གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
  • ༄༅།། བོད་ ལྗོངས་ ནག་ ཆུ་ ས་ ཁུལ་ ཨ་ མདོ་ རྫོང་ དུ་ ས་ ཡོམ་ རིམ་ པ་ 5.3བརྒྱབ་ པ།

 
2016-01-14        གསར་འགྱུར་འབྱུང་ཁུངས། ཤིན་ཧྭ་དྲ་བ།        འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།

    གསར་འགོད་པས་བོད་ལྗོངས་ནག་ཆུ་ས་ཁུལ་ཨ་མདོ་རྫོང་སྲིད་གཞུང་ནས་ཤེས་རྟོགས་བྱུང་བར། སྤྱི་ཚེས་14ཉིན་གྱི་ཐོ་རེངས་སྐབས་ཨ་མདོ་རྫོང་ནང་ཁོངས་སུ་བརྒྱབ་པའི་ས་ཡོམ་རིམ་པ་5.3ཁྲོད་མི་སྣ་ཤི་རྨས་དང་རྒྱུ་ནོར་གྱོང་གུན་སྐོར་གྱི་སྙན་ཞུ་འབྱོར་མེད་པ་དང་། གནོད་འཚེའི་གནས་ཚུལ་སྔར་བཞིན་མུ་མཐུད་ཞིབ་བསྡུར་བྱེད་བཞིན་པའི་སྒང་རེད།

    ཨ་མདོ་རྫོང་སྲིད་གཞུང་གི་ལས་དོན་མི་སྣ་དབང་ཕྱུག་གིས་གསར་འགོད་པའི་ཁ་པར་བཅར་འདྲི་དང་ལེན་བྱེད་སྐབས། ས་ཡོམ་བརྒྱབ་དུས་རྫོང་གྲོང་གནས་ཡུལ་དུ་ཡོམ་ཚོར་དྲག་པོ་འདུག་ལ་མི་འགའ་ཤས་གཉིད་ཀྱང་སད་འདུག རྫོང་ཨུད་དང་རྫོང་སྲིད་གཞུང་གིས་ཤང་དང་གྲོང་རྡལ་ཁག་ལ་ཁ་པར་བརྒྱབ་སྟེ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ནས་གང་མགྱོགས་གནོད་འཚེའི་གནས་ཚུལ་ཞིབ་བསྡུར་བྱེད་དགོས་པའི་བླང་བྱ་བཏོན་ཞིང་། མིག་སྔར་མི་སྣ་ཤི་རྨས་དང་རྒྱུ་ནོར་གྱོང་གུན་སྐོར་གྱི་སྙན་ཞུ་འབྱོར་མེད་ལ་ཨ་མདོ་རྫོང་གྲོང་རྒྱུན་གཏན་ལྟར་ཡིན་པ་དང་། ས་གནས་དེ་གས་ལས་དོན་ཚོགས་ཆུང་རྐང་གཉིས་ཤང་སོགས་ཡོམ་ལྟེ་ཁུལ་དུ་མངགས་གཏོང་བྱས་ཡོད་ཅེས་བརྗོད།

    གསར་འགོད་པས་མཚོ་བོད་ལྕགས་ལམ་ཀུང་སི་ནས་ཤེས་རྟོགས་བྱུང་བར། མིག་སྔར་ཨ་མདོ་རྫོང་ནང་ཁོངས་སུ་མཚོ་བོད་ལྕགས་ལམ་རྒྱུན་གཏན་ལྟར་འཁོར་སྐྱོད་བྱེད་པ་དང་ཤུགས་རྐྱེན་ཐེབས་མེད་པ་རེད།

    རྒྱལ་ཁབ་ས་ཡོམ་ལས་ཁུངས་ཀྱི་དྲ་ཚིགས་ནས་ཚད་ལེན་གཏན་འཁེལ་བྱས་པར་གཞིགས་ན། པེ་ཅིང་དུས་ཚོད་ཟླ་1ཚེས་14ཉིན་གྱི་ཆུ་ཚོད་4དང་སྐར་མ་34ཐོག་བོད་ལྗོངས་ནག་ཆུ་ས་ཁུལ་གྱི་ཨ་མདོ་རྫོང་(འཕྲེད་ཐིག་བྱང་མའི་ཏུའུ་32.62དང་གཞུང་ཐིག་ཤར་མའི་ཏུའུ་91.67གྱི་བར་མཚམས)དུ་ས་ཡོམ་རིམ་པ་5.3བརྒྱབ་པ་དང་། ཡོམ་གནས་ཀྱི་གཏིང་ཚད་ཧ་ལམ་སྤྱི་ལེ་10ཡོད་པ་རེད།

མཛའ་འབྲེལ་དྲ་བ།
010020070840000000000000011100001350089491