གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
  • ༄༅།། དུས་ ཆེན་ གཉིས འཆར་ ཉེའི་ སྐབས་ སུ་ བོད་ ལྗོངས་ མཐའ་ མཚམས་ ནས་ འགྲོ་ འོང་ བྱེད་ དོན་ ཞིབ་ བཤེར་ རིམས་ བཤེར་ ཅུས་ ཀྱིས་ འཕྲོད་ བསྟེན་ རིམས་ བཤེར་ དང་ བཟའ་ བཅའི་ བདེ་ འཇགས་ ལས་ དོན་ བཀོད་ སྒྲིག་ བྱས་ པ།

 
2016-01-27        གསར་འགྱུར་འབྱུང་ཁུངས།        འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།

    ཀྲུང་གོའི་བོད་ལྗོངས་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། 2016ལོའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་འཆར་ལ་ཉེ་བ་དང་། དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་རིང་བོད་རང་སྐྱོང་ལྗོངས་ཀྱི་འགག་སྒོ་ཁག་གི་འཕྲོད་བསྟེན་རིམས་བཤེར་ལས་དོན་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ནས་རིམས་ནད་འགོ་མཆེད་སྔོན་འགོག་ནན་པོ་དང་། ནང་འདྲེན་བཟའ་བཅའི་བདེ་འཇགས་ཐད་ཀྱི་དོན་རྐྱེན་ཆེན་པོ་སྔོན་འགོག་ནན་པོ། བོད་རང་སྐྱོང་ལྗོངས་ཀྱི་མི་དམངས་མང་ཚོགས་ཀྱིས་སྤྲོ་སྐྱིད་ཀྱི་དུས་ཆེན་ཞིག་གཏོང་ཐུབ་པ་བཅས་བྱ་ཆེད། ཟླ་1ཚེས་24ཉིན་བོད་ལྗོངས་མཐའ་མཚམས་ནས་འགྲོ་འོང་བྱེད་དོན་ཞིབ་བཤེར་རིམས་བཤེར་ཅུས་ཀྱིས“དུས་ཆེན་ཆེ་གྲས་གཉིས”རིང་འཕྲོད་བསྟེན་རིམས་བཤེར་དང་བཟའ་བཅའི་བདེ་འཇགས་ལས་དོན་ཐད་བཀོད་སྒྲིག་བྱས་པ་རེད།

    བོད་ལྗོངས་མཐའ་མཚམས་ནས་འགྲོ་འོང་བྱེད་དོན་ཞིབ་བཤེར་རིམས་བཤེར་ཅུས་ཀྱིས་འགོ་ནད་གཙོ་བོའི་རིམས་ནད་སྔོན་འགོག་ལས་དོན་ཡག་པོར་བསྒྲུབས་ཏེ་ཨའེ་པོ་ལའི་ཁྲག་ཐོན་ཚ་ནད་དང་། དབུས་ཤར་གྱི་དབུགས་ལམ་ཕྱོགས་བསྡུས་ནད། རྐང་ལག་ཁ་གསུམ་གྱི་ན་ཚ། བསྐྱར་ལོག་ཚད་ནད་རིམས་ནད། རྒྱུངས་པའི་ནང་རིམ་སྐྱ་བོའི་གཉན་ཚད། འདར་ནད་སོགས་འགོ་ནད་སྔོན་འགོག་དང་ཚོད་འཛིན་ལས་ཀ་ཡག་པོ་བསྒྲུབ་རྒྱུ་རེད། འགག་སྒོའི་འཐབ་ཕྱོགས་དང་པོའི་ལས་སྒྲུབ་མི་སྣའི་མི་སྒེར་གྱི་འགོག་སྲུང་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་། ལས་སྒྲུབ་མི་སྣའི་འགོག་སྲུང་འོས་འཚམ་མིན་པའམ་དུག་སེལ་ཐག་གཅོད་མཐིལ་ཕྱིན་མིན་པ་ལས་འགོ་ནད་གཏན་འགོག་བྱ་རྒྱུ་མ་ཟད། དངོས་ཟོག་དང་མི་སྣའི་འཕྲལ་སྡོམ་གསོག་འཇོག་ཡག་པོ་བྱས་ཏེ་ཆུ་ཚོད་24ཀྱི་རིང་ལས་རེས་སྡོད་བྱ་ཡོད་པ་བྱ་རྒྱུ་རེད།

