གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
  • ༄༅།། བོད་ ལྗོངས་ དམངས་ སྤྱོད་ མཁའ་ འགྲུལ་ གྱིས་ སྐྱེལ་ འདྲེན་ བྱེད་ ཚད་ མི་ ཐེངས་ ཁྲི་ 1300ལྷག་ ཙམ་ ཟིན་ པ་ དེ ལོ་ ལྔ་ ཚན་ བཅུ་ གཉིས་ པའི དུས་ མཚུངས་ ལས་ ལྡབ་ གཅིག་ ཡན་ འཕར་ བ།

 
2016-01-14        གསར་འགྱུར་འབྱུང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།        འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་1 ཚེས་12ཉིན་ཆེད་དོན་གློག་འཕྲིན་འབྱོར་གསལ། གསར་འགོད་པས་བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་ཅུས་ནས་ཤེས་རྟོགས་བྱས་པར། “ལོ་ལྔ་ཚན་བཅུ་གཉིས་པ”ཡི་ཚུན་དུ། བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་གྱིས་རིམ་རྩིས་བྱས་ན་ཡུལ་སྐོར་བ་མི་ཐེངས་ཁྲི་1359སྐྱེལ་འདྲེན་བྱས་པ་དེ“ལོ་ལྔ་ཚན་བཅུ་གཅིག་པའི”དུས་མཚུངས་དང་བསྡུར་ན་123.1%འཕར་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད་པ་རེད།

    “ལོ་ལྔ་ཚན་བཅུ་གཉིས་པ”ཡི་ཚུན་དུ། བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་གྱིས་མཁའ་འགྲུལ་ཀུང་སི་5གསར་དུ་ནང་འདྲེན་བྱས་པ་དང་། མཁའ་ལམ་42གསར་དུ་བསྣན་པ། གནམ་གྲུ་ཤར་གཏོང་ཐུབ་པའི་གྲོང་ཁྱེར་23མང་དུ་ཕྱིན་པ། རིམ་རྩིས་བྱས་ན། ཡུལ་སྐོར་བ་མི་ཐེངས་ཁྲི་1359སྐྱེལ་འདྲེན་བྱས་པ་དང་། དངོས་ཟོག་དང་སྦྲག་ཐོག་བསྐུར་མ་དབོར་འདྲེན་བྱས་ཚད་ཏུན་ཁྲི་10.5ཟིན་པ། གནམ་གྲུ་ཁྲི་13.1བདེ་བླག་ངང་འབབ་འཕུར་ཐུབ་པ་བཅས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རོགས་སྐྱོར་ནུས་ལྡན་བྱས་ཡོད་པ་རེད།

    2015ལོར། བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་གྱིས་ལྷ་ས་ནས་དར་རྩེ་མདོ་དང་ཁྲེང་ཏུའུ་བར་དང་། ཉིང་ཁྲི་ནས་ཀོང་ཀྲོའུ་བར། ཉིང་ཁྲི་ནས་པེ་ཅིང་བར། མངའ་རིས་ནས་ཝུའུ་ལུའུ་མུའུ་ཆི་བར་བཅས་ཀྱིས་མཚོན་པའི་མཁའ་ལམ་13གསར་དུ་བཏོད་པ་དང་། མཁའ་ལམ་ཤར་གཏོང་ཐུབ་པའི་གྲོང་ཁྱེར་7མང་དུ་ཕྱིན་པ། གནམ་གྲུ་གཏོང་ཐེངས་དང་། ཡུལ་སྐོར་བ་སྐྱེལ་འདྲེན་བྱས་ཚད། དངོས་ཟོག་དང་སྦྲག་ཐོག་བསྐུར་མ་དབོར་འདྲེན་བྱས་ཚད་བཅས་ཐེངས་ཁྲི་3.6དང་། མི་ཐེངས་ཁྲི་363 ཏུན་ཁྲི་2.9བཅས་སོ་སོ་ཟིན་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད་པ་རེད།

    “ལོ་ལྔ་ཚན་བཅུ་གསུམ་པའི”རིང་བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་གྱིས་གནམ་གྲུ་ཐང་གི་བཀོད་པ་སྔར་བས་མགྱོགས་ལ་མྱུར་བའི་སྒོ་ནས་འཐུས་ཚང་དུ་གཏོང་བ་དང་། མཁའ་འགྲུལ་དོ་དམ་གྱི་འགན་སྲུང་ནུས་པ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། མཁའ་ལམ་དྲ་རྒྱ་རྒྱ་སྐྱེད་ཧུར་ཐག་གཏོང་བ། མཁའ་འགྲུལ་མིན་པའི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་བཅས་བྱས་ནས“མ་ལམ་གཙོ་བོར་བྱེད་པ་དང་། ཟུར་ལམ་འདེགས་སྐྱོར་དུ་བྱེད་པ། མ་ལམ་དང་ཟུར་ལམ་ཟུང་འབྲེལ་བྱེད་པ། ཟུང་སྦྲེལ་དམ་ཚགས་བྱེད་པ”བཅས་ཀྱི་སྐྱེལ་འདྲེན་གནམ་ཐང་གི་བཀོད་པ་ཡག་པོ་ཞིག་རིམ་གྱིས་ཆགས་པ་བྱ་རྒྱུ་ཡིན་པ་རེད།

མཛའ་འབྲེལ་དྲ་བ།
010020070840000000000000011100001350089131