་ལས་བཟོའི་ལས་ཤག་9861ལས་འགོ་བཙུགས་པ། སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད་ལས་གྲྭའི་འཕེལ་རིམ་བདེ་བླག་ཡོད་པ། ཁུལ་གསར་གསར་སྤེལ་ལ་གཞི་ཁྱོན་རགས་ཙམ་ཆགས་ཏེ་གྲོང་ཁྱེར་དང་གྲོང་རྡལ་དུ་འགྱུར་ཚད་15%ཟིན་པ་བཅས་རེད།

    སྤྱི་ཚོགས་བྱ་གཞག་ཁྱོན་ཡོངས་ནས་ཡར་རྒྱས་སོང་ཞིང་། མ་དངུལ་སྣ་ཚོགས་སྒོར་དུང་ཕྱུར་74.5བསྡུ་སྒྲིལ་གྱིས“དམངས་འཚོའི་འདུ་འགོད་བཅུ་གཉིས”མུ་མཐུད་ལག་བསྟར་བྱས་ནས་མང་ཚོགས་དབུལ་པོ་ཁྲི་2.5ཡི་དབུལ་སྒྲོལ་དང་འཕེལ་རྒྱས་གནད་དོན་ཐག་གཅོད་ཡག་པོ་བྱས་ཡོད། སློབ་གསོའི་རྨང་གཞི་འཛུགས་སྐྲུན་གྱི་གསར་སྐྲུན་དང་མཐུད་འཛུགས་རྣམ་གྲངས་105ལག་བསྟར་བྱས་པ་དང་། “སྐད་གཉིས”སློབ་གསོ་གཏོང་ཤུགས་ཆེ་རུ་ཤུགས་ཆེན་བཏང་བ། ལས་རིགས་སློབ་གསོར་སྐུལ་འདེད་བརྟན་པོ་བཏང་བས་དུས་མཚམས་ཁག་གི་སློབ་ཞུགས་བྱེད་ཚད་ཤུགས་ཆེན་འཕར་ཡོད། ཤང་དང་གྲོང་རྡལ་གྱི་རིག་གནས་ས་ཚིགས་93གྱི་སྒྲིག་ཆས་སྒྲིག་སྦྱོར་དང་གྲངས་་གཞིའི་འདུ་འགོད་ལག་བསྟར་བྱས་པ་དང་། གཙང་གསུམ་ཇ་རྟའི་ཚང་ལམ་གྱི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་དང་པོ་གྲུབ་འབྲས་ཐོབ་པའི་ངང་གཉེར་ཡོད། གྲོང་ཁྱེར་མི་དམངས་སྨན་ཁང་ཕྱི་བཅོས་ཚན་ཁག་གི་ཐོག་བརྩེགས་ཁང་ཆེན་སོགས་རྣམ་གྲངས་བསྐྲུན་ཚར་ནས་སྤྱོད་འགོ་ཚུགས་པ་དང་། ཚད་ལྡན་གྱི་ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་29བསྐྲུན་མགྱོགས་སུ་བཏང་སྟེ་ཤང་གྲོང་ཚང་མར་གོ་ཆོད་སྨན་པ་2རེ་ཡོད་པ་དང་གྲོང་མི་ཨུ་ལྷན་ཚང་མར་གྲོང་ཚོའི་སྨན་པ་1རེ་ཡོད་པ་བྱས་ཡོད། ལས་གནས་3786གསར་སྤེལ་བྱས་ཏེ་གྲོང་ཁྱེར་དང་གྲོང་རྡལ་དུ་མི་4639གསར་དུ་ལས་ཞུགས་ཐུབ་པ་བྱས་པ་དང་། རྒན་གསོ་ཁང་དུ་ཡོང་འདོད་ཡོད་པའི་འགན་ལེན་ལྔའི་རྒན་རྒོན་དང་དྭ་ཕྲུག་ཚང་མ་གཅིག་སྡུད་བསྙེན་བཀུར་གསོ་སྐྱོང་ཐུབ་པ་བྱས་ཡོད་པ་རེད།

    འཕེལ་རྒྱས་ཀྱི་གསོན་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ་སྤྱི་ཚོགས་ཀྱི་དུས་བབ་ཞི་མཐུན་བརྟན་ལྷིང་ཡོང་བ་བྱས་ཤིང་། ས་ཞིང་དང་། སློབ་གསོ། རིག་གནས། འཕྲོད་བསྟེན། ནོར་ཁྲལ་དངུལ་རྩ་སོགས་གཙོ་གནད་ཁྱབ་ཁོངས་སྒྱུར་བཅོས་ལ་སྐུལ་འདེད་བརྟན་པོ་བཏང་བ་དང་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་དང་རྩྭ་ར་འགན་ལེན་དབང་ཆ་ཐོ་འགོད་འཛིན་སྤྲོད་ཚོད་ལྟའི་ལས་དོན་ཁྱོན་ཡོངས་ནས་འགོ་བཙུགས་ཡོད། ཕྱི་ཕྱོཌ་དང་སྤེལ་རེས་མཉམ་ལས་བྱེད་རྒྱ་སྔར་བས་ཆེ་རུ་བཏང་སྟེ་ཚོང་འགུགས་མ་འདྲེན་སྒོར་དུང་ཕྱུར་23.1བྱས་ཡོད། ལོ་ཧྲིལ་པོར་བོད་སྐྱོར་རྣམ་གྲངས་68ལག་བསྟར་བྱས་པ་དང་བོད་སྐྱོར་མ་དངུལ་སྒོར་དུང་ཕྱུར་5.2དོན་འཁྱོལ་བྱས་ཡོད། སྣོད་བཅུད་ཁོར་ཡུག་རྒྱུན་མཐུད་ལེགས་སུ་སོང་སྟེ་ནགས་བཟོ་སྔོ་འགྱུར་མུའུ་ཁྲི་13.2བྱས་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་སྔོ་འགྱུར་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་10.2ཆེ་རུ་བཏང་ཡོད། སྤྱི་ཚོགས་དོ་དམ་ལ་ཟམ་མི་ཆད་པར་ཤུགས་སྣོན་བརྒྱབ་ཅིང་། གཙོ་གནད་ས་ཁུལ་གཙོ་གནད་ཐོག་བཅོས་སྒྲིག་བྱས་པར་ཕན་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་འགལ་ཟླ་དང་རྩོད་གཞི་གྲལ་བཤེར་དང་འདུམ་འགྲིག་ནུས་ལྡན་བྱས་པའི་ཁར་སྤྱི་ཚོགས་དོ་དམ་ཞབས་ཞུའི་ནུས་པ་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ་དང་བདེ་འཇགས་ཐོན་སྐྱེད་དུས་བབ་བརྟན་པོ་རྒྱུན་འཁྱོངས་ཐུབ་སྟེ་སྤྱི་ཚོཌ་ཀྱི་དུས་བབ་ཞི་མཐུན་བརྟན་ལྷིང་བྱུང་བ་རེད།

མཛའ་འབྲེལ་དྲ་བ།
010020070840000000000000011100001350049591