གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
  • ༄༅།། བོད་ ལྗོངས་ ཀྱིས་ འདས་ ཟིན་ པའི་ ལོ་ དྲུག་ ནང་ སློབ་ གསོར་ མ་ དངུལ་ སྒོར་ དུང་ ཕྱུར་ 600ལྷག་ བཏང་ བ།

 
2016-01-13        གསར་འགྱུར་འབྱུང་ཁུངས། ཀྲུང་གོ་བོད་སྐད་རླུང་འཕྲིན་དྲ་བ།        འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།

    བསྡོམས་རྩིས་གྲངས་གཞི་གསར་ཤོས་ལས་མངོན་པར། འདས་ཟིན་པའི་ལོ་དྲུག་ནང་། བོད་ལྗོངས་ཀྱིས་སློབ་གསོར་མ་དངུལ་གཏོང་བའི་འགན་སྲུང་ནུས་པ་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད་པ་དང་། ནོར་སྲིད་ཀྱིས་སློབ་གསོར་སྤྱིའི་མ་འཇོག་བྱེད་ཚད་སྒོར་དུང་ཕྱུར་600ལས་བརྒལ་ཡོད་པས། བོད་ལྗོངས་ཀྱི་སློབ་གསོས་དེང་རབས་ཅན་གྱི་ཕྱོགས་སུ་གོམ་སྟབས་སྤོ་རྒྱུར་སྐུལ་འདེད་ཤུགས་ཆེན་ཐེབས་ཡོད་པ་རེད།

    སློབ་གསོར་མ་འཇོག་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་ཕྱིན་པའི་རྐྱེན་གྱིས། བོད་ལྗོངས་ཀྱིས་སྤྱི་ལོ་2012ལོར་རྒྱལ་ཡོངས་ཀྱི་སྔོན་ལ་ཞིང་ལྗོངས་ནང་ཁུལ་དུ་གླ་རིན་རྩ་ཆག་གི་ལོ་15ཡི་སློབ་གསོ་མངོན་འགྱུར་བྱུང་ཡོད་པ་དང་། དེའི་ཐོག་སྤྱི་ལོ་1985ལོ་ནས་བཟུང་རྒྱལ་ཁབ་ཀྱིས་བོད་ལྗོངས་ཀྱི་ཞིང་འབྲོག་མང་ཚོགས་ཀྱི་བུ་ཕྲུག་འོས་འགན་སློབ་གསོ་མྱོང་རིང་ཟས་གོས་དང་སློབ་རིན་བཅས་འགན་ལེན་བྱེད་པའི་འགན་ལེན་གསུམ་གྱི་སྲིད་ཇུས་ལག་བསྟར་བྱས་ཡོད་པས། དེས་ཞིང་འབྲོག་མང་ཚོགས་ཀྱིས་བུ་ཕྲུག་སློབ་གྲྭར་སྐྱེལ་བའི་ཧུར་བརྩོན་རང་བཞིན་ལ་སྐུལ་སློང་ནུས་ལྡན་ཐེབས་ཡོད་པ་རེད།

    སྤྱི་ལོ་2015ལོའི་སྟོན་ཁའི་སློབ་དུས་ཀྱི་སློབ་འགོ་ཚུགས་པ་ནས་བཟུང་། བོད་ལྗོངས་ཀྱིས་ལོ་རེར་སློབ་མ་རེར་འགན་ལེན་གསུམ་གྱི་ཚད་གཞི་དེ་སྒོར་3000ཟིན་ཡོད་པ་རེད། བསྡོམས་རྩིས་རྒྱབ་པར་གཞིགས་ན། སྤྱི་ལོ་2015ལོར། བོད་ལྗོངས་ཀྱིས་ལོ་ཧྲིལ་པོར་སྔོན་དཔག་བྱས་ན་འགན་ལེན་གསུམ་གྱི་མ་དངུལ་སྒོར་དུང་ཕྱུར་15དང་བྱེ་བ་5དོན་འཁྱོལ་བྱས་ཡོད་པ་དང་། ཕན་པ་ཐོབ་པའི་སློབ་མ་མིའི་ཐེངས་གྲངས་ལྔ་འབུམ་ཉིས་ཁྲི་ལྔ་སྟོང་བཞི་བརྒྱ་ཟིན་ཡོད་པ་རེད།

    ལོ་ལྔ་ཚན་གྱི་འཆར་འགོད་བཅུ་གཉིས་པའི་རིང་། བོད་ལྗོངས་ཀྱི་ལྗོངས་ཡོངས་སུ་བུ་བཅོལ་ཁང་119ནས་882བར་མང་དུ་ཕྱིན་པ་དང་། བུ་བཅོལ་ཁང་ནང་བཅུག་ཚད་བརྒྱ་ཆ་61དང་གྲངས་ཆུང་47ཟིན་ཡོད་པ་རེད། འོས་འགན་སློབ་གསོའི་དུས་མཚམས་སྔར་བས་བརྟན་དུ་ཕྱིན་པ་དང་། མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་སློབ་གྲྭར་ཞུགས་པའི་སློབ་མ་ཁྱོན་བརྒྱ་ཆ་74དང་གྲངས་ཆུང་47ཟིན་ཡོད་པ་རེད། གཞན་ཡང་། བོད་ལྗོངས་ཀྱི་མཐོ་རིམ་སློབ་གསོར་འབུམ་རམས་པའི་སློབ་གནས་སྤྲོད་ཐུབ་མཁན་མེད་པའི་རྣམ་པ་ལས་འགག་གཏོར་བྱུང་ཡོད་པ་རེད།

མཛའ་འབྲེལ་དྲ་བ།
010020070840000000000000011100001350050241