    བོད་ལྗོངས་མཐའ་མཚམས་ནས་འགྲོ་འོང་བྱེད་དོན་ཞིབ་བཤེར་རིམས་བཤེར་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་བརྗོད་དོན། དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་རིང་འཕྲོད་བསྟེན་ཞིབ་བཤེར་དང་བཟའ་བཅའི་བདེ་འཇགས་ལ་འགན་ལེན་བྱ་རྒྱུ་དེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་དང་འབྲེལ་བ་ཡོད་ལ་སྤྱི་ཚོགས་བརྟན་ལྷིང་དང་ཞི་མཐུན་སྤྱི་ཚོགས་འཛུགས་སྐྱོང་གི་སྤྱི་ཡོངས་དང་ཡང་འབྲེལ་བ་ཡོད། འཕྲོད་བསྟེན་ཞིབ་བཤེར་དང་བཟའ་བཅའི་བདེ་འཇགས་ལྟ་སྡོམ་ལས་དོན་དེ་གནས་བབ་སྔར་བས་གལ་ཆེན་དུ་བཞག་ནས་དུས་ཆེན་རིང་གི་བདེ་འཇགས་ལྟ་སྡོམ་ལས་དོན་ལ་དམ་འཛིན་ནན་པོ་དང་། ཡག་པོ། ངོ་མ་བཅས་ཏན་ཏིག་བྱེད་དགོས།

    བྱེད་ཐབས་ཞིབ་ཕྲའི་སྐོར་གླེང་སྐབས་འགན་འཁུར་བ་དེས་འགོ་ནད་གཙོ་བོའི་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ཡག་པོ་བསྒྲུབས་ཏེ་ཨའེ་པོ་ལའི་ཁྲག་ཐོན་ཚ་ནད་དང་། དབུས་ཤར་གྱི་དབུགས་ལམ་ཕྱོགས་བསྡུས་ན་ཚ། རྐང་ལག་ཁ་གསུམ་གྱི་ན་ཚ། བསྐྱར་ལོག་ཚད་ནད་རིམས་ནད་སོགས་འགོ་ནད་སྔོན་འགོག་དང་ཚོད་འཛིན་ལས་ཀ་ཡག་པོ་བསྒྲུབ་རྒྱུ་ཡིན། སྔོན་འགོག་དང་ཚོད་འཛིན་གྱི་བརྒྱུད་རིམ་དང་སྔོན་འགོག་དང་ཚོད་འཛིན་གྱི་བྱེད་ཐབས་གསེད་བཀྲོལ་ནན་པོ་བྱས་ཏེ་འགག་སྒོའི་བྱེད་ཐབས་དང་བླང་བྱ་ཁག་གནད་སར་དོན་འཁྱོལ་ཏན་ཏིག་བྱ་རྒྱུ་རེད། སྲིད་གཞུང་དང་། འགག་སྒོ་གཞུང་ལས་ཁང་། འཕྲོད་བསྟེན། དམངས་སྤྱོད་མཁའ་འགྲུལ། མཚོ་འགག མཐའ་མཚམས་ཞིབ་བཤེར་སོགས་མཉམ་འགོག་མཉམ་སྡོམ་གྱི་སྡེ་ཚན་བར་གཞོགས་འདེགས་དམ་ཟབ་བྱས་ཏེ་ལས་ཀའི་ཁུངས་འདེད་རང་བཞིན་ལ་འགན་ལེན་དང་མཐའ་མཚམས་ནས་འགྲོ་འོང་བྱེད་མཁན་འགྲུལ་པའི་འཁྱེར་དངོས་ཀྱི་རིམས་བཤེར་ཞིབ་བཤེར་ནན་པོ་བྱ་རྒྱུ་རེད། འགག་སྒོའི་འཐབ་ཕྱོགས་དང་པོའི་ལས་སྒྲུབ་མི་སྣའི་མི་སྒེར་འགོག་སྲུང་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་དངོས་ཟོག་དང་མི་སྣའི་འཕྲལ་སྡོམ་གསོག་འཇོག་ཡག་པོ་བྱས་ཏེ་ཆུ་ཚོད་24རིང་ལས་རེས་སྡོད་བྱ་ཡོད་པ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

