གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
  • ༄༅།། ཡོངས་ འཛིན་ ཞེས་ པའི་ བོད་ ཡིག་ གི་ བཤེར་ འཚོལ་ ཡོ་ བྱད་ ནང་ ཁུལ་ དུ་ ཚད་ ལེན་ ཚོད་ ལྟ་ བྱེད་ འགོ་ ཚུགས་ པ།

 
2016-01-13        གསར་འགྱུར་འབྱུང་ཁུངས། མི་དམངས་ཉིན་རེའི་ཚགས་པར།        འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།

    11ཉིན་གསར་འགོད་པས་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་ནས་ཤེས་རྟོགས་བྱས་པར། ལྟེ་གནས་དེས་གསར་སྤེལ་བྱས་པའི“ཡོངས་འཛིན”ཞེས་པའི་བོད་ཡིག་གི་བཤེར་འཚོལ་ཡོ་བྱད་མིག་སྔར་ནང་ཁུལ་དུ་ཚད་ལེན་ཚོད་ལྟ་བྱེད་འགོ་འཛུགས་པ་དང་། སྔོན་དཔག་བྱས་ན་2016ལོའི་ལོ་སྨད་དུ་དངོས་སུ་འདོན་རྒྱུ་རེད།

    “ཡོངས་འཛིན”ཞེས་པའི་བོད་ཡིག་གི་བཤེར་འཚོལ་ཡོ་བྱད་རྣམ་གྲངས་ཀྱི་འགན་འཁུར་བ་མཚོ་ལྷོ་ཀྲོའུ་བོད་སྐད་ཡིག་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཚེ་བློ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན།མཚོ་སྔོན་གྱི“ལོ་ལྔ་ཚན་བཅུ་གཉིས་པའི”འཆར་འགོད་ཀྱི་གཙོ་གནད་རྣམ་གྲངས་ཡིན་པའི་བོད་ཡིག་ཆ་འཕྲིན་ཅན་དུ་སྒྱུར་བའི་རྣམ་གྲངས“ཡོངས་འཛིན”ཞེས་པའི་བོད་ཡིག་གི་བཤེར་འཚོལ་ཡོ་བྱད་དེ་2013ལོའི་ཟླ་བ་བཞི་པར་བཟོ་འགོ་ཚུགས་པ་དང་མིག་སྔར་དྲ་ངོས་དང་། པར་རིས། གསར་འགྱུར་སོགས་རྩ་བའི་ཆ་ནས་གྲུབ་ཡོད་པ་རེད།

    “མི་150ལྷག་ཙམ་ལས་གྲུབ་པའི་ཚན་ཞིབ་ཚོགས་པས་ལོ་གཉིས་འགག་སྒྲོལ་བྱས་པ་བརྒྱུད། མིག་སྔར་བོད་ཡིག་གཞི་གྲངས་མཛོད་བསྐྲུན་རྒྱུ་རྩ་བའི་ཆ་ནས་ལེགས་གྲུབ་བྱུང་བ་དང་བོད་ཡིག་གི་བཤེར་འཚོལ་ཡོ་བྱད་ཀྱི་སྲོག་ཤིང་ལག་རྩལ་ཞིག་ཡིན་པའི་བོད་ཡིག་གི་མིང་ཚིག་དབྱེ་ཕྲལ་ལག་རྩལ་ཐད་ལའང་ཚད་བརྒལ་བྱུང་ཡོད”ཅེས་ཚེ་བློ་ཡིས་བཤད་པ་རེད།

མཛའ་འབྲེལ་དྲ་བ།
010020070840000000000000011100001350049741