གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
  • ༄༅།། འདི་ ལོ་ བོད་ དུ་ གྲོང་ གསེབ་ ཀྱི་ སློབ་ འབྲིང་ ཚན་ རྩལ་ ཁང་ ཡོངས་ སུ་ ཁེབས་ རྒྱུ་ ཡིན་ པ།

 
2016-01-27        གསར་འགྱུར་འབྱུང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།        འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་1ཚེས་22ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་བོད་རང་སྐྱོང་ལྗོངས་ཚན་རྩལ་མཐུན་ཚོགས་ནས་ཤེས་རྟོགས་བྱུང་བར། བོད་ཀྱིས་2016ལོའི་ལོ་མཇུག་གོང་དུ་རྫོང(ཆུས)74རུ“གྲོང་གསེབ་ཀྱི་སློབ་འབྲིང་ཚན་རྩལ་ཁང”ཡོངས་སུ་ཁེབས་པ་བྱ་རྒྱུ་དང་འབྲེལ་ཚན་རིག་ཁྱབ་གདལ་ཐོན་ཁུངས་དག་གྲོང་གསེབ་ཀྱི་སློབ་འབྲིང་ནས་མཐའ་འཁོར་གྱི་ཤང(གྲོང་རྡལ)དུ་ཁྱབ་འགྱེད་འགྲོ་བའི་རྣམ་པ་ཞིག་ཀྱང་ཆགས་པ་བྱ་རྒྱུ་རེད། བྱ་སྤྱོད་དེ་ལས་གྲོང་གསེབ་ཀྱི་ཚན་རིག་ཁྱབ་གདལ་གྱི་སྤྱི་པའི་ཞབས་ཞུའི་ནུས་པ་སྔར་བས་ཆེ་རུ་གཏོང་རྒྱུ་དང་། ཚན་རིག་ཁྱབ་གདལ་ཐོན་ཁུངས་ཆ་སྙོམས་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ། གྲོང་གསེབ་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་བྱང་ཚད་རྒྱུན་ཆད་མེད་་

    པར་མཐོ་རུ་གཏོང་རྒྱུ་བཅས་ཀྱི་ཐད་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་ཞིག་ཐོན་རྒྱུ་རེད།

    བོད་རང་སྐྱོང་ལྗོངས་ཚན་རྩལ་མཐུན་ཚོགས་ཀྱི་སྐྲ་བཟང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ཀྲུང་གོའི་ཚན་རྩལ་མཐུན་ཚོགས་ཀྱི“གྲོང་གསེབ་ཀྱི་སློབ་འབྲིང་ཚན་རྩལ་ཁང་གི་སྤྱི་ཕན་རྣམ་གྲངས”ཁྲོད“རྒྱལ་ཡོངས་དང་ལྷག་པར་དུ་དབུས་ནུབ་ས་ཁུལ་ལ་དམིགས་ནས་གྲོང་གསེབ་ཀྱི་སློབ་འབྲིང་ཚན་རྩལ་ཁང་གྲབས་འཛུགས་བྱེད་དགོས་པའི”བླང་བྱ་གཞིར་བཟུང་བོད་ཀྱི“གྲོང་གསེབ་ཀྱི་སློབ་འབྲིང་ཚན་རྩལ་ཁང་གི་སྤྱི་ཕན་རྣམ་གྲངས”2014ལོར་ལག་བསྟར་བྱེད་འགོ་བཙུགས་ཤིང་། ལོ་གཉིས་རིང“གྲོང་གསེབ་ཀྱི་སློབ་འབྲིང་ཚན་རྩལ་ཁང”58བསྐྲུན་པ་མ་ཟད།ད་དུང་བོད་སྐྱོར་མ་དངུལ་སྤྱད་དེ་ལྷ་ས་དང་ཆབ་མདོ་ཕུད་པའི་ས་ཁུལ་དང་གྲོང་ཁྱེར་གཞན་དག་5ལ་སྐོར་སྐྱོད་ཚན་རྩལ་ཁང་ཉོ་སྒྲུབ་སྒྲིག་སྦྱོར་བྱས་ཏེ་ཞིང་འབྲོག་ཁུལ་དུ་ཚན་རྩལ་ཤེས་བྱ་ཁྱབ་སྤེལ་གཏོང་ཕྱིར་འགན་ལེན་བྱེད་སྟངས་གསར་པ་ཞིག་མཁོ་འདོན་བྱས་པ་དང་ཚན་རྩལ་ཐད་ཀྱི་གཞོན་ནུ་ལོ་ཆུང་གི་སྤྲོ་སྣང་རབ་ཏུ་འཕེལ་བར་བྱས་ཡོད་པ་རེད།

    གསར་འགོད་པས་ཤེས་རྟོགས་བྱུང་བར།“གྲོང་གསེབ་ཀྱི་སློབ་འབྲིང་ཚན་རྩལ་ཁང”རེར་མ་དངུལ་སྒོར་ཁྲི་20བཏང་བ་དང་གྲོང་གསེབ་ཀྱི་སློབ་འབྲིང་གི་ད་ཡོད་ར་བའི་ཆ་རྐྱེན་བེད་སྤྱོད་བྱས་པའི་རྨང་གཞིའི་ཐོག་ཧ་ལམ་དཔེ་དེབ་1000ཡོད་པའི་ཚན་རིག་ཁྱབ་གདལ་དཔེ་དེབ་ལྟ་ཀློག་སྟེགས་བུ་དང་། ཚན་རིག་ཁྱབ་གདལ་འགྲེམས་རྫས། གྲངས་འཛིན་ཚན་རྩལ་ཁང་། སློབ་མའི་ཚན་རྩལ་གསར་གཏོད་བརྩམས་ཆོས། བརྒྱུད་ལམ་སྣེ་མང་ཡོ་བྱད་སོགས་སྒྲིག་སྦྱོར་དང་བཀོད་སྒྲིག་བྱས་ཡོད་པ་རེད།

    བོད་རང་སྐྱོང་ལྗོངས་ཚན་རྩལ་ཆ་འཕྲིན་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་གཞོན་པ་ཚེ་རིང་ནོར་བུས་ཉེ་བའི་ལོ་ཤས་རིང་བོད་ཀྱི་ཚན་རྩལ་སྡེ་ཚན་གྱིས་ཐོན་ལས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པར་བྱས་པ་དང་ཚན་རྩལ་སྟོབས་ཤུགས་དེ་ས་གནས་དེ་གའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་ཁྲོད་ཀྱི“རོགས་སྐུལ་རོགས་ཡོ་བྱད”ལྟ་བུར་གྱུར་མོད། འོན་ཏེ་བོད་ཀྱི་ཚན་རྩལ་འཕེལ་རྒྱས་འགྲོ་ཚུལ་དེ་རྒྱལ་ཡོངས་དང་བསྡུར་ན་ཅུང་རྗེས་ལུས་ཐེབས་པས་འབྱུང་འགྱུར་ཚན་རྩལ་ལ་གཏོང་ཆ་གཏོང་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་ཞིང་འབྲོག་ཁུལ་དུ་ཚན་རྩལ་ཤེས་བྱ་ཁྱབ་སྤེལ་གཏོང་ཤུགས་ཆེ་རུ་གཏོང་དགོས་པའི་ངོས་འཛིན་བྱས་པ་རེད།

མཛའ་འབྲེལ་དྲ་བ།
010020070840000000000000011100001350496801