    འགན་འཁུར་བ་དེས་ངོ་སྤྲོད་བྱས་པ་ལྟར་ན། དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་རིང་བོད་ལྗོངས་མཐའ་མཚམས་ནས་འགྲོ་འོང་བྱེད་དོན་ཞིབ་བཤེར་རིམས་བཤེར་ཅུས་ཀྱིས་བོད་རང་སྐྱོང་ལྗོངས་ཀྱི་འགག་སྒོ་ཁག་གི་ཉིང་རྡུལ་སྐྱེ་དངོས་རྫས་འགྱུར་གྱི་གནོད་ཅན་རྐྱེན་ཆ་ལྟ་སྐུལ་ཚད་ལེན་དང་ཆ་འཕྲིན་གོང་ཞུའི་ལས་དོན་ཡག་པོ་བསྒྲུབ་རྒྱུ་དང་། འགག་སྒོའི་ཉིང་རྡུལ་སྐྱེ་དངོས་རྫས་འགྱུར་གྱི་འཇིགས་སྐུལ་དང་འབྲེལ་བའི་ཐོལ་བྱུང་དོན་རྐྱེན་ལ་དུས་ཐོག་ཏུ་ཐག་གཅོད་བྱ་རྒྱུ་ཡིན་ཞིང་། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་རྒྱལ་སྤྱི་དང་རྒྱལ་ནང་གི་རིམས་ནད་གནས་ཚུལ་ལ་དོ་སྣང་དམ་ཟབ་བྱེད་པ་དང་། འབྲེལ་ཡོད་རིམས་ནད་ཀྱི་ཆ་འཕྲིན་འཚོལ་བསྡུ་དང་དུས་ཐོག་ཏུ་ཉེན་ཁ་ཞིབ་དཔྱད་བརྡར་གཅོད་བྱེད་པ། འགག་སྒོའི་འཕྲོད་བསྟེན་རིམས་བཤེར་ལ་ཤུགས་སྣོན་རྒྱག་པ། ཐོལ་བྱུང་གི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་དང་དེ་བཞིན་འཕྲལ་སྡོམ་ཇུས་གཞི་དོན་འཁྱོལ་བྱེད་པ། མཐའ་མཚམས་ནས་འགྲོ་འོང་བྱེད་མཁན་འགྲུལ་བའི་འཁྱེར་དངོས་དང་བསྐུར་མའི་ཞིབ་བཤེར་རིམས་བཤེར་གྱི་དྲིལ་བསྒྲགས་དང་འགག་སྒོ་སྲུང་བའི་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་པ།རིམས་ནད་འགོ་མཆེད་སྔོན་འགོག་ནན་པོ་བྱེད་པ་བཅས་བྱ་རྒྱུ་རེད།

    གཞན་ཡང་འཕྲོད་བསྟེན་གྱི་ཐག་གཅོད་བྱེད་ཤུགས་ཆེ་རུ་བཏང་ནས་རིམས་ནད་འགོས་པའམ་འགོས་པར་དོགས་པ་ཡོད་པའི་འགྲིམ་འགྲུལ་ཡོ་བྱད་དང་། ཚོང་ཟོག རྡོག་ཁྲེས། སྦྲག་དོ་བཅས་ལ་འབྲེལ་ཡོད་ཀྱི་ལག་རྩལ་ཚད་གཞི་ལྟར་དུག་སེལ་དང་གནོད་མེད་དུ་ཐག་གཅོད་བྱ་རྒྱུ་རེད། རིམས་བཤེར་མི་སྣའི་མི་སྒེར་འགོག་སྲུང་ལ་ཤུགས་སྣོན་བརྒྱབ་ནས་དོགས་གཞི་ཡོད་པའི་ནད་དཔེར་གྲལ་བཤེར་དང་ཐག་གཅོད་བྱེད་སྐབས་འགག་སྒོའི་དུག་སེལ་ཐག་གཅོད་ཀྱི་ལས་དོན་ནན་པོ་བསྒྲུབས་ཏེ་གཏན་འབེབས་ལྟར་མི་སྣ་ཁག་གི་འགོག་སྲུང་ཡག་པོ་བྱེད་པ་དང་ལས་སྒྲུབ་མི་སྣར་འགོ་རྒྱུ་སྔོན་འགོག་བྱེད་དགོས་པ་མ་ཟད། འཕྲལ་སྡོམ་གྲ་སྒྲིག་ལས་དོན་སྒྲིག་འཛུགས་ཡག་པོ་བྱས་ནས་ཐོལ་བྱུང་དོན་རྐྱེན་ལ་འཕྲལ་སྡོམ་ཁ་གཏད་གཅོག་པ་དང་ཐག་གཅོད་མྱུར་པོ་བྱེད་ནུས་ཆེ་རུ་གཏོང་དགོས།

