གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
  • ༄༅།། བོད་ ལྗོངས་ མངའ་ རིས་ ཀྱི་ རྫོང་ གསུམ་ གྱི་ ཆན་ ཕུའུ་ 110ཟིན་ པའི་ གློག་ སྐྱེལ་ གློག་ སྒྱུར་ ལས་ གྲྭས་ གློག་ གཏོང་ འགོ་ ཚུགས་ པ།

 
2016-01-27        གསར་འགྱུར་འབྱུང་ཁུངས། མི་དམངས་ཉིན་རེའི་ཚགས་པར།        འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།

    འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཀྲུང་གོ་བོད་ལྗོངས་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་1ཚེས་24ཉིན་ལྕགས་ཀྱི་མཆོད་རྟེན་སྟར་པ་རེ་རེ་བཞིན་འཛམ་གླིང་ཡང་རྩེར་འགྱིང་ངེར་གནས་པ་དང་། གློག་སྐུད་མང་དག་ཅིག་རྒྱང་རིང་དུ་འཁྲིད་པ། གློག་སྐུད་དེ་དག་བོད་ལྗོངས་མངའ་རིས་ཀྱི་རྫོང་གསུམ་གྱི་ཞིང་འབྲོག་མང་ཚོགས་ཀྱི་སེམས་སྦྲེལ་ནས་ཡོད། ཉིན་ཤས་གོང་མངའ་རིས་ས་ཁུལ་གྱི་སེང་གེ་ཁ་འབབ་ནས་རྩ་མདའ་དང་། དགེ་རྒྱས། རུ་ཐོག་བཅས་རྫོང་གསུམ་བར་གྱི་ཆན་ཕུའུ་110ཟིན་པའི་གློག་སྐྱེལ་གློག་སྒྱུར་ལས་གྲྭས་སྔ་རྗེས་སུ་གློག་གཏོང་འགོ་བཙུགས་པ་དེ་ཐོག་ནས་མངའ་རིས་ཀྱི་གློག་དྲ་དེ་ཉིད་ཆན་ཕུའུ་35ཡི་གློག་གནོན་རིམ་པ་ནས་ཆན་ཕུའུ་110ཡི་བར་དུ་མཆོང་སྐྱོད་གསར་པ་བྱུང་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལྗོངས་མངའ་རིས་ཀྱི་རྫོང་གསུམ་གྱི་ཆན་ཕུའུ་110ཟིན་པའི་གློག་སྐྱེལ་གློག་སྒྱུར་ལས་གྲྭར་ཁྱོན་མ་དངུལ་སྒོར་དུང་ཕྱུར་5.6བཏང་བ་དང་། དུས་ཚོད་ཟླ་21འགོར་བ། གློག་སྒྱུར་ཤོང་འབོར་ཁྱོན་ཆན་ཕུའུ་ཨན་24000ཟིན་པ། གློག་ལམ་རིང་ཚད་སྤྱི་ལེ་468ཟིན་ཡོད་པ་རེད། ལས་གྲྭ་བདེ་བླག་ངང་སྤྱོད་འགོ་བཙུགས་པ་དེས་མངའ་རིས་ས་ཁུལ་དུ་ཆན་ཕུའུ་110ཟིན་པའི་སེང་གེ་ཁ་འབབ་ཀྱི་གནོན་འཕར་ས་ཚིགས་དེ་ལྟེ་བའི་ས་ཚིགས་སུ་གྱུར་པ་དང་ཆབས་ཅིག་རྩ་མདའ་དང་། དགེ་རྒྱས། རུ་ཐོག་བཅས་རྫོང་གསུམ་གྱི་ཆན་ཕུའུ་110ཟིན་པའི་དྲ་སྒྲོམ་གཙོ་བོ་དང་སྦྲེལ་ནས་ས་ཁུལ་དེའི་དུས་ཡུན་རིང་བའི་ཆན་ཕུའུ་35ཡི་དྲ་སྒྲོམ་གཙོ་བོའི་ལོ་རྒྱུས་མཇུག་འགྲིལ་བ་དང་ས་ཁུལ་དེའི་གློག་ཤུགས་སྤྲོད་མཁོའི་འགལ་བ་ཆུང་དུ་སོང་ཡོད།དེར་གློག་དྲའི་གྲུབ་ཆ་ལེགས་སུ་གཏོང་རྒྱུ་དང་། གློག་འདོན་བདེ་འཇགས་ཀྱི་བློས་འགེལ་རང་བཞིན་དང་གློག་སྤྱོད་སྤུས་ཚད་ལེགས་སུ་གཏོང་རྒྱུ། ས་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་རྒྱུ་བཅས་ཀྱི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད།

མཛའ་འབྲེལ་དྲ་བ།
010020070840000000000000011100001350495401