    འདི་ལོའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་རིང་འགྲོ་འོང་བྱེད་མཁན་མང་བ་དང་མཐའ་མཚམས་མི་སེར་གྱི་ཚོང་འབྲེལ་རྣམ་པའི་ཐོག་ནས་མངའ་ཁོངས་སུ་ནང་འདྲེན་བྱེད་པའི་ཕྱི་རྒྱལ་གྱི་བཟའ་བཅའ་མང་དུ་འགྲོ་བ་ནི་ནང་འདྲེན་བཟའ་བཅའི་ཐད་ཀྱི་བདེ་འཇགས་གཅིག་སྡུད་དང་གནས་ཚུལ་ཐོན་པའི་དུས་སྐབས་ཤིག་རེད།“དུས་ཆེན་ཆེ་གྲས་གཉིས”རིང་བོད་ལྗོངས་མཐའ་མཚམས་ནས་འགྲོ་འོང་བྱེད་དོན་ཞིབ་བཤེར་རིམས་བཤེར་ཅུས་ཀྱིས་འགག་སྒོའི་བཟའ་བཅའི་འཕྲོད་བསྟེན་ལྟ་སྡོམ་དོ་དམ་ལས་དོན་ཡག་པོ་བསྒྲུབས་ནས་རྫུན་རྫུས་ཞན་གསུམ་དང་ཚད་གཞི་མི་ལོན་པའི་བཟའ་བཅའ་འགག་སྒོར་ཁྱབ་རྒྱུ་གཏན་འགོག་བྱས་ཏེ་འགག་སྒོའི་བཟའ་བཅའི་ཁྲོམ་རའི་ཁོར་ཡུག་གཙང་མ་བཟོས་ནས་འགག་སྒོའི་བཟའ་བཅའི་བདེ་འཇགས་འགན་ལེན་ཏན་ཏིག་བྱེད་དགོས།

    དེར་བརྟེན་བོད་ལྗོངས་མཐའ་མཚམས་ནས་འགྲོ་འོང་བྱེད་དོན་ཞིབ་བཤེར་རིམས་བཤེར་ཅུས་ཀྱིས་བོད་རང་སྐྱོང་ལྗོངས་ཀྱི་འགག་སྒོའི་ཡན་ལག་སྒྲིག་གཞི་ཁག་ལ་ཆུ་ཚོད་24རིང་གི་སྡོད་བྱའི་ལམ་ལུགས་དང་འགོ་ཁྲིད་ཀྱི་སྣེ་ཁྲིད་ལམ་ལུགས་དོན་འཁྱོལ་ནན་ཏན་བྱས་ནས་ནང་འདྲེན་བྱས་པའི་བཟའ་བཅའི་བདེ་འཇགས་ཀྱི་ལས་འཛོལ་འཕྲལ་སྡོམ་མཉམ་འགུལ་ལམ་སྲོལ་དོན་འཁྱོལ་ཏན་ཏིག་བྱེད་པ་དང་། ནང་འདྲེན་བཟའ་བཅའི་བདེ་འཇགས་ལས་འཛོལ་གྱི་འཕྲལ་སྡོམ་སྔོན་ཇུས་དོན་འཁྱོལ་ཏན་ཏིག་བྱས་ནས་དོན་རྐྱེན་ཚབས་ཆེན་དང་གནས་ཚུལ་ཚབས་ཆེན་དག་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་འབྲེལ་ཡོད་གཏན་འབེབས་དང་གོ་རིམ་གཞིར་བཟུང་དུས་ཐོག་ཏུ་སྙན་སེང་ཞུ་བ་མ་ཟད་བྱ་ཐབས་ནུས་ལྡན་སྤྱད་དེ་ཁ་གཏད་ཧུར་ཐག་གཅོག་པ་དང་ཐག་གཅོད་ནུས་ལྡན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

མཛའ་འབྲེལ་དྲ་བ།
010020070840000000000000011100001350494551